མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོད་དཀར་ལགས་ལ་ཕུལ་བ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

སེམས་པ་སྐྱོ་ནས་མཐོ་དམན་ཀུན་ལ་སྡང་།།
ན་ཟུག་མ་བཟོད་བོད་པ་ཚང་མར་སྡིག།
བོད་དོན་ཆེད་དུ་སེམས་འཁུར་ཆེ་བ་ནི།།
དངོས་ནས་བཤད་ན་དགའ་ཞིང་བཀུར་འོས་རེད།།

 

ཚིགས་ཀྱི་མདའ་མོ་འཕེན་ལུགས་འདི་ཉིད་ནི།།
སྔ་ནས་རྩོམ་ཡིག་འབྲི་མཁན་གང་མང་མང་གིས།།
བྲིས་པའི་བརྗོད་བྱ་འདི་ལས་མ་འདས་ཀྱང་།།
ད་ལྟ་ཡིན་ཡང་འདི་ལྟར་བྲིས་བསྡད་ན།།

བུ་ངའི་བསམ་ན་རེ་བ་ཆེར་མ་མཐོང་།།
དེ་ལས་ཉིད་དང་ཉིད་ཀྱིས་གྲོགས་པོ་འགའི།།
བོད་དོན་ཆེད་དུ་ལས་ཁུངས་བཙུགས་པ་དང་།།
བོད་མིའི་དོན་ལ་དཀའ་ལས་རྒྱག་པ་སོགས།།

ཉན་ན་བདེ་ཞིང་གོ་ན་སེམས་པ་སྐྱིད།།
དེ་འདྲའི་ལས་དོན་བྱེད་ཕྱོགས་གང་ཡོད་ཀྱི།།
གནད་དུ་ཕུགས་པའི་ལྟ་ཚུལ་གང་མང་ཞིག།
བོད་རིགས་དྲ་གྲོགས་ཡོངས་ལ་བཀོད་རོགས་ཞུ།།

འདི་ནི་ང་ཡི་སེམས་ཀྱི་དངས་མའི་སྐད།།
མུད་པའི་འཕྲེང་ནས་ཤོར་དེ་ཡིག་ཐོག་དུ།།
བྲིས་པ་ནོར་རེ་བྱུང་ན་སེམས་གཏིང་ནས།།
དྲ་གྲོགས་སེམས་ཤུགས་ཅན་ལ་དགོངས་དག་ཞུ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 16

  1. lhachapjinpa says:
    ལོ་ 17 སྔོན།

    གངས་ཀྱི་དུམ་བུ་འཐོར་བའི་འཇིག་རྟེན་ན།།
    བདག་གི་མ་ལོའི་མིག་ཆུ་འཁྱག་ལ་འབྱར།།
    ལས་ཀྱིས་མ་བཏང་རྣམ་པར་སྨིན་པ་དང༌།།
    མ་བྱས་བརྙས་པར་བྱེད་པ་ག་ལ་ཞིག།
    འཇིག་ལྟའི་བློ་འདི་དེ་རིང་ཡང་ཡང་འཁོར།།
    སྡུག་ལྡན་དྲག་པོའི་མུན་པ་གསལ་དུ་སོང༌།།
    ཡུལ་གྱར་དཔའ་བོ་སྟོང་གི་འཇིག་རྟེན་ནས།།
    ཕྱིར་མིག་འདི་ཀོ་རང་དབང་མེད་པར་ཤོར།།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    ལས་ཀྱི་དབང་ཐང་ཕན་ཚུན་མི་གཉོམ་ཞིང་།།
    སེམས་ཀྱི་ཤེས་ཚད་མཐོ་དམན་མི་གཅིག་ཡང་།།
    དྲན་རིག་ནང་གི་སྙིང་གཏམ་གླེང་ཕྱོགས་གཅིག།
    རིགས་ཞེན་འདི་ཡིས་རྨས་པའི་སེམས་ངོགས་སུ།།
    དེ་རིང་གསར་དུ་བཟོས་པ་མ་ཡིན་པར།།
    ལོ་མང་བསགས་པའི་ན་ཟུག་ལྕི་མོ་འདིས།།
    འུ་ཅག་ས་མཐའ་མྱུལ་བའི་ཟིན་བྲིས་དག།
    དྲ་ཐོག་འདི་ནས་དབང་མེད་ཁ་ནས་ཤོར།།

    Reply
  3. lhachapjinpa says:
    ལོ་ 17 སྔོན།

    ཆང་དང་རྨི་ལམ་བུད་མེད་མཛེས་མའི་རོ།།
    ཤེས་རབ་ཅན་ལ་དགའ་བའི་དངོས་པོ་མིན།།
    སེམས་ཀྱི་གསང་བ་རྒྱལ་ཁམས་འགྲིམ་པའི་གླུ།།
    ཕན་ཚུན་ལེན་པ་ལེགས་སྐྱེས་ཀུན་གྱི་ཕུད།།
    ན་ནིང་བཟོས་པའི་སེམས་ཀྱི་རྨ་ཁ་འདི།།
    ད་ལོར་ཨེམ་རྗེ་སྟོང་གིས་འཚེམ་ནུས་མིན།།
    ཤི་གསོན་གཉིས་ཀྱི་སོ་ན་གནས་པའི་བུས།།
    རྒྱལ་ཁམས་སྡུག་གིས་བསྐོར་བའི་གླུ་ཞིག་ལེན།།

    Reply
  4. kangtuk says:
    ལོ་ 17 སྔོན།

    ཨ་ལ་་་་ ལྷ་ཆབ་ཁྱེད་རང་ཕེབས་པ་དེ་དངོས་གནས་དགའ་བསུ་ཞུ་་་

    Reply
  5. kangtuk says:
    ལོ་ 17 སྔོན།

    ཨ་་ཨ་་ ལྷ་ཆབ་་་མནའ་ཞིག་སྐྱལ་ནོ་་་་ ཡང་མིན་ན་ཁྱོད་ཀྱི་སྨྱུ་ཀུ་་་་་ དེ་མིན་ན་ཁྱོད་ཀྱི་ཀླད་པ་་་་ད་གང་ལྟར་ཁྱོད་ཀྱི་རྩོམ་རྩལ་དེ་་་་ ངོ་མ་ཡིད་འཕྲོག་པ་ཞིག་་་་་

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    དངོས་ཡོད་སེམས་ཀྱི་གཞུ་ལས་ཤོར་བའི་གཏམ།།
    དྲི་མེད་རང་རིགས་ཚོགས་པ་དྲངས་པའི་སྐད།།
    སྔ་གཞུག་ཀུན་དུ་གཞན་གྱིས་སྐུལ་བ་མེད།།
    སེམས་ཀྱི་གཏིང་སར་གནས་པའི་རིགས་ཞེན་གྱིས།།
    བསྡོད་དུ་མ་བཅུགས་ཡང་ཡང་དྲ་གྲོགས་ཚོས།།
    བྲིས་པའི་སྙན་རྩོམ་འདི་དག་འཇལ་ཐེངས་རེར།།
    གཅེས་ནོར་སྲོག་གི་སྙིང་བོ་མཛེས་པའི་ཡུལ།།
    མིག་གི་དཔྱིད་ནས་སེམས་ཀྱི་གཞལ་ཡས་ཁང་།།
    བདག་དུ་བཟུང་དེ་འོང་བས་ཤེས་པ་འདིས།།
    གང་དུ་ཡོད་ཀྱང་ཁྱེད་ཅག་དྲ་གྲོགས་རྣམ།།
    དུས་ཚོད་གང་ཡོད་འདི་རུ་ཕེབས་པ་དང་།།
    རང་རིགས་ཆེད་དུ་གཏམ་གླེང་སྤེལ་ལུགས་སོགས།།
    བསྐལ་བའི་མཐའ་ལ་ཐུག་ཀྱང་བོད་ཀྱི་མི།།
    འཇིགས་པ་མེད་པར་གནས་པའི་རྟག་རྟེན་རེད།།
    དྲ་གྲོགས་བུ་ནས་བཅོས་པ་ཧ་ཅང་མཛེས།།
    ལྷ་ཆབ་སྤྱིན་པའི་སྙན་ངག་ཡིད་དབང་འཕྲོག།
    འོད་དཀར་ལགས་ཀྱིས་ལན་འདེབས་བདེན་ངེས་རེད།།
    བསེ་རུ་ར་ཡི་ངག་གི་འགྱུར་ཁུགས་སོགས།།
    བོད་ཀྱི་དུས་བབ་ཚང་གི་སྐུ་བསོད་དང་།།
    བོར་རིགས་དྲ་གྲོགས་ཡོངས་ཀྱི་བདེ་སྐྱིད་ཀྱི།།
    ཚོར་སྣང་ལྷོད་མེད་འདྲེན་པའི་དངས་ཞེན་རེད།།

    Reply
  7. samkhar says:
    ལོ་ 17 སྔོན།

    སྙན་པོ་ཚིག་གི་སྡེབ་སྦྱོར་སོར་མོས་བསྐུལ།།
    ྦབརྗོད་སྙིང་རིན་ཆེན་ནོར་བུ་སེམས་ལས་ཐོན།།
    ཕ་སྐད་མ་སྐད་གཞིས་བྱེས་བླ་སྲོག་ཉིད།།
    དབྱངས་གསལ་དབྱངས་སུ་གྱེར་བའི་དྲ་གྲོགས་ཀྱེ།།

    Reply
  8. Wokar says:
    ལོ་ 17 སྔོན།

    གྲོགས་པོ་བོད། ཤ་ཁྲག་རུས་གསུམ། ཁྱེད་ཀྱི་བདག་ལ་གདེང་འཇོག་བྱེད་པ་ཆེ་འདུག ང་ནི་གང་ཡང་མི་ཤེས་ལ་གང་ཡང་མི་འཇོན་མཁན་ཞིག་ཡིན།

    དེ་ལས་ཉིད་དང་ཉིད་ཀྱིས་གྲོགས་པོ་འགའི།།
    བོད་དོན་ཆེད་དུ་ལས་ཁུངས་བཙུགས་པ་དང་།།
    བོད་མིའི་དོན་ལ་དཀའ་ལས་རྒྱག་པ་སོགས།།

    ཉན་ན་བདེ་ཞིང་གོ་ན་སེམས་པ་སྐྱིད།།
    དེ་འདྲའི་ལས་དོན་བྱེད་ཕྱོགས་གང་ཡོད་ཀྱི།།
    གནད་དུ་ཕུགས་པའི་ལྟ་ཚུལ་གང་མང་ཞིག།
    བོད་རིགས་དྲ་གྲོགས་ཡོངས་ལ་བཀོད་རོགས་ཞུ།།
    ཞེས་པ་ཁྱེད་ཀྱི་སྐད་ཆ་ཞིག་གོ་ནོར་ཐེབས་ཡོད་པ་འདྲ། ཡང་ན་མི་གཞན་ཞིག་དང་ནོར་ཡིན་པ་རེད། འཇོན་ཤེས་མེད་པ་ཞིག་ལ་འདི་ལྟར་བཤད་ན་ངོ་ཚ་ཡོང་གི་་་་་་་་་་

    Reply
  9. lhachapjinpa says:
    ལོ་ 17 སྔོན།

    ང་ལ་ཕ་མས་གནང་བའི་ལག་པ་འདི།།
    རྩ་མདུད་སྟོང་གིས་རྭ་ཅོའི་ངང་ཚུལ་འཛིན།།
    སྒྱུ་མའི་སྐུད་པ་ཕྲ་མོའི་སྣེ་མོ་ན།།
    མཉེན་ལྕུག་སོར་མོའི་འདུ་བྱེད་ཉམ་རེ་ང༌།།
    ཡ་རབས་དམ་པའི་ས་ནས་བྲོས་གྱུར་ཏེ།།
    མི་སྡུག་འཁོར་བ་ཆེན་པོའི་གཏིང་ལ་བབས།།
    འཇིག་རྟེན་སྣང་བ་ཕྲ་མོའི་རོལ་རྩེད་འདི།།
    མ་རོལ་ན་ཡང་རང་གི་སྡུག་གྱོང་ཉིད།།
    རྭ་དང་ལྕགས་དང་རྫས་སྦྱོར་སྣ་ཚོགས་ཀྱིས།།
    མཛེས་པར་གྲུབ་པའི་དངོས་པོ་གྲུ་བཞི་འདི།།
    དགའ་བའི་མཛེས་མའི་གདོང་གི་སེམས་སྐྱེད་ཀྱིས།།
    ཟུར་བསྟེན་ཆུང་མ་ཞིག་དང་མཚུངས་པ་ཉིད།།

    Reply
  10. tibet2008 says:
    ལོ་ 17 སྔོན།

    སེམས་པ་སྐྱོ་ནས་སྨྱོན་པའི་ངང་ཚུལ་བཟུང་།།
    ན་ཟུག་མ་བཟོད་བོད་པ་ཚང་མར་སྡིག།
    བོད་དོན་ཆེད་དུ་སེམས་འཁུར་ཆེ་བ་ནི།།
    ཁྱོད་ཀྱི་མི་ཚེའི་རང་གཤིས་ངང་ཚུལ་ཡིན།།

    འོན་ཀྱང་འདི་ལྟར་གིན་ལ་དམོད་གྱུར་ན།།
    ཁྱེད་ཀྱི་རྩོམ་ཡིག་ཀློག་མཁན་གང་དུ་ཡོད།།
    བྲིས་པའི་བརྗོད་བྱ་ཚིག་གི་སྡེབ་སྦྱོར་བཙན།།
    འདི་ནི་རང་སྡུག་རང་ལ་ཕྱིན་ནམ་ཅི།།
    བོད། ཤ་ཁྲག་རུས་གསུམ འདི་ལྟར་བྲིས་ན་ཡག་པོ་འདུག

    Reply
  11. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལྷ་ཆབ་ལགས།

    ཚིག་གི་མདའ་མོ་ལྷོད་མེད་གཞུ་ལས་ཤོར།།
    སེམས་ཀྱི་དུངས་པ་སྔོན་མོ་རླབས་དང་མཚུངས།།
    འདྲིས་པའི་དབྱངས་རྟ་དྲོན་མོའི་འགྱུར་ཁུགས་འདིས།།
    ངལ་བའི་ལས་དག་སེལ་བ་ལྷ་རྗེ་ཉིད།།
    སྙན་ངག་སྨྲ་བའི་མཁན་པོར་བོས་ཀྱང་ཆོག།
    རིག་པའི་ཁུ་ཕྱུག་ཟེར་ནས་བཀུར་ཀྱང་རུང་།།
    ལྟོགས་སྐོམ་ཟུག་རྔུས་མནར་བའི་བཙན་བྱོལ་དུ།།
    ཉིད་རང་ལྟ་བུ་ཡོད་པ་རྨད་དུ་བྱུང་།།

    Reply
  12. lhachapjinpa says:
    ལོ་ 17 སྔོན།

    ངོ་མཚར་གཏམ་གྱི་ཁུང་བུ་རང་བརྡོལ་མ།།
    ཁབ་དང་སྐུད་པའི་གསེང་ནས་རྙེད་པ་འདི།།
    གསལ་རིག་སེམས་ཀྱིས་ནམ་ཡང་མི་ཚོར་བའི།།
    ཕྲ་མོའི་ཕྲ་མོར་ངེས་འདི་དང་བས་ལེན།།
    སྐབས་འགར་ལྐུགས་སམ་སྙམ་པའི་སྨྲ་ལྕེ་འདི།།
    དེ་རིང་སྒྱུ་མའི་གར་གྱིས་གཡོ་བར་བྱེད།།
    ཅི་སྟེ་སྐུད་པ་ཕྲ་མོའི་གུར་ཁྱིམ་འདི།།
    ང་ཡི་ངལ་བ་གསོ་བའི་ལྷ་རྗེ་འདྲ།།

    Reply
  13. sha tak ri sim says:
    ལོ་ 17 སྔོན།

    སེམས་དང་ལུས་པོ་གཅིག་ལ་བོད་མིང་ཐོག།
    རིགས་ཞེན་གཅིག་གིས་འུ་ཅག་ལྷན་དུ་འདུས།།
    དྲ་ཚོགས་བོད་ཀྱི་དུས་བབ་མིང་འོག་ནས།།
    ཤེས་པ་མཁའ་རུ་འཕྱོ་བའི་བར་གསེང་ནས།།
    རང་རང་མོས་པའི་གཏམ་གྱི་བགྲོ་གླེང་འདིས།།
    རིན་བྲལ་སྟོང་གི་མི་ཁུག་རིགས་ཞེན་གཏམ།།
    མུ་ཏིག་དར་ལ་བརྒྱུས་པ་ཇི་བཞིན་དུ།།
    བལྟ་བཞིན་འབྲི་བཞིན་འདི་དང་འབྲལ་མི་འཕོད།།
    དམིགས་སུ་དྲ་གྲོགས་ཁྱེད་གཉིས་ཕེབས་སྟངས་རེ།།
    ང་ལ་བཅོས་མེད་སེམས་ཀྱི་སྤྲོ་སྣང་བརྟས།།

    Reply
  14. lhachapjinpa says:
    ལོ་ 17 སྔོན།

    རང་སྣང་རིག་པ་འཕྲུལ་བའི་ཅ་ཅོའི་དབྱངས།།
    མུ་སྟེགས་སྟོན་པའི་ཕྱག་རྒྱའི་གསེང་ན་མཆེད།།
    ལས་ཀྱི་ཐམ་ཁ་བསྣམས་པའི་ལྷ་མོའི་གཟུགས།།
    རང་རིག་རྣམ་ཤེས་འགག་པའི་མགྲོན་དུ་ཕེབས།།
    དེ་རིང་ཁ་སེར་སྤྲིན་པའི་ཐུ་འོག་ན།།
    རླུང་དང་ཙག་གི་གཞུ་རྒྱུད་ཐམས་ཅད་ལྷོད།།
    བལྟས་ན་ཡིད་རྟོན་མེད་པའི་གནམ་གཤིས་འདིས།།
    ང་ལ་དྲ་ཁང་ཉུལ་བའི་ལས་འདི་བྱིན།།

    Reply
  15. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།

    སྙིང་སྡུག་གི་སྙིང་གི་ནོར་བུ།།
    སེམས་ཀྱི་དབུས་སུ་ཉར་ནས།།
    རྣམ་དཔྱོད་ལང་ཚོ་གྲུང་པོ།།
    དྲ་གྲོགས་ལྷན་དུ་ཕེབས་རོགས།།

    ཟིན་བྲིས་ཁྱིམ་གཞིས་ཕོ་བྲང་ནང་།།
    ཤ་ཁྲག་རུས་གསུམ་མེད་གྱུར་ན།།
    གློ་སྙིང་མཆིན་སོགས་ཡོད་ན་ཡང་།།
    ལོང་བ་ཐང་གྱར་སུ་ཡིས་ཁྲིད།།

    དྲ་གྲོགས་གཟུར་གནས་བློ་གསལ་རྣམས།།
    ཐོན་མིའི་རིག་གཏེར་ལས་ཐོན་པའི།།
    དབྱངས་གསལ་སོ་བཞིའི་རིན་ཆེན་ནོར།།
    འཛད་མེད་ལོངས་སུ་སྤྱོད་གྱུར་ཅིག།
    ྠ

    Reply
  16. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།

    སྙིང་སྡུག་གི་སྙིང་གི་ནོར་བུ།།
    སེམས་ཀྱི་དབུས་སུ་ཉར་ནས།།
    རྣམ་དཔྱོད་ལང་ཚོ་གྲུང་པོ།།
    དྲ་གྲོགས་ལྷན་དུ་ཕེབས་རོགས།།

    ཟིན་བྲིས་ཁྱིམ་གཞིས་ཕོ་བྲང་ནང་།།
    ཤ་ཁྲག་རུས་གསུམ་མེད་གྱུར་ན།།
    གློ་སྙིང་མཆིན་སོགས་ཡོད་ན་ཡང་།།
    ལོང་བ་ཐང་གྱར་སུ་ཡིས་ཁྲིད།།

    དྲ་གྲོགས་གཟུར་གནས་བློ་གསལ་རྣམས།།
    ཐོན་མིའི་རིག་གཏེར་ལས་ཐོན་པའི།།
    དབྱངས་གསལ་སོ་བཞིའི་རིན་ཆེན་ནོར།།
    འཛད་མེད་ལོངས་སུ་སྤྱོད་གྱུར་ཅིག།
    ྠ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese