མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཉིད་ལ་བཤད་པའི་སྐད་ཆ། གཉིས་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་རང་གིས་ཁྱེད་རང་གི་ལ་ལྟ་རྟོགས་བྱེད་དགོས་པ་དང་ཁྱེད་རང་གིས་ཁྱེད་རང་ལ་ཉུལ་མ་བྱེད་དགོས་པ་དང་བརྟག་དཔྱད་རྒྱུན་པར་གཏོང་དགོས་ཀྱི་ཡོད། ཁྱེད་རང་གིས་དེ་ལྟར་མ་བྱས་པ་ཡིན་ན་ཁྱེད་རང་གིས་ནོར་འཁྲུལ་བཟོ་ཉེན་ཆེ་ལ་ནོར་འཁྲུལ་དེ་ལ་བརྟེན་ནས་མི་མང་བོ་ཞིག་ལོག་ལམ་དུ་བསྐྱེལ་མི་སྲིད་པ་ཞིག་གཏན་ནས་མིན། དེ་ནི་ཁྱེད་རང་གི་རྩོམ་ཡིག་སྤེལ་སྐབས། སྙན་ངག་འབྲི་སྐབས། གཏམ་གླེང་བྱེད་སྐབས། ཁ་བརྡ་བྱེད་སྐབས། སྙིང་གཏམ་གླེང་དུས། གྲོགས་པོ་ཕན་ཚུན་གྲོས་མོལ་བྱེད་སྐབས། ཡང་ན་བུ་ཕྲུག་དག་ལ་ཁ་ཏ་བྱེ་སྐབས། ཡང་ན། གཏམ་བཤད་གནང་ས་དང་བསམ་ཚུལ་སྤེལ་ས་སོགས་གང་ས་ནས་ཁྱེད་རང་གིས་ཁྱེད་རང་ལ་ཉུལ་མ་བྱེད་དགོས་ཀྱི་ཡོད། ཁྱེད་རང་གིས་ཁྱེད་རང་ལ་བདག་སྐྱོང་དང་ལྟ་རྟོགས་ནན་པོ་བྱེད་དགོས་ཀྱི་ཡོད། དེ་མིན་ཁྱེད་རང་གིས་ནོར་འཁྲུལ་བཟོས་ཉིན་ནས་མི་དག་གིས་ཁྱེད་རང་ལ་ཡིད་ཆེས་བྱེད་མི་སྲིད་ལ། ཡིད་ཆེས་མ་བྱས་པ་དེ་ལ་བརྟེན་ནས་ཁྱེད་རང་གི་ལས་དོན་གང་ཞིག་བྱས་ཀྱང་ལམ་འགྲོ་མི་ཡོང་། དེ་ལྟར་མ་ཡོང་བ་དང་འགྲོག་ནས་ཁྱེད་རང་གི་མི་ཚེའི་ནང་དུ་གོད་ཆག་གི་འགོ་འཛུགས་ངེས་ཡིན། དེ་ལྟར་བཙུགས་པ་ནས་རང་གཞན་གཉིས་ཀྱི་དཀའ་ངལ་ཞིག་ལས་ཁྱེད་་རང་གཅིག་བུས་དཀའ་ངལ་ཆགས་ཀྱི་མེད། ཁྱེད་རང་བསྡོད་སའི་ཁོར་ཡུག་གི་ཕ་མ་དང་སྤུན་མཆེད། ཉེ་དུ་དང་གྲོགས་པོ་སོགས་རིང་དུ་འབུད་འགྲོ་ངེས་ཡིན། དེ་ལྟར་སོང་ན་ཁྱེད་རང་གཅིག་བུ་ལུས་ཐབས་མེད་ལ་ཁྱེད་རང་སླར་ཡང་མི་དང་འགྲོག་ནས་འཚོ་བ་ཞིག་མ་བསྐྱལ་ཐབས་མེད་ཆགས་ཡོད། ཁྱེད་རང་གི་དབུགས་མཇུག་མ་བསྡུས་པར་དུ།

སྤྱིར་བཏང་གི་འཇིག་རྟེན་གྱི་མི་མང་བོ་ཞིག་གིས་རང་གི་སྙན་གྲགས་དང་གོ་མིང་གི་ཆེད་དུ་གཞན་དག་ལ་བསམ་བློ་མི་གཏོང་བ་ཡིན། ཁྱེད་རང་གི་དེ་ལྟར་བྱེད་མི་རུང་བ་ཡིན། དེ་དག་གིས་རང་རང་གི་ཉེ་འཁོར་དང་མི་ཁ་ཤས་ཤིག་ལ་དབང་བསྒྱུར་བ་ནས་གོ་མིང་རེ་བཟོ་བ་དང་སྙན་གྲགས་རེ་ཐོབ་ངེས་ཡིན་ཡང་། དེ་དག་གིས་ཁྱེད་རང་གི་མཐར་ཐུག་གི་དགོས་དོན་དེ་དག་སྐོང་བ་ལས་ལྡོག་ནས་ཁྱེད་རང་བྲན་གཡོག་ལྟ་བུའི་མི་ཚེའི་ཞིག་ལ་རོལ་མགོ་འཛུགས་ངེས་ཡིན། རང་དབང་ཟེར་བ་མིང་ཚིགས་ཤིག་ལས་རང་ཉིད་ཀྱི་ལོང་སྤྱོད་དུ་མི་འགྲོ་བ་དང་རང་དབང་ནི་རང་ཉིད་ལ་ཁྲིམས་གཅོད་བྱེད་མཁན་ཞིག་ལས་གང་བྱེད་འདོད་ཀྱི་ཕར་ཕྱོགས་དེ་ན་གནས་ལུགས་དང་རྒྱུ་མཚན་ཞེས་པའི་བཙན་པོ་ཞིག་ཡོད་པ་ཤེས་མི་ཐུབ་པ་ཡིན། དེ་དག་མ་ཤེས་པའི་རང་དབང་དེ་ནི་མི་དག་གི་གཉའ་གནོན་ཞིག་ལས་མི་དག་གི་དགོས་འཁོ་སྐོང་བྱེད་ཅིག་མི་ཆགས་པ་ཡིན། དེའི་སྟབས་ཀྱི་ཁྱེད་རང་གིས་དུས་རྟག་དུ་གནས་ལུགས་དང་རྒྱུ་མཚན་ལྡན་པའི་རང་དབང་ཞིག་འཚོལ་དགོས་པ་ལས་ཁོང་ཚོ་ལྟར་གོ་མིང་དང་སྙན་གྲགས་གཅིག་བུར་འབད་བརྩོན་བྱས་ན་ནོར་འཁྲུལ་འབྱུང་ངེས་ཡིན།

ཁྱེད་རང་གིས་ཁྱེད་རང་གིས་དུས་ལྟར་དུ་བདག་སྐྱོང་ཡག་པོ་བྱེད་དགོས་ཀྱི་ཡོད། དེ་ལྟར་མ་བྱས་པ་ཡིན་ན་ཁྱེད་ཀྱིས་ཁྱེད་རང་བཙང་མི་སྲིད་པ་མིན། ཁྱེད་ཀྱིས་ཁྱེད་རང་བཙོང་རྗེས་སུ་ཁྱེད་རང་གིས་ཁྱེད་རང་བཙོང་མཁན་ནི་རང་ཉིད་ཡིན་པར་མི་ཤེས་པར་ཁྱེད་རང་གིས་ཁྱེད་རང་བཙོང་མཁན་སུ་ཡིན་རྩད་གཅོད་བྱེད་ངེས་ཡིན། དེ་དུས་སུ་ཁྱེད་རང་གིས་ཁྱེད་རང་བཙོང་བ་མི་ཤེས་པར་ཁྲོམ་ར་དག་ལ་ཁྱེད་རང་འཚོལ་དུ་འགྲོ་མི་སྲིད་པ་མིན། དེ་དུས་ཁྱེད་རང་གིས་ཁྱེད་རང་ཁྲོམ་ར་གང་ཞིག་ནས་རྙེད་སོན་བྱུང་དེ་འདི་ང་ཡིན་ཞེས་བརྗོད་སྲིད་ཀྱང་། དེ་དུས་ཚོང་དཔོན་དག་གི་ཁྱེད་རང་ལ་གོང་ཚད་རྒྱགས་ངེས་ཡིན་ལ། ཁྱེད་ཀྱིས་ཁྱེད་རང་ཁྲོམ་ར་གང་ཞིག་ནས་ཕྱིར་ཉོ་མི་དགོས་པའི་དངོས་པ་ག་ལ་ཡོད། སྐབས་དེར་ཁྱེད་རང་གིས་ཁྱེད་རང་ཉོ་མི་ཐུབ་པ་ཡིན། རྒྱུ་མཚན་ནི་ཁྱེད་རང་དབུལ་བོ་ཞིག་གིས་ཁྱེད་རང་ག་ལ་ཉོ་ཐུབ། རྒྱལ་སྤྱིའི་ཁྲོམ་ར་གང་ཆེ་ཤོས་སུ་སླེབས་པའི་ཁྱེད་རང་དེ་ཁྱེད་རང་གི་ཉོ་མི་ཐུབ་ལ། དུས་དེ་ནས་བཟུང་ཁྱེད་རང་གི་བདག་པོ་ཁྱེད་རང་བྱེད་མི་ཐུབ་པ་ཡིན། དེའི་སྟབས་ཀྱི་ཁྱེད་རང་གིས་ད་ལྟ་ནས་ཁྱེད་རང་བཙོང་མི་ཉན་པ་ཤེས་དགོས་ལ་ཁྱེད་ཀྱིས་ཁྱེད་རང་ངོ་ཡག་པོ་ཤེས་དགོས་སོ།

ཁྱེད་རང་གིས་སྐད་ཆ་བཤད་ཐེངས་ཤིག་གིས་ཁྱེད་རང་མེད་པ་བཟོ་མི་སྲིད་པ་མིན། ཐ་ན་ཚེ་སྲོག་ཀྱང་འཕྲོག་མི་སྲིད་པ་ཞིག་གཏན་ནས་མིན། དེའི་སྟབས་ཀྱི་ཁྱེད་རང་གི་ཐོག་མར་ཁྱེད་རང་གི་ཚེ་སྲོག་ལ་འགན་ལེན་བྱེད་ཐུབ་དགོས། ཚེ་སྲོག་ལ་འགན་མི་ཆགས་པའི་མི་དག་གིས་འཇིག་རྟེན་ནས་གང་ཡང་མི་འཇོན་ལ། ཚེ་སྲོག་ལ་གཅེས་ཞེན་མེད་མཁན་དག་གིས་ཚེ་སྲོག་གི་རིན་ཐང་མི་ཤེས་ལ། རང་ཉིད་ཀྱི་ཚེ་སྲོག་ལ་མི་གཞན་གྱིས་ཚོད་འཛིན་བྱེད་པ་ལ་ཡང་གང་ཡང་བསམ་འཕོད་ཀྱི་མེད། མི་དེ་དག་གི་རིགས་ནི་སྡར་མ་ཟེར་བ་ལས་གང་ཡང་མིན་ལ་སྐྱེ་བ་མི་ལུས་ཐོབ་ཀྱང་བྱེད་ཕྱོགས་འགྲོ་འདུག་དུད་འགྲོ་དང་ཁྱད་པར་མེད་པ་ཆགས་ཟིན་པ་རེད། ཁྱེད་རང་གི་དེ་ལྟར་མི་འདོད་པར་རང་ཉིད་ལ་གཅེས་ཞེན་དང་ཚེ་སྲོག་འགན་ལེན་བྱེད་འདོད་ཀྱི་ཡོད་པ་ཡིན་ན། སྐད་ཆ་གང་ཞིག་བཤད་དུས་ཀྱི་རང་ཉིད་ནི་རང་ཉིད་ལ་དབང་བའི་སྐད་ཆ་བཤད་མཁན་ཞིག་ཆགས་པར་འབད་བརྩོན་བྱེད་དགོས་པ་དེ་ཡིན།

 

ཁྱེད་ཀྱིས་ནམ་རྒྱུན་དུ་མི་དག་གི་སྐྱོན་ཆ་དང་ནོར་འཁྲུལ་གྱི་ཕྱོགས་སྣེ་རེ་ཨེ་རེག་ལྟ་བ་ལས་རང་ཉིད་ཀྱི་ཟ་ཟུར་ནས་རང་ཉིད་ཀྱི་སྐྱོན་ཆ་དང་ནོར་འཁྲུལ་དག་ལ་ཕྱི་དོར་བྱེད་དགོས། དཔེར་ན་རང་གི་རང་ལ་འགན་མ་བླངས་པ་དང་རང་གི་རིགས་ལ་གཅེས་ཞེན་མེད་པ། རང་གི་སྐད་ཡིག་ལ་ཚོར་ཤུགས་མེད་པ། རང་སྐད་ལས་གཞན་སྐད་ལ་མཐོང་ཆེན་བྱེད་པ། རང་གི་རིག་གཞུང་ལས་གཞན་གྱི་རིག་གཞུང་ལ་རིན་ཐང་ཡོད་པར་འདོད་པ་སོགས་ཀྱི་ནོར་འཁྲུལ་གྱི་བསམ་བློ་དང་ནག་ཉེས་ཀྱི་བྱེད་སྟངས་སོགས་ལ་ལྟ་རྟོགས་ནན་པོ་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱེད་ཐུབ་པའི་ཁྱེད་རང་ནི་རང་རིགས་ལ་དགའ་ཞེན་དང་མི་རིགས་ལ་གཅེས་སེམས། རང་གི་རིག་གཞུང་ལ་སློབ་གཉེར་དང་ལག་ལེན་བསྟར་མཁན་དེ་ཆགས་ཐུབ་པ་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. sha tak ri sim says:
    ལོ་ 17 སྔོན།

    ལོ་གསར་བའི་ནང་དུ་ཁྱེད་རང་ང་ཡི་སྐུ་མགྲོན་ཐོག་མར་ཡོང་བ་དགའ་བསུ་ཞུ་བ་ལས་བཀྲ་ཤིས་བདེ་ལེགས་ཟེར་ཐུབ་ཀྱི་མི་འདུག ངེད་ཅག་ལ་ད་ལོ་མྱ་ངན་ཆེན་པོ་ཞིག་ཡོད་སྟབས། ཡིན་ཡང་། ཁྱེད་རང་གི་མི་མཐུད་དུ་བདག་གི་རང་ཉིད་ལ་བཤད་པའི་སྐད་ཆ་ཉན་རྒྱུ་དང་བསམ་ཚུལ་རེ་འབྲི་རྒྱུར་རེ་སྐུལ་དང་བཅས་སླར་ཡང་མཇལ་ཆོག་པ་གནང་རོགས། ངས་རང་ཉིད་ལ་བཤད་པའི་སྐད་ཆ་ད་དུང་མང་བོ་ཞིག་ཡོད་ག་ལེར་ཕེབས་ཤོག ག་ལེར་འབྲི་ཆོག གསོན་མི་ཡུལ་ནས་བསྡད་ཡུན་རིང་ལ། བོད་པ་ཚང་གི་ལུས་པོ་འདི་མ་རྫོགས་པར་དུ

    Reply
  2. menri says:
    ལོ་ 17 སྔོན།

    རྒྱུ་མཚན་དེ་དག་ལ་བརྟེན་ངས་ཀྱང་རྒྱུན་དུ་རང་གིས་རང་ལ་རྩིས་རྒྱག་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese