ལོ་འདི་ནི་ཉེས་མེད་དམར་གསོད་ལོ།།
ལོ་འདི་ནི་བོད་ཀྱི་ཉམ་མྱོང་ལོ།།
ལོ་འདི་ནི་རྒྱ་དམར་སྨྱོ་བས་ལོ།།
ལོ་འདི་ནི་མུག་ཤི་ཐེབས་པས་ལོ།།
ལོ་འདི་ནི་དམྱལ་བ་མྱོང་བས་ལོ།།
ལོ་འདི་ནི་དབའ་རྟུལ་མང་བས་ལོ།།
ལོ་འདི་ནི་གཟིམ་མེད་སྒྲོན་མེ་ལོ།།
ལོ་འདི་ནི་འཆི་མེད་བདེན་གྱི་ལོ།།
ལོ་འདི་ནི་མང་གཙོ་དོན་གཉེར་ལོ།།
ལོ་འདི་ནི་བོད་མིས་ཆིག་སྒྲིལ་ལོ།།
ལོ་འདི་ནི་བུད་མེད་ཡུག་ས་ལོ།།
ལོ་འདི་ནི་བྱིས་པ་ད་ཕྲུག་ལོ།།
ལོ་འདི་ནི་རྒན་རྒོན་སྡུག་བསྔལ་ལོ།།
ལོ་འདི་ནི་སྟག་ཤར་མཆོང་བས་ལོ།།
ལོ་འདི་ནི་བཙུན་པས་དགེ་སྒྲུབ་ལོ།།
ལོ་འདི་ནི་སློབ་མས་སེམས་ཤུགས་ལོ།།
ལོ་འདི་ནི་ཆབ་སྲིད་འཁྲབ་པས་ལོ།།
ལོ་འདི་ནི་བོད་དོན་བསྒྲགས་པས་ལོ།།
ལོ་འདི་ནི་ཁྲག་དམར་གཞུར་བས་ལོ།།
ལོ་འདི་ནི་བཙོན་པ་མང་བས་ལོ།།
ལོ་འདི་ནི་ནམ་ཡང་བརྗེད་མེད་ལོ།།
དྲ་གྲོགས་དབྱིན་མིང་ཅན་པོ། ཁྱེད་རང་གི་བསམ་ཚུལ་ག་རེ་བྲིས་ཡོད་མེད་མི་ཤེས་ཀི གང་ཡིན་ཟེར་ན་ཡིག་གཟུགས་འགྱུར་འདུག་ལགས། ཡིན་ཡང་། ཁྱེད་རང་དྲ་གྲོགས་གསར་བ་ཞིག་རེད་འདུག་ལ། ང་རང་གི་སྐུ་མགྲོན་དུ་ཕེབས་པར་དགའ་བསུ་ཞུ། རྗེས་སུ་ཡིག་གཟུགས་ལ་འགྱུར་བ་བཏང་ཚར་ན། བསྐྱར་དུ་ཕེབས་ཤོག