མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ཡིན་དུས་བོད་པའི་ཆེད་དུ་འགན་ལོས་ཡོད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་ཚང་གི་མི་ལུས་བླངས་ཡོད་ཚད་ཀྱིས་རང་ཉིད་བོད་དུ་སྐྱེ་བ་དེར་འགན་ཞིག་ལེན་འདོད་ཡོད་པ་ཡིན་ན་ནི། ཐོག་མར་ད་ལྟའི་གཉེན་ཁ་ཆེ་བའི་གནས་བབ་འདིས་འོག་ནས་ཐོག་མར་རང་ཉིད་ཀྱི་ཚེ་སྲོག་ལ་འགན་ཆགས་དགོས་ཀྱི་ཡོད། རང་ཉིད་ཀྱི་ཚེ་སྲོག་ལ་འགན་མ་ཆགས་པ་ཡིན་ན་ནི་བོད་དོན་ལ་འགན་མ་བླངས་པ་དང་ཁྱད་པར་གཏན་ནས་མེད། དེས་ན་རང་ཉིད་ཀྱི་ཚེ་སྲོག་ལ་འགན་ལེན་བྱེད་པར་ཡང་། ཐོག་མར་ཚེ་སྲོག་འཚོ་བ་ལ་ལྟོ་གོས་ལ་བརྟེན་དགོས་པ་ནི་བཤད་མ་དགོས་པ་རེད།ལྟོ་གོས་ལ་བརྟེན་དགོས་དུས་སུ་ལྟོ་གོས་འཚོལ་དུས་སུ་མི་འདྲ་མིན་དང་བསྟུན་ཤེས་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་ཆགས་ཡོད། ལྟོ་གོས་འཚོལ་སྟངས་ཡང་ས་ཕྱོགས་དང་ཁོར་ཡུག་གི་དབང་གིས་བྱེད་སྟངས་འདྲ་མིན་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད། དེས་ན་ང་ཚོས་ཁོར་ཡུག་དང་ས་ཕྱོགས་ཀྱི་གནས་བབ་དང་བསྟུན་རང་རང་གི་ལྟོ་གོས་འཚོལ་དགོས་ཀྱི་ཡོད་དུས། ཐོག་མར་ལྟོ་གོས་འཚོལ་སྟངས་དེ་ལ་གོད་ཆག་ཡོང་དུ་འཇིག་མི་རུང་བ་ཡིན། ལྟོ་གོས་འགྲིག་སོང་ཡིན་ན་ནི་ད་གཟོད་རང་ཉིད་བསྡོད་སའི་ཁྱིམ་དང་བཟའ་མི་ལ་འགན་ཆགས་དགོས་ཀྱི་ཡོད་པ་དེ་ཡང་གནད་དོན་ཞིག་རེད། གནད་དོན་དེ་སྣང་མེད་དུ་མ་བརྕིས་པར་བྱ་བ་གང་ཅིའི་ཐད་དུ་གཟབ་གཟབ་བྱས་པ་ཡིན་ན་འགྲོ་འདུག་དང་ཟ་འཐུང་ལ་གོད་ཆག་མི་ཡོང་བ་གཏན་འཁེལ་བ་རེད།

དེ་དག་གི་གཏན་འཁེལ་སོང་ཡིན་ན་ནི། རང་གི་ཁོར་ཡུག་ནས་རང་ཉིད་གསོན་ཐབས་ལ་རང་གི་ཁོར་ཡུག་དེ་རང་གི་བདག་སྐྱོང་བྱེད་དགོས་པ་དེ་ཡང་ཁྲིམས་མཐུན་ཡིན་པས། རང་ས་ནས་རང་གི་ཚོང་ལས་གཉེར་རྒྱུའི་ཕྱོགས་ སུ་དམིགས་གསལ་གྱིས་རང་རིགས་ཀྱིས་གཉེར་བའི་ཚོང་ཁང་དང་ཟ་ཁང་དུ་འགྲོ་བ་དང་ཉོ་ ས་རང་རིགས་ཀྱི་ཚོང་ཁང་བྱེད་པ་དང་ཟ་མ་ཟ་ས་ཡང་རང་རིགས་ཀྱི་གཉེར་བའི་ཟ་ཁང་དུ་ འགྲོ་བ་སོགས་བྱས་པ་ཡིན་ན་ནི། ཁྱེད་རང་ལ་མི་སུས་ཀྱང་ཁྲིམས་འགལ་བྱེད་ཀྱི་ཡོད་པར་བརྙས་བཅོས་བྱེད་མི་ཐུབ་པ་ ཡིན་ལ་རང་རིགས་ཀྱི་མི་གཅིག་ཕྱུག་པོར་ཆགས་པ་ཡིན་ན། མི་དེའི་གཞི་རྒྱ་ཆེ་ཆེར་གཏོང་ངེས་ཡིན་པ་དང་རང་ས་མང་བོ་ཞིག་བཤད་མི་དགོས་པར་ རང་མིའི་གཉེར་ཐུབ་ངེས་ཡིན། དེ་ཡང་རང་རིགས་ལ་ཤ་ཚ་བའི་ལས་འགན་དང་རང་ཉིད་གསོན་པོར་གནས་པའི་ལས་འགན་ཞིག་ཡིན། གལ་ཏེ། ཁྱེད་རང་གིས་དུས་རྟག་དུ་སྒོར་རྡོག་གཅིག་གཉིས་ཤིག་ལ་བལྟས་དེ་མི་རིགས་གཞན་གྱིས་གཉེར་བའི་ཚོང་ཁང་དང་ཟ་ཁང་དུ་སོང་བ་ཡིན་ན་ནི། ཁྱེད་ཀྱིས་སེམས་གཏིང་ནས་མི་འདོད་པའི་མི་རིགས་དེའི་རང་རིགས་ཀྱི་ས་ཁུལ་བདག་འཛིན་བྱེད་པར་དངོས་སུ་རོགས་རམ་བྱས་པ་དང་ཁྱད་པར་མེད་པ་རེད། དེས་ན་ཁྱེད་རང་གིས་རང་རིགས་ཀྱིས་གཉེར་བའི་མི་དག་དེ་དག་གིས་ག་དུས་ཡིན་ཡང་གོང་ཆེན་པོ་བྱེད་ཀྱི་འདུག་དགོངས་ཀྱི་ཡོད་ན་ནི། ཁྱེད་རང་གིས་རང་རིགས་གྲོགས་པོ་དག་ལ་དེའི་བསྐོར་གྱི་ཁ་བ

རྡ་མི་ཉུང་བ་རེ་བྱེད་པ་དང་། རང་གི་རིགས་ཀྱི་མི་དག་གིས་གསར་དུ་གཉེར་ བར་རྩོམ་པའི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ཐད་དུ་མ་དངུལ་གྱི་དཀའ་ངལ་སོགས་ཕྲན་བུ་ རེ་འཕྲད་ཀྱི་ཡོད་པ་དེ་དག་ལ་རོགས་རམ་བྱེད་ཐུབ་མིན་ལ་བསམ་བློ་གཏོང་བ་ནས་གཅིག་ སེམས་གཅིག་ལ་འདྲེས་པར་ཁ་ནས་གླེང་བ་ཙམ་མ་ཡིན་པར་དོན་དངོས་ལག་ལེན་ལ་འགེལ་ཐབས་ ཀྱི་ལམ་ཁ་གང་ཞིག་ཡོད་མེད་ལ་ཞིབ་དུ་བསམ་བློ་གཏོང་དགོས།

ཉིན་རྟག་པར་མི་རིགས་གཞན་ལ་སེམས་ནས་མི་དགའ་བ་བྱེད་པ་དང་ཁ་ནས་ངན་བརྗོད་བྱེད་པ་ལས། དོན་དངོས་སུ་ལག་ལེན་སྟེང་ནས་བོད་ཟེར་བ་ དེ་ནི་གཅིག་ལས་གཉིས་མེད་པ་དེ་ལ་ར་སྤྲོད་བྱེད་ཐབས་ཀྱི་ཐབས་ཤེས་སུས་བྱེད་ཀྱི་ འདུག་ན་དེའི་ཕྱོགས་སུ་རྡོག་རྩ་གཅིག་སྒྲུལ་གྱི་ནུས་པ་འདོན་པ་ཡིན་ན། ད་གཟོད་རང་ས་ནས་མི་རིགས་གཞན་དག་ལ་རྒོལ་བརྡུང་དང་ངན་བརྗོད་བྱེད་མི་དགོས་པར་རང་འགར་གྱི་འབུད་འགྲོ་ངེས་ཡིན།

གལ་ཏེ། རང་གི་ཁོར་ཡུག་དུ་མི་རིགས་གཞན་ལས་ཚོང་གཉེར་བྱེད་མཁན་མེད་ན་ཁྱེད་རང་གིས་དེ་ནས་ཚོང་ལས་སྣ་གཅིག་ཡིན་ཡང་ཆེ་ཆུང་ལ་མ་བལྟས་པར་གཉེར་ཐུབ་མིན་ལ་འབད་ཐབས་བྱོས་དང་། རང་རིགས་དེ་ཚོས་ཁྱེད་རང་ལ་དགའ་མོས་བྱེད་ངེས་ཡིན། ཚོང་གཉེར་བྱེད་མཁན་གྱི་རང་རིགས་སུ་ཞིག་ཡིན་ཡང་། མི་རིགས་གཞན་གྱིས་དཀའ་ལས་བརྒྱབ་དེ་སྒོར་ཟུར་གཅིག་གཉིས་ལ་བལྟས་དེ་ཚོང་གཉེར་བྱེད་ཀྱི་ཡོད་པ་དེ་ལྟར་དུ་རང་རང་གིས་ཀྱང་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས་པ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན་ནི་སྐད་དང་གོ་བརྡ་སྤྲོད་མིན་གྱི་དཀའ་ངལ་མེད་པར་རང་རིགས་དེ་ཚོ་ཁྱེད་རང་གི་སྐུ་མགྲོན་དུ་གྱུར་བ་བཤད་མི་དགོས་པ་རེད། དེ་དུས་ཁྱེད་རང་གི་རང་ཉིད་ཀྱི་ཚེ་སྲོག་ལ་ཡང་འགན་ལེན་བྱེད་ཐུབ་སོང་བ་རེད་ལ། རང་རིགས་ལ་ཞེན་ཁོག་ཀྱང་སྒྲུབ་ཤེས་སོང་བ་མ་ཟད། རང་ས་ཡང་རང་གིས་སྲུང་སྐྱོབས་བྱེད་ཐུབ་སོང་བ་ཡིན།

ང་རང་གི་འདིར་སྐད་ཆ་བརྫིག་པོ་ཞིག་བཤད་དེ་བསྡོད་ཀྱི་འདུག་མ་བསམ་པར་ཁྱེད་རང་གི་གང་ས་གང་ལ་བལྟས་དེ་ཚོད་ལྟ་ཞིག་བྱོས་དང་། ཁྱེད་རང་ལ་རང་ས་ནས་ཚོང་གཉེར་ཞིག་ཡོད་པ་ཡིན་ན། ཁྱེད་རང་གི་ལྟོ་གོས་ཡང་འགྲིག་སོང་བ་ཡིན་ལ་ཁྱེད་རང་གི་བཟའ་མིའི་བདེ་འཇག་ལ་འགན་ལེན་བྱེད་ཐུབ་སོང་བ་རེད། དེ་དུས་ཁྱེད་རང་གིས་མི་རིགས་གཉིས་ཀྱི་སྐད་ཡིག་སྟེང་ནས་སྒོ་བྱང་ཞིག་བཀལ་ཏེ་ལྷོད་ལྷོད་ངང་ཚོང་གཉེར་བྱེད་ཆོག་པ་ཡིན་ལ། རང་ས་ཡང་སྲུང་བཞིན་ཡོད་པ་མ་ཟད། རང་རིགས་ལ་འགན་ལེན་ཡང་བྱེད་ཐུབ་སོང་བ་མ་ཟད། རང་གི་ཚེ་སྲོག་ལ་ཡང་འགན་ཆགས་སོང་བ་རེད།

ད་དུང་གལ་ཆེན་པོ་གཞན་ཞིག་ཡོད་པ་ནི་མི་རིགས་གཞན་ལ་མཐུན་སྒྲུལ་བྱེད་དགོས་ཀྱི་ཡོད་པ་མ་ཟད། མི་རིགས་གཞན་གྱིས་སྐད་ཡིག་ཀྱང་སྤྱོང་དགོས་ཀྱི་ཡོད། མི་རིགས་གཞན་ལ་འཛུམ་འདང་ཡང་སྟོན་དགོས། འོན་ཀྱང་། ནང་གཏམ་བཤད་ས་དང་ཕྱི་གཏམ་བཤད་ས་གཉིས་གཏན་ནས་ནོར་མི་རུང་ལ། ཡིད་ཆེས་བྱེད་ས་ཡང་གཏན་ནས་ནོར་འཆུག་བྱེད་མི་རུང་ངོ།

རང་གི་ཚེ་སྲོག་ལ་འགན་མ་ཆགས་པའི་མི་དེ་ནི་སྡར་མ་རེད་ཟེར་ནས་བཤད་མི་ཐུབ་ཀྱང་། དེ་ནི་རང་རིགས་ལ་འགན་མ་ཆགས་པའི་བྱེད་སྟངས་ནོར་བ་རེད་ཅེས་གླེང་འདོད་བྱུང་། ཚེ་སྲོག་མ་ཤོར་བ་ཡིན་ན། མི་ཟེར་བ་འདི་ལ་རྣམ་དཔྱོད་དང་བློ་གྲོས་ཡོད་སྟབས། བྱ་བ་གང་ཡིན་ཡང་བྱེད་མི་ཐུབ་པ་མེད། དུས་ཚོད་དང་གོ་སྐབས་དམ་འཛིན་བྱེད་པ་དང་རང་དོན་ རང་གིས་བྱེད་པ་ལས་མི་གཞན་གྱིས་རོགས་རམ་གང་ཡང་བྱེད་མི་ཡོང་བ་དེ་ནི་ང་ཚོ་ལ་ ཉམ་མྱོང་གི་སྤྲད་པ་དེ་སེམས་ལ་དམ་པོར་བཟུང་དེ་རང་རང་གི་ཚེ་སྲོག་ལ་འགན་ཆགས་ དགོས་པར་སེམས་བསམ་པའི་གཏིང་ནས་འབོད་སྐུལ་བྱེད་པ་པོ།

རང་རིགས་གཅིག ཤ་ཁྲག་གཅིག དམིགས་ཡུལ་གཅིག འཐབ་རྩོད་གཅིག རེ་བ་གཅིག བསམ་ཕྱོགས་གཅིག ལས་འགུལ་གཅིག སྐད་ཡིག་གཅིག མྱ་ངན་གཅིག སྐྱིད་སྡུག་གཅིག་པའི་བློ་དམན་པ་ཞིག་གིས་རིགས་གཅིག་པའི་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཡོངས་ལ་འབོད་སྐུལ་ས་མཐའ་ནས་བྲིས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་འདིར་ཕེབས་ནས་བཀའ་སློབ་གནང་བ་དེར་ཐུགས་རྗེ་ཆེ།

    Reply
  2. kangtuk says:
    ལོ་ 17 སྔོན།

    དྲ་གྲོགས་ལྷ་ཆབ་དང་དྲ་གྲོགས་་་ བོད་ ཤ་ཁྲག་རུས་གསུམ་གཉིས། ད་ཁྱེད་རང་གཉིས་ཀྱིས་གཅིག་ངོ་གཅིག་གིས་ཤེས་ཐུབ་སོང་ངམ། ཁྱེད་རང་གཉིས་ལ་རྟེན་འབྲེལ་ཞུ།

    Reply
  3. lhachapjinpa says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་གིས་ད་རེབ་ཡིན་ན་ཡག་པོ་ཞིག་བྲིས་འདུག མུ་མཐུད་དུ་འདི་འདྲའི་རྩོམ་ཡིག་མང་བོ་ཞིག་སྤེལ་བར་སྒུག་ཡོད། ཡིན་ནའང་ཡིག་ནོར་ལ་གཟབ་པར་འཚལ།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། ངས་ཀྱང་ནམ་རྒྱུན་དེ་ལྟར་གླེང་གི་ཡོད་པའི་སྟབས་ཀྱི་ད་རེབ་རྩོམ་ཡིག་འདི་དེའི་སྔོན་འགྲོ་ཙམ་དུ་བཏབ་པ་ཡིན། དུས་ཚོད་བྱུང་ན་ང་རང་འདིའི་བསྐོར་མང་ཙམ་འབྲི་འདོད་ཡོད་ལ། དྲ་གྲོགས་ཉིད་ཀྱིས་ཀྱང་གང་ཐུབ་རེ་འབྲི་རོགས་ཞུ། ང་ཚོས་ཚང་མའི་རང་རང་གི་ས་ནས་གཉེན་འཕྲེང་གི་དུས་ཚོད་འདིའི་ནང་གི་བོད་པ་ཚང་ལ་འབོད་སྐུལ་གྱི་ཐབས་ལམ་འདི་བརྒྱུད་དེ་མི་གཅིག་གི་ཚེ་སྲོག་ཡིན་ཡང་། རྒྱ་ནག་སྲིད་གཞུང་གི་མེ་མདའི་འོག་དུ་འགྲོ་མ་དགོས་པ་ཆགས་ཐབས་འདུག་གམ་བལྟས་ན་མ་རེད་དམ།

    Reply
  5. Pobpathaye says:
    ལོ་ 17 སྔོན།

    རང་ཡུལ་དུ་རང་ས་བཟུང་ནས་འདུག་རྒྱུ་ལས་གལ་ཆེ་བ་ཞིག་ག་རེ་ཡོད། གཡུལ་ས་བློས་བཏང་ཚར་དུས་རེ་བ་ཆེན་པོ་མེད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese