མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མའི་མིང་ལས་བཙལ་བའི་རང་ཉིད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp


ཀུན་སྤྱོད་དང་ཐ་སྙད་མང་བོ་ཞིག་གིས
ཁམས་དང་མོས་པའི་སེམས་ཁམས་འདི་འཐག་ནས
གར་འགྲོ་ངེས་མེད་ཀྱི་རླུང་བུ་དང་འགྲོག་མཁན་གྱི
ང་དང་ངའི་སེམས་གཤིས་ཀྱི་འདིས་ཅི་ཞིག་འཚོལ་སྲིད

ཅི་ཐུབ་ལས་ལ་ཞུགས་པའི་འཚོ་བ་དེའི་ཆེད་དུ
ཆུབ་པའི་རིག་ལམ་ཟབ་མོ་ཞིག་མེད་ཀྱང་
ཇི་ལྟར་བགྲོད་ཟིན་པའི་མྱོང་བྱང་དེ་དག་གིས
ཉམ་ཆུང་བའི་རྐང་རྗེས་ནི་དེ་བས་ཆུང་

ཏན་ཏན་ཏིག་ཏིག་གིས་ལས་ཤིག་ལ་འབད་ཀྱང་
ཐལ་འགྱུར་བའི་རྟོགས་བློ་འདི་ནི
དལ་མོར་རྒྱུ་བ་ནི་རུས་སྤལ་བགྲོད་པའི་ཚུལ་དང་བཅས
ནུར་མ་བཀོག་པའི་མི་ཚེ་ནི་འདི་འདྲ་རང་རེད

པང་ལེབ་སྟེང་ནས་ཡི་གེ་རེ་གཉིས་སྨྱུག་རྩེ་རུ་བླངས་དེ
ཕུང་བོ་གསར་བའི་མི་གཤིས་ལ་རྟོགས་སད་ཀྱི་རུ་སྣ་དྲངས་ཀྱང་
བང་ཆེན་ལྟ་བའི་བྱས་རྗེས་ཤིག་མེད་པར
མ་དང་བརྩེ་བའི་དྲིན་ལན་ཙམ་ཡང་མ་ཞོག

ཙུ་གུ་ཆུང་ཆུང་ཞིག་གི་ལུས་ཕུང་ལས་མེད་དུས
ཚང་མར་ཐུགས་འཁུར་དང་བྱམས་བརྩེ་སྤྱིན་མཁན་ནི་ཨ་མ་ཡིན་ཡང་
ཛ་དྲག་དང་རྒས་འཁོ་བྱུང་དུས་ཀྱི་ཉིན་མོ་དེར
ཝ་མ་ཝོལ་གྱི་ངང་དུ་བརྩེ་བའི་མ་མ་རྒྱང་རིང་ཡུལ་ནས་སྐྱུར

ཞོ་དང་འོ་མར་གྱི་བསོས་པའི་དྲིན་མོ་ཆེ་ནི
ཟུངས་ཁྲག་བཙག་ནས་སྤྲད་ཀྱང་དྲིན་ལན་བསོས་དཀའ་ན་ཡང་
འུ་ཐུག་ཐབས་སད་ཀྱི་བུ་སྡུག་ང་ནི
ཡ་རབ་དམ་པའི་ལུགས་ཙམ་མེད་པར་རང་ཉིད་བདེ་བའི་མལ་དུ་གཉིད

རལ་ཟིན་པའི་སེམས་པ་རླུང་གི་ཟོས
ལབ་གླེང་མེད་པའི་སྐད་ཆ་མེ་ཡི་གཞུས
ཤ་དང་མཆིན་པའི་ཚོར་བ་མྱི་ཁའི་འཐག
སད་ཀྱི་འཁྱེར་ཟིན་པའི་ལུས་པོ་འདི་ལ་རིན་ཐང་བྲལ

ཧྲུ་ཡིག་ཞིག་མིག་ལམ་ནས་མངོན
ཨང་གྲངས་དེ་ནི་ཀླད་ཀོར་མིན་པར་བསམ་ན་ཡང་
ཧ་ལས་པའི་བྱ་བཞག་གང་ཡང་མེད་པར
ཨ་མ་དྲིན་མོ་ཆེ་དང་འཇལ་བར་སེམས་པ་གཏིང་ནས་སྐྱོ

༣།༤།༠༩

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. sha tak ri sim says:
    ལོ་ 17 སྔོན།

    ངེད་ཅག་འདི་ལྟར་རང་རང་གི་ས་ནས་སེམས་བསམ་པའི་མྱོང་ཚོར་ཤེས་གསུམ་ཡི་གེའི་གཟུགས་སུ་འབྲི་མཁན་ཡག་པོ་ཞིག་ཆགས་པར་ང་ཚོ་ཚང་མས་འབད་བརྩོན་བྱེད་དགོས་པ་དེ་ནི་དམིགས་གསལ་གྱིས་རང་དབང་གི་ཡུལ་གྲུ་ན་ཡོད་མཁན་ང་ཚོ་ལ་འགན་འཁྲི་ལྷག་མ་ཞིག་ཡོད་ཟེར་ནས་བཤད་ཀྱང་མ་ཆོག་པ་མེད་པ་རེད། ངས་ནི་དེ་ལྟར་བསམ་བཞིན་རང་གི་དུས་ཚོད་ཕྲན་བུ་རེ་ཡོད་ཀྱང་འབྲི་བ་དང་བསམ་བློ་གཏོང་བཞིན་ཡོད།

    Reply
  2. adkunchok says:
    ལོ་ 17 སྔོན།

    དགོང་ཁའི་གྲིབ་སོ་ལྟ་བུའི་འཇིག་རྟེན་ལྟ་ཚུལ་ཞིག་གིས
    འཇིག་རྟེན་གྱི་ཁ་ཏོག་སྐྱ་བོ་ནས་སྐྱ་བོར་མཐོང་ཞིང༌།
    འཇིག་རྟེན་འདི་སྐྱ་ཞིང་སྐྱི་གཡའ་བ་ཞིག་ཏུ་མཐོང་བ།
    འཚོལ་སྙེག་གི་རྨང་གཞིར་འཛིན་པའི་སློབ་གསོ་ཞིག་གིས།
    ཁྱེད་རང་ཀེང་རུས་ཀྱི་འཇིག་རྟེན་ཞིག་ཏུའང་འཁྲིད་ངེས།
    ཡུལ་འདི་ན་ཁྱེད་ལ་མྱོང་རོལ་བྱེད་འོས་པའི་ལོངས་སྤྱོད་མེད་པ་མ་ཡིན་རུང༌།
    ཡུལ་ཅན་དེའི་རིགས་ལ་མྱོང་བྱེད་ཀྱི་ནུས་པ་གང་ཡང་མེད།

    Reply
  3. amala says:
    ལོ་ 17 སྔོན།

    སྐད་ཆ་ཞིག་འདི་ལྟར་བཤད་ན།་
    ཁྱེད་ནི་དངོས་ནས་ཤི་མ་ཐུབ་པའི་སྔ་གཞུག་དག་དུ་ལྷག་པར་ཁག་ཆེ་ཡོད་འདོད་ཀི
    ཡིན་ཡང།་་་་ཁྱེད་ཀྱིས་མི་ཤི་ཐག་ཆོད་ཀྱི་བསམ་བློའི་བསྒྲགས་གཏམ་ཞིག་གིས་རང་ཉིད་དཀར་འདོན་བྱེད་ཕོད་ཚེ།
    ཁྱེད་ནི་ནམ་ཡང་ཨ་མའི་སེམས་ངོས་ཀྱི་མཛེས་སྡུག་ཡིན་སྲིད་ལ།
    མི་གཤིས་ཀྱི་མཛེས་པ་འཚོལ་བའི་སྲོག་ཆགས་རླབས་ཆེན་ཞིག་ཡིན་ཆོག
    མིན།་་་་ངས་ཁྱོད་ལ་དེ་ལྟར་འཆད་དོན་ཡང་ཁྱོད་ཀྱི་མཛེས་པ་ནི་ནམ་ཡང་རང་ཉིད་ཡིན་ཞིང།
    ཁྱོད་ཀྱི་སྐད་ཆ་ནི་ནམ་ཡང་ཁྱོད་ཀྱི་ལང་ཚོ་ཡིན་འོས་ཟེར་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese