སྙིང་ཉེ་མ། ང་སྨྱོས་མེད།
འགོང་གཟུགས་ཀྱིས་དཔྱངས་པའི་སེམས
སྲེད་པའི་འགྲམ་ལྕགས་གཟེད་དུས
ཟླ་ངོགས་ཀྱི་མཚན་མོ ཁེར་རྐྱང་གི་བསྡུས་འགྱུར
ཁུ་བ་འབྱིན་སྟངས་ཤིག་གིས
རིགས་རུས་མི་སྤེལ་བས་རང་ཚུགས་སྤོམས་པོ
གསང་བའི་དུར་ས་ན འཇིག་རྟེན་གྱི་མི
བུད་མེད་བོར་བའི་གནའ་ཤུལ་དུ
ཡུན་རིང་གྱར་བས་སྣང་བ་སྨྱོས་ཀྱང་
མགོ་བོ་ས་ལ་མ་གདབས་པའི་ཉེས་མིག་ནག་པོ
དཀར་གསལ་བཞིན་རས་ཀྱི་ཐིགས་པ
སྔས་སྟེང་དུ་མ་ཟེགས་གོང་
ཁྱེད་རང་མི་བརྗེད་པའི་གསང་སྤས་གཏེར་རྙིང་
ཤི་གསོན་འཐབ་པའི་བཙོན་ར་ལ་འཚུད་རྗེས
ང་རང་དགོས་པའི་འཆི་བ
མི་རྟག་པའི་སྣང་རིས་འཇའ་གུར་ཁྲོད་གཏོང་འོས་ཀྱང་
བསམ་མེད་ཀྱི་ངར་སྐད་ཕྲ་མོ
མི་ཤེས་ཚོར་ནག་གི་སྡོང་གཟུགས་སྐམ་པོ
འཇིག་རྟེན་ཐེད་པོ་ཞིག་གིས རང་ཉིད་དེ
བོད་ཟིན་པའི་མི་ལུས་ལ་བསྐྱེལ་མ་མ་ཐུབ
ད་དུང་ དགུན་ཁ་མ་སླེབས
སྟོན་མཇུག་མ་རྫོགས་པར སེར་ཐིགས་ལྷུང་བ་དག
མྱ་ངན་མཚོན་པའི་ལག་སྐྱེས་ཡིན སྙིང་ཉེ་མ
འདི་ལྟར་གསོན་པའི་ང་རང་
ནམ་ཡང་མི་དབང་བའི་ཁྱེད་རང་ལ་དགའ