དུངས་པ་ཕྱི་ལ་མ་ཕྱོགས།།
རང་སེམས་ནང་དུ་འཁོར་ནས།།
རང་གི་རིགས་རུས་འདི་ལ།།
སྙིང་གཏམ་བཤད་ན་འདོད་བྱུང་།།
བོད་
ལ་སྐྱེས་པའི་དོན་གོ།
བོད་མིས་བོད་དོན་བྱེད་དགོས།།
བོད་ཀྱི་བདེ་སྡུག་ཆེད་དུ།།
རང་གི་སྲོག་ཀྱང་གཏོང་འོས།།
སེར་སྐྱ་མཐོ་དམན་མེད་ལ།།
ཕོ་མོ་དབྱེ་བ་མེད་པར།།
བོད་དོན་སུ་ཡིས་འཇོན་ན།།
དེ་ལ་བརྩི་བཀུར་བྱེད་དགོས།།
མཁས་པས་རང་རློམ་མ་བྱེད།།
བླུན་པོ་ཨུ་ཚུགས་མ་ཆེ།།
བོད་ཀྱི་ལས་དབང་གླེང་བར།།
ཚང་མས་འགན་ཞིག་ལེན་རོགས།།
སེམས་ལ་ཕྱི་ནང་ཡོད་དགོས།།
བོད་ལ་རྒྱལ་ཞེན་ཡོད་དགོས།།
བོད་མིས་བོད་དོན་བྱེད་ལ།།
ནམ་ཡང་ཕྱི་ནུར་མི་རུང་།།
བོད་སྐད་བོད་མིས་བཤད་དགོས།།
བོད་ཡིག་བོད་མིས་འབྲི་དགོས།།
བོད་དོན་བོད་མིས་གླེང་དགོས།།
ད་གཟོད་བོད་མིར་རེ་ཆེ།།
སེམས་ཀྱི་ཕྱི་ནང་ཤེས་ན།།
རང་གི་རིགས་རུས་ཤེས་ཡོང།།
རིགས་རུས་ཤེས་པའི་མི་རིགས།།
ནམ་ཡང་ཡར་རྒྱས་ཡོད་དོ།། |