ཁྱེད་རང་གི་འདོད་ཀྱང་རུང་མི་འདོད་ཀྱང་རུང། ཤི་རྒྱུར་སྐྲག་ནས་ཤི་རྒྱུར་ལྡོག་མི་ཐུབ་པ་ཡིན་ལ། ཤི་རྒྱུར་སྐྲག་སྣང་མེད་པས་ཤི་བ་ལ་དེ་བས་ཀྱང་རོགས་རམ་གང་ཡང་བྱེད་མི་ཐུབ་པ་ཡིན། ཡིན་ཡང་། མི་ཟེར་བ་ནི་སྐྱེ་མ་ཐག་ནས་ཤི་རྒྱུར་གཏན་འཁེལ་བྱས་ཟིན་སྟབས། མི་སུས་ཀྱང་འདོད་པ་ཡོད་མེད་ལ་མ་བལྟས་པར་ཤི་དགོས་པ་དེ་ནི་གླེང་མི་དགོས་པ་ཞིག་རེད། འོན་ཀྱང་། མ་ཤི་ཡར་སྔོན་དུ་འཚོ་བ་ཞིག་རོལ་ནས་འདུག་དགོས་སྟབས། འཚོ་བའི་ནང་གི་དགའ་སྐྱོ་ཆགས་སྡང་ལ་གདོད་ལེན་བྱས་དེ་འདུག་འཕོད་མཁན་དག་ནི་དཔའ་བོ་ཡིན་པ་ལས། དེ་ལ་གདོང་ལེན་བྱེད་མ་ཐུབ་པར་ཤི་རྒྱུར་འདེམ་མཁན་དག་ནི་སྡར་མ་རེད་ཅེས་བཤད་ན་འགྲིག་ལ། ངས་ཐག་གཅོད་ཀྱང་དེ་ལྟར་བྱེད་ན་འདོད།
ཁྱེད་རང་གི་རྟག་དུ་སེམས་ནང་དུ་དངོས་དགོས་པའི་གནད་དོན་ཞིག་ཡོད་པ་ནི། རང་གཞན་སུ་ལ་ཡང་འཆི་བ་འདི་དང་འཕྲད་དུས་སུ་ངོ་གསོ་དང་སྟག་སྒོ་སོགས་གང་ཡང་མེད་པ་དང་། རྒན་གཞོན་དང་ཆེ་ཆུང་ལ་ས་མཚམས་མེད་པ་གསལ་བོ་ཤེས་ཐུབ་དགོས། དེ་ལྟར་ཤེས་པ་དེའི་ཁྱེད་རང་སྒྱིད་ལུག་དང་ལེ་ལོ་དག་ལས་ཁ་བྲལ་ཐུབ་ངེས་ཡིན་ལ། དེ་དག་གི་གང་གིས་ཀྱང་ཁྱེད་རང་ལ་རོགས་རམ་བྱེད་མི་སྲིད་པ་ཡང་ཕྱོགས་སྟོན་བྱེད་ངེས་ཡིན། ལྷག་པར་དུ་འཆི་བ་ཟེར་བ་འདི་ལ་མི་མང་བོ་ཞིག་གི་མི་འདོད་པ་བྱེད་ཀྱི་ཡོད། བསམ་ཚུལ་དེ་ནི་གླེན་རྟགས་ཤིག་ལས་ཡོང་རྒྱུ་གང་ཡང་ལུས་ཡོད་པ་མ་རེད། དེ་ལས་རང་ཉིད་ནི་འཆི་བ་ལ་ཉེ་བའི་མི་ཞིག་ཡིན་པ་དང་གསོན་པོ་གནས་པའི་རིང་འདི་ལ་འཆི་བ་ལས་གཞན་པའི་བྱ་བ་མང་བོ་ཞིག་ཡོད་པ་ནས་དེ་དག་བྱེད་པ་ལ་ཡང་ངལ་བ་འབྲས་མེད་བྱེད་མི་རུང་བ་དེ་ཤེས་པར་བྱེད་དགོས་ལ་རང་ཉིད་ཀྱི་འཆི་གསོན་གང་ཡིན་རང་ཉིད་གཅིག་བུ་ལ་རེག་ལས་མེད་པར་ཁོར་ཡུག་དང་ཉེ་འབྲེལ། ཡང་ན་བྱ་བྱེད་ལས་གསུམ་མི་དང་འགྲོག་ནས་ཡོང་བཞིན་པའི་བསྐོར་ལ་བསམ་བློ་གཏོང་ཐུབ་པ་ཡིན་ན། གཟོད་ནས་མི་གཅིག་གི་ཚེ་སྲོག་དེ་ཡང་མི་གཞན་མང་བོ་ཞིག་གི་བདེ་སྡུག་དང་འབྲེལ་ཡོད་པ་ཡང་གསལ་བོ་ཤེས་ངེས་ཡིན་ལ། དེ་དང་འགྲོག་ནས་འཆི་བ་ཤི་ཟེར་བ་གཉིས་ལ་ཡང་ཁྱད་པར་ཞིག་ཡོད་པ་ཡང་ག་ལེར་བློ་ངོར་ཤར་སྲིད་པ་ཡིན།
ཁྱེད་རང་གི་འཇིག་རྟེན་གྱི་མི་མང་བོ་ཞིག་འཆི་བ་ལ་སྐྲག་ཟེར་ནས་གླེང་བཞིན་ཡོད་པ་ལས་ཁོང་ཚོས་རང་ཉིད་ཀྱི་འཆི་བ་ཟེར་བ་དེ་ལ་དང་ལེན་བྱེད་ཀྱི་མེད། གལ་ཏེ་འཆི་བ་ལ་དང་ལེན་དང་འཆི་བ་བསམ་བློ་གཏོང་བ་ནས་སྐྲག་སྣང་ཡོད་མཁན་ཞིག་ཡིན་ན། ཁོ་རང་ནི་སྤྱི་ཚོགས་ནང་གི་མི་ཁོམ་པའི་བྱ་བ་ཆེས་མང་བོ་ཞིག་དང་ཁ་གྱེས་དེ་དེ་ལས་གཞན་ཞིག་བྱེད་ངེས་ཡིན། དེའི་རྒྱུ་མཚན་གྱིས་ཁྱེད་རང་ཡང་འཆི་བ་ལ་སྐྲག་སྣང་མེད་མཁན་ནས་འཆི་བ་དང་ལེན་མི་བྱེད་མཁན་གྱི་གྲངས་ཤིག་ཆགས་ཡོད་པ་རེད། འོན་ཀྱང་། འདོད་མི་འདོད་ལ་མ་བལྟས་པར་དེ་ནི་སྐྱེ་བ་ནས་ལྡོག་མེད་ཀྱི་ལས་དབང་ངམ་ཡང་ན་ཆོས་ཉིད་ཆགས་ཡོད་པ་རེད། དེ་ལ་བསམ་བློ་གཏོང་བ་ནས་མི་གཏོང་མཁན་ཚང་མས་གཅིག་གྱུར་གྱི་ཁས་ལེན་མི་བྱེད་ཐབས་མེད་ཆགས་ཡོད། ཡིན་ཡང་་་