མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚང་གི་༧གོང་ས་མཆོག་མེད་དུས་ག་རེ་བྱེད་སྲིད་ངེས།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་ཟླ་བ་ཚེ་རིང་ལགས། ཁྱེད་ཀྱིས་བསམ་ཚུལ་དེ་བཞིན་དུ་ངས་ཀྱང་རྒྱུན་རིང་དུ་བསམ་གཞིགས་སྣ་ཚོགས་བྱེད་མྱོང་བ་ཡོད་ལ་དེའི་ཐད་དུ་ངས་བསམ་བློ་ལོ་མང་བོ་ཞིག་གི་རིང་དུ་གཏོང་མྱོང་ཡོད་ལ། བོད་པ་ཚང་གི་༧གོང་ས་མཆོག་མེད་དུས་སུ་ག་རེ་བྱེད་སྲིད་ངེས་རེད་ཟེར་ནས་ང་རང་གི་མཐའ་བསྐོར་གྱི་མི་མང་བོ་གླེང་མོལ་ཡང་བྱེད་མྱོང་ཡོད། དེ་དུས་ཟེར་བ་ནི་མི་མང་བོ་ཞིག་གིས་ལོ་ངོ་མང་བོ་ཞིག་གི་རྗེས་དང་ཡང་ན་དེ་ལ་བསམ་བློ་གཏོང་འདོད་མེད་མཁན་གྱི་བོད་ཀྱི་སྲིད་སྟེགས་སྟེང་གི་བོད་ཀྱི་སྲིད་དོན་པ་མང་བོ་ཞིག་གིས་རང་གི་ད་ལྟའི་གོ་མིང་དང་སྲིད་སྟེགས་ཀྱི་ལོ་གྲངས་དེ་ལྷག་བསམ་ལྡན་པའི་ལས་བྱེད་ཀྱི་མིང་འོག་ནས་རྫོགས་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ་རང་གི་ཁེ་ཕན་ལ་གནོད་པའི་སྐད་ཆ་གང་ཡང་བཤད་འདོད་མེད་པར་ཁ་རོག་གེར་འདུག་དོན་དེ་ནི་ཕྱོགས་གཞན་ཞིག་ནས་བོད་པ་ཚང་གི་མི་རྒྱུད་འདི་ལ་ད་དུང་ཡང་། ནད་ཚ་ཚབ་ཆེན་གཞན་ཞིག་ཡོད་པ་ནི་ཕྱོགས་རིས་་ཤིག་ཡོད་པ་དེ་རེད། ཕྱོགས་རིས་དེ་ཡང་སེར་མོ་པའི་སྡེ་ཁག་ན་གནས་ཡོད་ལ། ད་ལྟ་ཡང་སེར་མོ་པའི་སྡེ་ཁག་ན་མཁྲེགས་འཛིན་གྱི་ལྟ་བ་ཞིག་ལས་བདེན་དོན་ལ་ཁ་མི་་ཕྱོགས་པའི་སེར་མོ་བ་སྟོབས་ཤུགས་ཡོད་སྟབས་ཡིན་སྲིད་པ་ཡང་རེད། གང་ལྟར། ང་ཚོས་བོད་པ་ཚང་གི་༧གོང་ས་མཆོག་གི་སྐུ་ཞིང་གཞན་དུ་མ་ཕེབས་པར་དུ་རང་གི་གོ་གནས་སྲུང་བྱེད་དང་རང་ཉིད་ལ་རྒྱབ་རོགས་འཐིག་པོ་ཞིག་དགོས་ན་སེར་མོ་བའི་སྡེ་ལ་འཕོག་ཐུག་ཤོར་བས་སྐད་ཆ་བཤད་མི་རུང་བ་དེ་དག་ཆབ་སྲིད་སྟེགས་བུའི་སྟེང་གི་སྐུ་ངོ་རྒྱག་པ་དེ་ཚོས་གསལ་བོ་ཤེས་ཀྱི་ཡོད་ལ། རང་གི་བུ་རབས་ཚུ་རྒྱུད་དག་ཕྱི་རྒྱལ་ཁག་གི་སློབ་གྲར་བཏང་ནས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་སྤྱོང་དེ་བོད་རིགས་ལ་ཞབས་ཞུ་བྱེད་མཁན་གྱི་མི་སྣ་གང་ཡང་བྱེད་དུ་འཇུག་འདོད་མེད་པ་ནས་ཁེ་ཕན་ཡག་པོ་མེད་པ་དེ་ཡང་ཁོང་ཚོས་སྔ་ས་ནས་རྟོགས་ཚར་བ་རེད། དེ་མ་ཟད་བོད་དོན་ཟེར་བ་ནི་བོད་མིས་རང་གི་མཐུན་སྒྲིུལ་གྱི་ནུས་པ་དང་རང་རིགས་ཀྱི་ཤེས་ཡོན་ཡར་རྒྱས་དང་རང་གི་སྐད་ཡིག་རྒྱུན་འཛིན་བྱེད་ཐུབ་མིན་ལ་རེག་ལས་པ་དེ་ཡང་ཁོང་ཚོས་ནམ་རྒྱུན་དུ་ཚོགས་ཐོག་ནས་མི་དམངས་ལ་སྐྱོར་དགོས་པས་རྒྱུན་ལྡན་གྱི་རང་གི་ལས་ཀ་ལྟ་བུ་ཞིག་ལས། མི་རིགས་ཤིག་གནས་ཐུབ་མིན་གྱི་གནད་དོན་ལ་ཐུགས་ཡོད་མེད་སོགས་ལ་ཁོང་ཚོས་བསམ་བློ་ཞིབ་མོ་བཏང་མེད་སྟབས། དེ་རིང་གི་གནད་དོན་ཆེན་པོ་འདི་སླར་ཡང་༧གོང་ས་མཆོག བོད་ཀྱི་རྩ་བའི་བླ་མ། ས་ཡ་དྲུག་གི་ཡ་ཁོག་གི་སྙིང་གི་ནོར་བུས་འདིས་བོད་མིའི་བདེ་སྡུག་ལ་འགན་འཁུར་ནས་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས་བྱེད་དུ་བཅུགས་པ་དེ་ཡང་། ཁོང་ཚོས་སྣང་མེད་དུ་བཏང་པ་དེ་ནི་ཁོང་ཚོ་ལ་མཚོན་ནས་བཤད་ན་དེ་ནི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་ལས་གནས་ཚུལ་ཛ་དྲག་གང་ཡང་ཆགས་མེད་པ་རེད། ཛ་དྲག་ཞིག་ཆགས་ཡོད་པ་དེ་ནི་བོད་ནང་གི་བོད་མི་དག་གི་ཚེ་སྲོག་སླར་ཡང་རྒྱ་དམར་སྲིད་གཞུང་གི་མེ་མདའི་འོག་གནས་ཡོད་པ་དེ་ལ་བོད་བཙན་བྱོལ་གཞུང་གིས་གནད་དུ་འཁེལ་བས་བརྡ་ལན་ཞིག་དང་ཚེ་སྲོག་ལ་འགན་ལེན་བྱེད་ཐུབ་པས་བདེན་དོན་ཞིག་འཛམ་གླིང་གི་མི་དམངས་ལ་བསྒྲགས་མ་ཐུབ་པ་དེ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

མཆན། 13

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ངས་ཀྱང་ཁ་བརྡ་ནང་གི་བོད་པ་སྐེ་མེད་པའི་བསྐོར་དེ་བཀླགས་པ་ཡིན། ཁྱེད་རང་གི་དྲན་པ་ལྟར་མི་དེས་ཁྱེད་རང་གི་བསམ་བློ་གཡར་བ་ཡིན་ན་ཡང་མི་སྐྱོན། གང་ཡིན་ཟེར་ན། ངེད་ཅག་ལ་ཁྱེད་རང་གི་བསམ་ཚུལ་དེའི་སྟེང་ནས་གྲོས་མོལ་ཞིག་ཡོང་རྒྱུ་ནི་གལ་ཆེན་ཆགས་ཡོད་པ་ལས། མིང་དང་སྙན་གྲགས་ཐོབ་མིན་ལ་ཁྱེད་རང་གིས་ཀྱང་བལྟས་བསྡད་ཡོད་རྒྱུ་མ་རེད། དེ་ལྟར་མ་རེད་དམ། དུས་བབ་ཚང་ན་ཡང་གཡག་ལྡོམ་ཟེར་བ་ཞིག་ཡོད་པ་ཁྱེད་རང་གི་ཤེས་ཀྱི་ཨེ་ཡོད།

    Reply
  2. Crazy tiger says:
    ལོ་ 17 སྔོན།

    གཡག་ལྡོམ་མིང་གིས་དེ་རིང་ཁ་བརྡའི་ནང་བོད་པར་སྐེ་མེད་པའི་སྐོར་ཞིག་བྲིས་འདུག་ཀྱང་། བསམ་ཚུལ་དེའི་འབྱུང་ཁུངས་གོང་དུ་ངས་ཁྱེད་ལ་བཏབ་པའི་མཆན་བུ་དེ་ནས་རྙེད་པ་རེད་དྲན་སོང་། དེ་ལ་ཁྱད་གེ་མི་འདུག ཚོད་ཚོད་ལ་དྲིས་པ་ཡིན། འབྲེལ་བ་ཡོད་ན་མེད་ན་མི་སྐྱོན། ཁོས་དག་ཆ་གཙང་མ་བྲིས་མི་འདུག

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་རང་གིས་ང་ལ་དྲིས་པ་ཡིན་ན་དགོངས་དག ངས་གཡག་ལྡོམ་ངོ་ཤེས་ཀྱི་མེད་ལགས། གཡག་ལྡོམ་གྱིས་ཁྱེད་རང་ལ་བུ་ལོན་ཞིག་དགོས་ནི་མིན་ན། ཨ་ལ་ཀུ་རེ་ཡིན། གཡག་ལྡོམ་རྙེད་ན་ཁྱེད་རང་གིས་གཡག་ཤ་བརྒོ་བྱ་བྱེད་རྒྱུ་མ་བརྗེད།

    Reply
  4. Crazy tiger says:
    ལོ་ 17 སྔོན།

    ཁ་བརྡའི་ནང་གི་གཡག་ལྡོམ་ཨེ་ཤེས་སམ།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་རང་གི་བསམ་ཚུལ་དེ་འདྲ་ཡིན་ན། ཁྱེད་རང་གི་སྒེར་ངོས་ནས་བོད་ཀྱི་ལངས་ཕྱོགས་ལམ་དབུ་མ་བྱས་ན་ཡག་པོ་མཐོང་མཁན་དེ་ཡིན་ནམ། དབུ་མའི་ལམ། ཡང་ན་རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས། གང་ཞིག་ལ་མོས་པ་ཡོད་མཁན་གྱི་གྲངས་ཡིན། ཁྱེད་རང་གིས་བལྟས་ན་ཟམ་གདོང་རིན་པོ་ཆེ་ལ་དཀའ་ངལ་ཆེ་ཤོས་དེ་ག་རེ་འཕྲད་ཀྱི་ཡོད་པར་བསམ་བཞིན་ཡོད། ཁོང་ནི་སྐུ་ན་བགྲེས་པའི་བོད་ཀྱི་དབུ་ཁྲིད་དམ་སྲིད་འཛིན་མང་མོས་འོས་འདེམས་བྱས་པ་དེ་ཐོག་མ་དེ་ཆགས་ཡོད་དུས། ཁོང་ལ་དམིགས་གསལ་གྱི་འགན་རེ་ཡོད་པར་ངོས་འཛིན་བྱེད་ཀྱི་ཨེ་ཡོད།

    Reply
  6. Crazy tiger says:
    ལོ་ 17 སྔོན།

    ད་ལམ་ཟམ་གདོང་རིནཔོ་ཆེའི་བཀའ་སློབ་ཕྱི་གསལ་ནང་གསལ་གནང་འདུག་པས་སེམས་འགུལ་ཆེན་པོ་ཐེབས་སོང་། ཁོང་གི་སྐུ་པར་མཇལ་ནས་གདུང་སེམས་མཉམ་སྐྱེས་ཤིག་ཀྱང་རང་དབང་མེད་པར་སྐྱེས་སོང་། ཚོང་འབྲེལ་དང་དམག་ཤུགས་སོགས་ཀྱི་སྟོབས་ཤུགས་གང་ཡང་མེད་པར་རྒྱལ་ཁབ་ཅིག་གི་འགན་ལྷག་བསམ་རྣམ་དག་གིས་གནང་བཞིན་དབུ་ཁྲིད་བགྲེས་པོ་ཁོང་གི་ཞལ་རས་མཇལ་ནས་ང་ལ་རང་དབང་མེད་པར་སྐྱོ་སྣང་ཞིག་སྐྱེས་སོང་། དེ་བཞིན་ཁོང་གིས་བོད་ལ་མགོ་ལུས་གཉིས་ཀ་ཡོད་པ་ཆགས་པ་རེད་གསུངས་པའང་བདེན་པ་རེད། འོན་ཀྱང་བོད་རྒྱལ་ཁབ་ལ་མགོ་ལུས་གཉིས་བར་ན་མཐུད་བྱེད་སྐེ་ཡག་པོ་ཡོད་པ་མ་རེད། སྐེ་དེ་སུ་ཡིན་ཤེས་ཀྱི་ཡོད་ཤག

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་ཡིས་བོད་མི་ལ་འགོ་ལུས་གཉིས་ཀ་ཚང་ཡོད་ཟེར་བ་དེའི་ཐད་དུ་བསམ་ཚུལ་ག་རེ་ཡོད། ང་ཚོ་ལ་འགོ་ལུས་གཉིས་ཀ་ཚང་མཁན་དུ་གྱུར་ཡོད་དམ། བོད་པ་ཚང་གི་འགོ་ཁྲིད་ལས་བྱེད་དེ་དག་གིས་༧གོང་ས་མཆོག་གི་བཀའ་ལ་ཁ་ཡོད་ལག་ཡོད་བྱེད་ངེས་རེད་དམ། ཁྱེད་རང་གིས་བཀའ་ཤག་གིས་གཏམ་བཤད་དེ་ལ་ཡིད་ཆེས་བྱེད་ཐུབ་བམ། གང་ལྟར་ངེད་ཅག་གིས་༧གོང་ས་མཆོག་གིས་གང་གསུང་བའི་དབུ་མའི་ལམ་དེ་ལ་སྔོན་ཆད་བོད་མི་ཚང་གི་འགོ་ཁྲིད་ལས་བྱེད་ནས་དམངས་ཚོགས་དཀྱིས་མ་ཡོད་ཚད་ཀྱི་བཀའ་དང་དུ་ལངས་དེ་ཤར་བསྐྱོད་བྱེད་མྱོང་བར་ཡིད་ཆེས་ཡོད་དམ། ད་དུང་མུ་མཐུད་དུ་༧གོང་ས་མཆོག་གིས་གང་གསུང་བ་དེའི་ནང་ལྟར་བོད་པ་ཚང་ཤར་བསྐྱོད་བྱེད་སྲིད་དམ། ངས་བསམ་ན་ད་དུང་ཡང་བོད་པ་ཚང་གི་ལས་བྱེད་ནས་མི་མང་དཀྱིས་མ་བཅས་ཡོད་ཚད་སྔར་ལྟར་གཉིད་ནས་བསྡོད་འདོད་ལས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྒྲུབ་ངེས་པར་མཐོང་གི་མི་འདུག་ལ། བོད་པ་ཚང་གི་འགོ་བདེ་ཚོས་རང་རང་གི་ཁ་རྒྱབ་ལས་བོད་མི་རིགས་ཀྱི་འཆི་གསོན་ལ་འགན་ཆགས་པའི་ལས་ཀ་ཞིག་བྱེད་མི་ཐུབ་པ་ཐག་གཅོད་བྱས་ན་འགྲིག ལོ་ངོ་ལྔ་བཅུ་ནི་མི་ཞིག་གི་མི་ཚེ་ལ་ཆ་བཞག་ན་ཐུང་ཐུང་ཞིག་གཏན་ནས་ཆགས་མེད། ད་ནི་བོད་པ་བཙན་བྱོལ་ཚང་གི་སྐུ་ངོ་ཚོས་བོད་སྐད་མི་ཤེས་ཤིང་བོད་ཡིག་ལ་མཐོང་མི་སྤྲོད་པས་ཁོང་ཚོས་རྗེས་རབས་དག་གིས་བོད་དོན་ཞིག་བཤད་ཀྱང་དེ་ནི་སྙིང་བོ་གང་ཡང་མེད་པར་མཐོང་། བོད་སྐད་དང་བོད་ཡིག་མེད་པའི་བོད་དོན་ཞིག་བོད་ལ་དགོས་དོན་མེད་ལ། བོད་སྐད་དང་བོད་ཡིག་མི་ཤེས་པའི་བོད་པ་ཞིག་དེ་བས་ཀྱང་བོད་རིགས་སུ་བརྩི་ན་མི་འདོད། ནམ་ཞིག་་་་་
    དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་རང་གིས་བསམ་ཚུལ་བྱས་ན། བོད་པ་ཟེར་བ་དེ་ནི་ག་འདྲ་ཞིག་ཡིན་དགོས་ཀྱི་འདུག

    Reply
  8. Crazy tiger says:
    ལོ་ 17 སྔོན།

    ཉལ་མེད་དམ། དེ་རིང་དེ་འདྲ་ཞིག་མ་གཏོགས་དྲན་རྒྱུ་མི་འདུག དེ་གཅིག་པོ་མ་རེད། དེང་སང་དེ་འདྲ་ཞིག་མ་གཏོགས་ཡིད་ཆེས་བྱེད་ཕོད་ཀྱི་མི་འདུག

    Reply
  9. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས་ཁྱེད་རང་དེ་ལགས་ལྷག་ཞིག་ཡིད་ལ་ཤར་རྒྱུ་འདྲ་མི་འདུག་གམ། དེ་འདྲ་ཞིག་ལས་མེད་ན་བོད་པ་འདི་བ་ཚང་གི་ལས་འདི་དངོས་ནས་བཙོག་གི དེ་འདྲ་ཞིག་ཡིན་མི་སྲིད། གང་ཡིན་ཟེར་ན་ཤི་རན་པའི་བསམ་བློ་མང་བོ་ཞིག་ཤི་བཞིན་ཡོད་ལ་གསོན་དགོས་པ་མང་བོ་ཞིག་གསོན་བཞིན་ཡོད། གྲ་སྒྲིག་མ་ནོར་བ་རེ་དང་བསམ་བློ་མི་འདྲ་བ་རེའི་དབང་གིས་ང་ཚོ་ལ་༧གོང་ས་མཆོག་དུས་ཀྱི་ཉིན་མོ་གང་འདྲ་ཞིག་འབྱུང་སྲིད་མིན་ལ་ང་ཚོས་ད་ལྟ་ནས་ཚོད་དཔག་བྱེད་ཐབས་ཤིག་དངོས་ནས་ཡོད་རྒྱུ་རེད་དྲན་བཞིན་ཡོད་ན། ༧གོང་ས་མཆོག་སྐུ་མྱ་ངན་ལས་འདས་རྗེས་སུ་རྒྱ་བོད་བར་གྱི་གནད་དོན་དེ་ནི་ཞི་དྲག་གང་གི་ངོ་བོར་འགྱུར་སྲིད་པ་ཞིག་རེད། དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་རང་གིས་ག་རེ་བསམ་བཞིན་འདུག ཁྱེད་རང་གི་ཉེ་འཁོར་གྱི་མི་དེ་དག་གི་ཅི་ཟེར་བཞིན་འདུག རྣ་བ་གཏོད་ཨེ་མྱོང་།

    Reply
  10. Crazy tiger says:
    ལོ་ 17 སྔོན།

    གོང་ས་མཆོག་ཡོད་དུས་རྡ་རམ་ས་དང་བོད་གཞུང་དོན་གཅོད་ཁང་ཚོའི་ནང་དཔོན་པོ་བྱས་ནས་འདུག་གི་རེད། ༧རྒྱལ་བ་རིན་པོ་ཆེ་མེད་ན་ཨ་རིའི་མི་སེར་བྱས་ནས་འདུག་གི་རེད། བོད་རང་བཙན་ཡོད་དུས་ལྷ་སའི་སྐུ་དྲག་བྱས་ནས་བསྡད་པ་དང་། བོད་རང་བཙན་མེད་དུས་ཀ་རྡོར་སྒང་གསུམ་ལ་ཡོང་ནས་སྲས་ལགས་དང་སྲས་མོ་ལགས་ཀྱི་མིང་ཁྱེར་ནས་རང་ཁྱིམ་ཡར་རྒྱས་བཏང་ནས་བསྡད་པའི་སྐུ་དྲག་ཚོ་ལ་ལྟོས་དང་་་་་་་

    Reply
  11. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལགས་ཁ་པ་དཀར་པོ། ཁྱེད་རང་དུས་བབ་ཚང་གི་སྐུ་མགྲོན་གསར་བ་ཡིན་པ་མ་ཟད། ང་རང་གི་ཟིན་བྲིས་ནང་གི་སྐུ་མགྲོན་གསར་ཡིན་སྟབས། ངས་ཁྱེད་རང་ལ་ཐོག་མ་བོད་པ་ཚང་གི་སྲོལ་རྒྱུན་ལྟར་འདིར་ཕེབས་པར་དགའ་བསུ་ཞུ། དེ་ནས་ངས་ཁྱེད་རང་གི་མ་འོངས་ལུང་བསྟན་དེའི་བསྐོར་གོ་ནས་། ཡང་བསྐྱར་དེ་ལ་བཀའ་འདྲི་ཞིག་ཞུ་འདོད་བྱུང་སོང་། ཁྱེད་ཀྱིས་ལུང་བསྟན་དེའི་བཀག་སྲེལ་ཐབས་དང་ཡང་ན་དེ་འདྲ་ཞིག་མི་ཡོང་པའི་ཆེད་དུ་ང་རང་ཚོ་བོད་པ་ཚང་གི་མི་རབས་འདིས་བྱེད་ཐུབ་པའི་ལས་ཀ་དང་ད་ལྟ་ནས་འགོ་འཛུགས་དགོས་པའི་དོན་དག་གལ་ཆེན་གང་འདྲ་ཞིག་ཡོད་པར་གཟིགས་བཞིན་ཡོད། དེའི་ཐད་ཀྱི་བསམ་ཚུལ་རེ་བཀོད་ན་ག་འདྲ་འདུག བསམ་ཚུལ་འདི་འདྲ་ཡིན་ཟེར་བ་ཙམ་དང་ལུང་བསྟན་འདི་རེད་ཟེར་བ་ཙམ་ཞིག་མ་ཡིན་པར་ང་ཚོ་གངས་ཅན་བོད་པ་ཚང་གི་སྐྱིད་སྡུག་མཉམ་གནས་དང་འགན་འཁུར་མཉམ་ལེན། ལག་ལེན་དངོས་ཤིག་བྱེད་ཕྱོགས་འདི་རེད་ཟེར་བ་རེད་ཡོད་ན་གསུང་རོགས་ཞུ། ང་ཚོའི་མི་རབས་ཁ་ཕོ་རེ་བཤད་དེ་བསྡོད་པ་ལས་རང་རང་གི་ནུས་པའི་བྱ་བ་རེ་སྒྲུབ་ཕྱོགས་ཤིག་རྙེད་མིན་དང་ཆིག་སྒྲིལ་མིང་དོན་ཡོད་པ་ཞིག་བྱེད་ཕྱོགས་ལ་གོམ་པ་རྒྱག་ཐུབ་རེ་ཨེ་རེག་བལྟས་ན་ཡག་པོ་མ་རེད་དམ།

    Reply
  12. kawakarpo says:
    ལོ་ 17 སྔོན།

    དེ་ང་ཚོར་ཐུག་ཡོད་པ་རེད། མི་རབས་རྗེས་མའམ་ད་ལྟའི་གསར་བུ་གསར་མོ་ཚོར་རག་ལུས་པ་རེད། རྒྱལ་སྤྱིའི་སྟེང་གི་རྒྱབ་སྐྱོར་ཟེར་བའི་ཁ་ཆེ་རྒྱལ་པོའི་ན་བཟའ་རྒྱུ་སྤུས་ལེགས་ཀྱང་རིག་རྒྱུ་མེད་པ་འདི་དེ་དུས་གོང་ལ་འགྲོ་གི་མ་རེད། བོད་མི་ནག་ཅན་འགས་བོད་འདི་དཀྲུག་གི་རེད། གཙོ་བོ་ཆོས་ཕྱོགས་དང་དེ་ནས་སྲིད་ཕྱོགས་ནས་དཀྲུག་གི་རེད། དེ་ནས་ཆོལ་ཁ་དཀྲུག་གི་རེད། བསྐལ་པ་མེ་འཇིག་ཆུ་འཇིག་ལྟ་བུ་ཞིག་ཡོང་གི་རེད། ངས་མ་འོངས་ལུང་བསྟན་འདི་ཙམ་ལས་རྒྱག་མི་ཐུབ།

    Reply
  13. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ཁྱེད་ཅག་གིས་བལྟས་ན་ག་རེ་དགོངས་ཀྱི་འདུག ༧གོང་ས་མཆོག་མང་ན་ལོ་བརྒྱ་ལྷག་ལ་བཞུགས་སྲིད་ཀྱང་། ༧གོང་ས་མཆོག་ཁོང་སྐུ་སྒེར་ལ་ཡོད་པ་ནི་སྐུ་ཚེ་མཐའ་མཇུག་དུ་ནང་ཆོས་རྐྱང་བ་ལས་ཆབ་སྲིད་ལ་འགན་ལེན་བྱེད་འདོད་མེད་པས་བསྐཽར་གྱི་བཀའ་སློབ་ལོ་ངོ་མང་བོས་རིང་ནས་གསུང་མྱོང་ཡོད་ཡ་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese