ལམ་གོང་མ་དཔོན་པོའི་འཇིང་ས་ཡིན།
ལམ་ཞོལ་མ་དབུལ་བོ་ཤི་ལམ་ཡིན།
ལམ་བར་མ་མང་ཚོགས་བདེ་ལམ་ཡིན།
ལམ་འདི་ནས་བོད་ཀྱི་ཡུལ་དུ་འགྲོ
ཡུལ་དེ་ལ་རྩ་གསུམ་བླ་མ་ཉིད།
རྗེ་བསྟན་འཛིན་རྒྱ་མཚོ་གདན་འདྲེན་ཞུ།
ང་ཁྱེད་དང་གངས་ཅན་བོད་པ་ཚོ།
ལོ་མང་བོ་མི་ཡུལ་འཁྱམ་ནས་ལུས།
ད་རང་གི་ཡུལ་ལ་ལོན་རན་ཡིན།
དོན་དེའི་ཆེད་དུ་གྲོས་གཞི་འཛུགས།
ལས་དེ་ཡི་ཕྱོགས་སུ་ཆིག་སྒྲིལ་བྱེད།
ཤ་རུས་པའི་གསེང་གི་འབོད་སྒྲ་སྒྲོག
བོད་གདོང་དམར་ཡོངས་རྫོགས་རེ་བ་གཅིག
དུས་བབ་རྩོམ་སྒྲིག་པའི་དབུས་ལམ་ཞེས་པའི་རྩོམ་ཡིག་དེ་ཀློག་རྗེས་སུ་བྲིས་པ་ཡིན།
བོད་ཀྱི་ལ་ཞེན་བླ་སྲོག་ཉམས་མེད།།
བོད་ཀྱི་རིགས་རྒྱུད་ད་དུང་གསོན་ཡོད།།
བོད་ཀྱི་སྐད་ཡིག་འཕེལ་བྱིན་ཡོད།།
འདི་དག་བོད་ཀྱི་བདེན་དོན་ཡིན།།
ལག་ལེན་བྱེད་ཁོམ་ང་ཚོ་ཡོད།།
ཁ་དབང་རྩོད་རྒྱུར་ལས་འགན་ཡོད།།
ཁ་སེམས་མཐུན་ལ་ཕྱོགས་གྱུར་ཚེ།།
བོད་ཀྱི་མ་འོངས་རེ་བ་ཡོད།།
རེ་བ་གཅིག་གོ་ཤི་སོང་ང་། །
ལམ་ཁ་གཅིག་གོ་ནོར་སོང་ང་། །
བླ་མ་གཅིག་གོ་རྒས་སོང་ང་། །
བོད་པ་གཅིག་གོ་འཐོར་སོང་ང་། །
ཤ་ཁྲག་རུས་གསུམ་རྒྱ་ཡིས་གཏོར་སོང་། །
ལྷ་ཀླུ་གཉན་གསུམ་བོད་ནས་འཁྲུགས་སོང་། །
བོད་ཡུལ་ཆོལ་གསུམ་ནང་ནས་འཁྲུགས་སོང་། །
ལམ་ཁ་གསུམ་པོ་ལམ་ནས་བཀགས་སོང་། །
བོད་མི་དམངས་སེམས་ཀྱི་དབུས་སུ་གནས།།
རྗེ་རྒྱལ་བའི་ཐུགས་ལ་འཁྲུལ་མེད་ཡིན།།
ནང་བོད་མི་ལས་ངན་འཁྱམ་པོ་དང་།།
དམིགས་བོད་ནང་ཡོད་པའི་བོད་མི་ཚོས།།
ཁོང་དྲན་པའི་སེམས་པ་གཙང་མ་ཡིན།།
ལས་ངན་པའི་ཡུལ་གྱར་དཔོན་པོ་ཚོས།།
རྗེ་རྒྱལ་བ་ལག་འཕྱི་ཁོ་ན་རེད།།
དེ་བསམ་བྱུང་བསམ་ན་སེམས་པ་གཟེར།།
ངེད་ས་མཐར་གྱར་ནས་ལོ་མང་སོང་།།
བོད་གཞིས་བྱེས་གཉིས་ལ་རེ་བ་གཅིག།
ཁོང་བསྟན་འཛིན་རྒྱ་མཚོ་གཙུག་ནོར་ཆེ།།
བོད་ས་ཡི་ཐིག་ལེར་གདན་འདྲེན་ཞུ།།
ངེད་བོད་འབངས་ཀུན་གྱི་སྙིང་གི་ནོར།།
སྤྱིར་འཛམ་གླིང་འདི་ཡི་ལམ་སྟོན་མཆོག།
རྗེ་བླ་མ་བསྟན་འཛིན་རྒྱ་མཚོ་མཁྱེན།།
བོད་གདོང་དམར་ཡུལ་ལ་ཐུགས་རྗེས་གཟིགས།།
བོད་གཞིས་བྱེས་གཉིས་ཀྱི་བོད་འབངས་ཚོ།།
བོད་རང་ཡུལ་ས་གཞི་ཆེན་པོ་དེར།།
བོད་མི་རིགས་འདི་ཡི་ལས་དབང་ཆེད།།
བོད་མགོ་ནག་རྩམ་གཟན་ལྷན་འཛོམས་ཤོག།
བོད།ཤ་ཁྲག་རུས་གསུམ་ལགས།
ངའི་མིག་གིས་ཀྱང་ཁྱེད་ཀྱིས་ཟིན་བྲིས་སྤེལ་བ་རྣམས་རྗེས་མི་ཟིན།