ངས་སྐད་ཆ་ཞིག་གོ་སོང་། དེ་ནི་དངོས་ནས་སྟག་ཤར་བ་ཞིག་གི་སྐད་ཆ་ཡིན་མིན་ཡང་གློ་བུར་དུ་དོགས་པ་སྐྱེས་སོང་། ཡིན་ཡང་། རྗེས་སུ་བསམ་བློ་ཞིབ་དུ་བཏང་དུས་བུད་མེད་ཀྱི་གཉའ་གནོན་སླེབས་པས་སྐད་ཆ་ཞིག་ལས་ཁོ་རང་གི་སྐད་ཆ་དངོས་དེ་མ་ཡིན་པ་ཤེས་སོང་། བུད་མེད་ཟེར་བ་འདི་ནི་མཚམས་རེར་དངོས་ནས་ཁྲོ་ཐུང་དང་བསམ་བློ་ཕུ་ཐག་ཐུང་ཐུང་། རང་གི་འཚོ་བ་ཙམ་ལས་མི་གཞན་གྱི་འཚོ་བ་ལ་བསམ་ཤེས་བྱེད་མི་ཐུབ་མཁན་ཞིག་ཡིན་སྟབས། སྐབས་རེར་ཕོ་གསར་འདི་ཚོ་བུད་མེད་ཀྱི་གཉའ་གནོན་འོག་ནས་རང་ཚུགས་མེད་པར་གྱུར་བཞིན་ཡོད། འོན་ཀྱང་། དུས་རྟག་དུ་རང་ཚུགས་ཡོད་ན་ཡང་འཚོ་བ་སྐྱོང་དགོས་དུས་སུ། བུད་མེད་ལ་མ་བརྟེན་ཐབས་མེད་ཆགས་དུས་སུ། ཕོ་གསར་ཚོས་རང་རང་གི་རང་ཚུགས་དེ་ཡང་དེ་མཉམ་དུ་ཤོར་འགྲོ་བཞིན་པ་ཤེས་ཐུབ་ཀྱི་མེད་སྟབས། བུད་མེད་དེ་ཚོའི་རིགས་ཀྱི་དབང་འོག་ནས་མི་ཚེ་བསྐྱེལ་དགོས་བྱུང་ན་ནི། ཕོ་གསར་ཟེར་བ་འདིའི་རང་ཉིད་ཀྱི་ཕུགས་བསམ་བེད་སྤྱོད་བྱེད་ཐུབ་ཀྱི་མེད། དེ་མེད་དུས་ཀྱི་ཕོ་གསར་དེ་དག་ནི་དངོས་ནས་བཟུང་བཙོན་དུ་བཅུགས་པས་བཙོན་པ་དང་མཚུངས་པ་ཡིན། ཕོ་གསར་དེའི་རིགས་ནི་ཡུན་རིང་བོར་བཙོན་པ་བྱེད་འདོད་མེད་ལ། ཁོ་རང་གི་ཕུགས་བསམ་དེ་དག་ལ་མངོན་འགྱུར་ཡོང་བས་ལམ་ཁ་རེ་བསྐྲུན་འདོད་ཀྱི་སེམས་རྩ་ཧ་ཅང་བརྟན་པོ་ཡོད།
བུད་མེད་ལས་ངན་འདི་དག་རིགས་ཀྱིས་རང་ཉིད་ལ་ཁྱོ་ག་ཡག་པོ་ཞིག་ཡོད་པ་ངོས་ཟིན་ཐོབ་ཀྱི་མེད། ངོས་ཟིན་ཐོབ་དུས་ཀྱི་ཉིན་མོ་ཞིག་ཡོད། དེ་ནི་ཁོང་ཚོས་ལག་ནས་ཁྱོ་ག་དེ་ཤོར་རྗེས་སུ་ཡིན། བུད་མེད་ཟེར་བ་འདི་ནི་སྐྱེས་བ་དང་བསྡུར་ན་ལས་ངན་ཞིག་ཡིན། ཁོ་མོ་ཚོ་ལ་ཡག་པོ་བྱེད་མཁན་དང་བྱམས་པོ་བྱེད་མཁན་གྱི་མི་ཞིག་རེག་དུས་སུ་ཁོང་ཚོས་དེ་ནི་རང་གི་ལམ་འགྲོ་དང་བསོད་དེ་ཡིན་པར་ངོས་འཛིན་ནམ་ཡང་ཐོབ་ཀྱི་མེད། དེ་ལ་བརྟེན་ནས་བུད་མེད་མང་བོ་ཞིག་གིས་རང་ཉིད་ཀྱི་ལག་ནས་ཁྱོ་ག་ཤོར་འགྲོ་བཞིན་ཡོད། རེད་དེ། བུད་མེད་ཚང་མ་ནི་དེ་འདྲ་ཞིག་མིན། བུད་མེད་ཁ་ཤས་ནི་སྐྱེས་པ་ལས་ཀྱང་བསམ་བློ་དང་ཁོག་རྒྱ་ཆེ་བ་དེ་འདྲ་ཡང་ཡོད་པ་རེད། གང་ལྟར། བུད་མེད་ཀྱི་རིགས་མང་ཆེ་བས་བསམ་ཤེས་བྱེད་མི་ཐུབ་པ་དེའི་རྐྱེན་གྱི་མཐའ་མར་ཁོང་ཚོས་མི་ཚེ་ནང་དུ་གྱོང་རེག་བཞིན་ཡོད་པ་རེད།