ཁ་ཐབས་འཚོ་བ་སྐྱོ་བ་བདེན་ན་ཡང་།།
ཁ་རྒྱབ་དོན་དུ་འཚོ་བ་བསྐྱེལ་ཐུབ་ཙམ།།
ཁ་སོ་མགོ་ཐོག་ཚང་མས་འཇོན་ནི་རེད།།
ཁ་བ་གངས་ཅན་ཚང་གི་ལས་དབང་ལ།།
ཁ་ཞེ་གཉིས་མེད་བྱེད་མཁན་ཉུང་འདི་སྡུག།
ཁ་ནས་གང་འདོད་སེམས་ལ་ཅི་ཡང་སོགས།།
ཁ་རྒྱག་རྣམ་པས་བཤད་པ་མང་མེད་ཀྱང་།།
ཁ་ཆུང་ཉུང་བས་དོན་དག་ལྷག་མེད་པས།།
ཁ་བ་བོད་པ་ཚང་གི་སྐྱིད་སྡུག་ལ།།
ཁ་ཁོག་མེད་པར་བརྩོན་མཁན་དཀོན་འདི་འཕོངས།།
ཁ་བས་ཡུལ་ནས་ཡོང་བའི་དུས་དེར་ལ།།
ཁ་བ་རི་བོའི་དོན་ཞིག་བྱེད་ཐུབ་པར།།
ཁ་ཚིགས་གཏམ་གྱི་བདེན་པ་སྙིང་བཅིངས་ནས།།
ཁ་བས་ཡུལ་དང་གྱེས་པ་བདེན་ན་ཡང་།།
ཁ་སང་དེ་རིང་སེམས་གཤིས་འགྱུར་འདི་སྐྱོ།།