ཚན་པ་གཉིས།
ཁ་བོད་དུ་ཕྱོགས་པའི་སྙིང་སྡུག་མ
སེམས་མེ་ཏོག་འཛུམ་པའི་དགའ་ས་ཡིན
ཞེ་སྣང་བ་མཐུན་སའི་མཛའ་མོ་ཚོ
རླུང་ངེས་མེད་རྒྱུ་བའི་སྐྱ་ཡ་རེད
ལུས་འགྲོག་འདྲིས་ཆེ་བའི་བུ་མོ་ཚོ
གཏམ་མྱི་ཁ་འཁོར་སའི་གཞི་མ་རེད
༧།༣།༠༧མཚན་མོ་བྲིས།
མ་འབྱོར་བའི་གནས་ཡུལ།
མཚན་མོ ལྷིང་འཇག་གི་འཇིག་རྟེན
ཟླ་བ་ག་ལེར་སླེབས་སོང་
ངའི་འཇིག་རྟེན ཁྱེད་ལས་མེད་པ་ཚོར
ང་ལ་སྐྱབས་གནས་ཡོད
ང་ལ་ལུང་བསྟན་མཆིས
རྨིས་མ་མྱོང་བའི་རྨི་ལམ་ཡོད་ཚད
རྟོགས་མ་ཐུབ་བའི་གནས་ལུགས་ཐམས་ཅད
གཞུང་ལུགས་འབུམ་ཕྲག་གི་ཚུར་རོལ་ན་སྒྲོན་པ
ཚེ་གང་གི་འདུན་མ་བརྗེ་བའི་དབྱིབས་གཟུགས་ཟླུམ་པོ
ཁྱེད་ཉིད་ཁོ་ན ངའི་ཡོད་ཚད་ཡིན
༧།༣།༠༧མཚན་མོ།