བོད་གངས་ཅན་པ་ཚང་ལ་ གཏམ་དཔེ་འདི་འདྲ་ཞིག་ཡོད་། ཁ་ནས་གང་བཤད་ལ་མ་བལྟ། ལག་ནས་གང་བྱེད་ལ་ལྟོས་ཟེར་བ་དེ་ནི་ཅི་འདྲའི་དོན་སྙིང་ལྡན་པ་ཞིག་མ་རེད་དམ། ལྷག་པར་དུ་དེ་རིང་སང་གི་དུས་ཚོད་འདི་ལ་དྲ་ཐོག་པ་ང་ཚོའི་ཁ་ལས་ཡིག་རྨོངས་པའི་ ལག་ལེན་ལ་ནུས་ཤུགས་བླ་མ་མེད་པ་ཞིག་ཐོན་བཞིན་པ་ཡོད་པ་འདི་དག་ནི། ད་སྐབས་ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་ནས་འོང་དུས། ང་ཚོ་ནི་བཤད་རྒྱུ་དགའ་བ་ལས་ལག་ལེན་བྱེད་མཁན་མིན་པར་ཁས་ལེན་མི་བྱེད་ཐབས་མེད་ དུ་གྱུར་ཡོད།
འདི་ནི་ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན་༧རྒྱལ་བའི་བཀའ་གསུང་ལག་ལེན་དངོས་སུ་བསྟར་བའི་ལྷ་སྡེ་ཐོག་མ་ཞིག་རེད།
ཨོ་རེད། ངས་འདི་ལྟར་སྐད་ཆ་མགོ་བཙུགས་དུས་ཁྱེད་ཅག་ གིས་མི་འདིས་ག་རེ་བཤད་འདོད་ཡོད་དམ་སྙམ་ནས་ང་རང་གི་སྐད་ཆ་ལ་རྣ་བ་གཏད་ཡོད་ཤས་ ཀྱང་ཆེ་ལ། མི་ཁ་ཤས་ཀྱིས་མགོ་ནས་ཅུང་ཙམ་ཀློག་རྗེས་མི་འདིས་ཁ་བྱང་བརྫིག་པོ་ཞིག་བཏགས་པ་ མ་གཏོགས་སྐད་ཆ་ནང་དོན་ཡོད་པ་གང་ཡང་བཤད་རྒྱུ་མི་འདུག་དྲན་ནས་སུན་སྣང་དང་བཅས་ དེ་ཀློག་མཚམས་བཞག་ཡོད་ཀྱང་སྲིད། གང་ལྟར། ད་ནི་སྐད་ཆ་འདིའི་ནང་དོན་དངོས་དེ་བཤད་པ་ཡིན་ན། ༧རྒྱལ་བ་ཡིད་བཞིན་ནོར་བུས་ལོ་མང་རིང་དུ་བོད་པ་ཚོས་ཆང་འཐུང་བ། ཐ་མག་འཐེན་པ། ཤོ་རྒྱག་པ་སོགས་བྱས་དེ་ཉིན་མ་བཏང་བ་ཡིན་ན་དངོས་ནས་སེམས་སྐྱོ་བའི་གནས་སྟངས་ རེད། རབ་བྱུང་ན་ཤོ་མི་རྒྱག་པ་དང་ཆང་མི་འཐུང་བ། ཐ་མག་མི་འཐེན་པ་སོགས་བྱེད་ཐུབ་ན་ཡག་པོ་ཡོད་རབས་ཀྱི་བཀའ་གསུང་ནི་ལོ་མང་རིང་ གནང་མྱོང་ཡོད་པ་རེད། ཡིན་ཡང་། སྐྱེ་བོ་སྒེར་བ་དག་གིས་ཐ་མག་འཐེན་པ་ནས་གཅོད་པ། ཆང་འཐུང་བ་ཆང་བཅད་པ། ཤོ་རྒྱག་མྱོང་བ་གཏན་ནས་སྤང་བ་སོགས་ད་ལྟའི་བར་དུ་མང་བོ་བྱུང་མྱོང་ཡོད་པ་དེ་ ནི་རྒྱུན་ལྡན་ལྟ་བུ་ཞིག་ལ་ང་ཚོས་བརྩི་བཞིན་ཡོད་པ་རེད། འོན་ཀྱང་། དེ་རིང་ངས་འདི་ནས་གླེང་བཞིན་པ་ནི་དེ་འདྲའི་དོན་དག་ཆུང་ཆུང་མིན་པར་ཆེ་ས་བོད་ མི་རིགས་ཀྱི་ལས་དབང་དང་འབྲེལ་ཞིང་། ཆུང་ས་སྐྱེ་བོ་སྒེར་གྱི་ཁྱིམ་ཚང་དང་བཟའ་མི་ཉེ་འབྲེལ་གྱི་ཚེ་འདིའི་སྐྱིད་ སྡུག་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་དེ་རེད།
སྤྱིར་བཏང་འཛམ་གླིང་ གི་ཡུལ་གྲུ་ཕལ་མོ་ཆེ་ནས་སྐྱིད་སྐྱིད་གཏོང་བ། བཟའ་སྟོན་བྱེད་པ། སྡེ་ཁྲོམ་པ་འདུ་ས། ཆུང་ན་ཆུང་འཛོམ་ས། གླུ་ལེན་གར་རྩེད་བྱེད་ས་སོགས་གང་དུ་ཡང་ཆང་མེད་ས་ཞིག་མེད་ཟེར་ནས་གླེང་ཆོག་ལ་ དེ་ཡང་དགོས་འཁོ་ལྟ་བུ་ཞིག་དུ་ཡང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། མི་མང་གིས་ཀྱང་སྟོན་མོ་དང་གླུ་ལེན་གར་རྩེད་བྱེད་སར་ཆང་གླུ་དང་ཆང་གཞས་ཟེར་ ནས་དམིགས་བསལ་གྱིས་གླུ་ལེན་བྱེད་སྲོལ་གྱང་ཡོད་པ་རེད། དེ་འདྲའི་གནད་འགག་གི་འབྲེལ་བ་ཞིག་ཀྱང་ཡོད་པ་རེད་ལ། ཕྱོགས་གཞན་འཁོན་བརྡུང་རེས་བྱེད་པ། ནང་སྤུན་ཟླ་གསོད་པ། གྲོགས་ན་ཟླའི་བར་དུ་ཁ་འཆི་ཤོར་བ། ཁྱིམ་བཟའ་ཚང་གཏོར་བ། ངོ་ཚ་དང་ཁྲེལ་མེད་དུ་ཆགས་པ་སོགས་ཀྱང་ཆང་འཐུང་གི་མཇུག་འབྲས་སྡུག་ཤོས་དེ་ཆགས་ ཡོད་པ་རེད།
ཤོ་རྒྱག་པ་ནི་དེ་ མཚུངས་ཀྱི་གནད་དོན་ངན་པ་ཆེས་མང་བོ་ཞིག་དང་འབྲེལ་ཡོད་པ་ནི་དྲ་ཐོག་པ་ཚང་མས་ ཤེས་གསལ་རེད་ལ། ལྷག་པར་དུ་ཤེས་ཡོན་ཅན་མང་བོ་ཞིག་དང་བླ་ མ་དང་མཁས་པ་སོགས་ཀྱིས་དེ་ལ་འགག་བྱ་མང་བོ་བྱས་ཡོད་ཀྱང་དེང་མི་མང་བོ་ཤོ་རྒྱག་ པར་མགོ་འཁོར་ནས་ཆུང་ས་ནས་རང་གི་རང་དོན་འཐུས་ཤོར་དང་ཆེ་ས་ནས་བོད་སྤྱི་བའི་ སྤྱི་དོན་འཐུས་ཤོར་དུ་འགྲོ་བཞིན་ཡོད་པ་ངེད་ཅག་གིས་ཤེས་གསལ་མཐོང་གསལ་ཞིག་ ཆགས་ཡོད་པ་རེད། ཐ་མག་གམ་དུ་བ་ཡང་། མིའི་རིགས་ཀྱི་འཕྲོད་བརྟེན་ལ་གནོད་འཚབ་ཆེ་ཤོས་ཤིག་དང་། སྐྱེ་བོ་སྒེར་སོ་སོའི་འགྲོ་སོང་ ཐོལ་བ་དང་ནང་ནས་འཐེན་ན་ནང་མི་དག་གི་འཕྲོད་བརྟེན་ལ་གནོད་པ་དང་ཕྱི་ནས་འཐེན་ན་ ཡང་རང་ཉིད་གཙོ་བའི་ཁོར་ཡུག་ལ་བཙོག་པ་བཟོ་བཞིན་ཡོད་པ་མ་ཟད། ནད་ཚ་ཆེས་སྡུག་ཆག་དུ་འབོད་པའི་ཀན་སར་ན་བའི་རྒྱུ་རྐྱེན་སོགས་ཀྱང་ཆགས་བཞིན་ ཡོད་པ་ནི་མི་མང་བོ་ཞིག་གིས་ཤེས་པ་ནས་ད་དུང་དེ་ཉིད་སྐྱུར་ཐུབ་ཀྱི་མེད་པ་ང་ རང་ལྟ་བུ་ཆེས་མང་བོ་ཞིག་ཡོད་པ་རེད།
ད་ ནི་སྐད་ཆ་འདིའི་བརྗོད་གཞི་ངོ་མ་ཞུས་པ་ཡིན་ན་ནི། བོད་མདོ་སྨད་བླ་བྲང་སྔོན་ཆགས་སྡེ་བའི་སྡེ་དཔོན་དཔལ་ལྡན་བཀྲ་ཤིས་ཀྱིས་ད་ལོ་ ངེད་ཅག་གིས་བླ་མའི་བཀའ་བཞིན་སྡེ་མི་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱིས་ བླ་མའི་ཞབས་བརྟན་དང་སྐུ་ཚེ་བརྟན་ཆེད་དུ་ཟེར་ན་རེད། སྡེ་མི་ཡོངས་ཀྱིས་ཚོགས་བསགས་ཟེར་ན་འདྲ་སྡེ་མི་ཡོངས་ཀྱིས་རྒན་གཞོན་དབྱེ་བ་ མེད་པར། ཤོ་བཅད། ཆང་བཅད། ཐ་མག་བཅད་པ་རེད། ད་སྡེ་བ་ཡར་མར་ཚང་མས་ང་ཚོའི་སྡེ་བའི་མིང་གི་བཟུང་དེ་བསྟོད་བསྔགས་བྱེད་ཀྱི་ འདུག་ཟེར་བས། ངས་ཀྱང་དེ་བས་ལྷག་ཞིག་དངོས་ནས་བྱེད་རྒྱུ་ཡོད་ནི་མ་རེད། ཤེས་ཡོན་པ་ཡིན་ཟེར་མཁན་དེ་ཚོ་ཡིན་ཡང་འདི་འདྲའི་ལྷག་གི་དོན་དག་ཞིག་བྱེད་ཐུབ་ ཀྱི་ཡོད་པ་མ་རེད། དངོས་ནས་རླབས་ཆེན་རེད། ཁྱེད་རང་ཡི་གེ་མི་ཤེས་མཁན་ཞིག་ལ་མཚོན་ན་དེ་བས་ལྷག་ཞིག་དངོས་ནས་བྱེད་རྒྱུ་ ཡོད་ནི་མ་རེད་ཅེས་བཤད་དུས། ཁོས་རེད་རེད། ང་རང་ཡིན་ན་དངོས་ནས་དགའ་ནས་བསྡད་ཡོད། ན་ནིང་སྡེ་དཔོན་ལ་བསྡད་དེ་ཚང་མས་བཟང་གི་ཟེར་ནས་ད་ལོ་ཡང་བསྐྱར་འདུག་རོགས་ ཟེར་ནས་འབོད་སྐུལ་བྱས་པ་ལྟར་བསྡད་པ་ཡིན། ད་ནི་བསྡད་པ་དོན་གོ་ཡང་བྱུང་འདུག་བསམ་ནས་ང་རང་ཡང་དགའ་ནས་བསྡད་ཡོད་ཟེར། དྲ་ཐོག་པ་ཚོ་ཁྱེད་ཅག་གིས་གཟིགས་དང་བོད་ནང་གི་བོད་པ་དག་གི་དད་པ་དང་ཡིད་ཆེས་ ཁ་ལག་གཉིས་སུ་འདུག་པ་མཐོང་དེ་འོང་དུས། ཁྱེད་ཅག་གིས་ག་རེ་བསམ་བཞིན་འདུག འདི་ནི་བོད་མི་རིགས་ཀྱི་འགུལ་ཤུགས་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་མ་རེད་དམ། ངས་ཉིན་མ་འདི་ཚོས་རང་དུ་བསམ་བློ་གཏོང་བ་ཡིན། སྡེ་མི་ཚང་མས་ཆང་བཅད། ཤོ་བཅད། ཐ་མག་བཅད། དངོས་ནས་བློ་ཡུལ་དུ་མི་གཤོང་བའི་བྱ་བ་རླབས་ཆེན་ཞིག་མ་རེད་དམ་སྙམ་ཞོར་དུ། ད་ནི་ཁོང་ཚོ་ལ་ཡང་མིང་གསར་བ་ཞིག་བཏགས་དེ་གནོད་ཤུགས་སྤྲོད་མཁན་རེ་བྱུང་མི་ ཡོང་ངམ་དྲན་ནས་སེམས་འཁུར་གྱང་ཡོང་གི་འདུག དྲ་གྲོགས་ཚོ། སྡེ་བ་འདི་ལ་བོད་མི་ཚང་མས་དམིགས་དཔེ་ལྟ་སྲིད་དམ། སྡེ་བ་འདི་བརྒྱུད་དེ་བོད་མི་ཆེས་མང་བོ་ཞིག་གིས་ཤོ་དང་ཆང་། ཐ་མག་སོགས་གཅོད་རྒྱུའི་གྲ་སྒྲིག་བྱེད་སྲིད་དམ། ཁོང་ཚོས་ཀྱང་རང་གི་སྡེ་བ་ནས་མགོ་གཙུགས་དེ་ རང་གི་རང་དོན་དང་སྤྱི་བའི་སྤྱི་དོན་ལ་ཕན་པས་ལས་ཀ་འདི་འདྲ་བྱེད་པར་འདོད་པ་ ཡོད་དམ། ངས་འདི་ལྟར་དྲན་ཞོར་དུ་སྡེ་བ་འདིས་མིང་ལ་འདི་ལྟར་འབོད་འདོད་བྱུང་། ༧རྒྱལ་བའི་བཀའ་གསུང་ལག་ལེན་ལ་བསྟར་བའི་ལྷ་སྡེ་ཐོག་མ་ཟེར་འདོད་བྱུང་།
དྲ་གྲོགས་ཚོ་འདི་ནི་གནས་ཚུལ་དངོས་ཡོད་ཅིག་ལས་རྫུན་བཟོ་དང་རང་གི་རྟོགས་བཟོ་ བྱས་པ་དེ་འདྲ་རྩ་བ་ནས་མིན་པ་ཐུགས་སུ་འཛིན་རོགས་ཞུ།
དྲ་གྲོགས་གཅན་བཟོས་རྒྱམ་ལགས། སྐུ་ཉིད་ལ་ཐུགས་རྗེ་ཆེ་ལགས་འདི་རུ་དེའི་བསྐོར་གྱི་སྒྲུང་བཀོད་པ་དེར། ཡིན་ཡང་། ང་རང་ལ་དབྱིན་ཡིག་གི་ཤེས་ཚད་དེ་འདྲའི་ཡག་པོ་མེད་པ་མ་ཟད། འདིའི་ནང་དོན་དེ་དག་ཡང་ཡག་པོ་ཞིག་ཤེས་ཀྱི་མི་འདུག རབ་བྱུང་ན་བོད་ཡིག་ཐོག་ཡོད་པ་ཞིག་ཉིད་ཀྱིས་ཟིན་བྲིས་སུ་འདེབས་པའམ་ཡང་ན་ང་རང་གི་བསམ་ཚུལ་འབྲི་ས་འདིར་བཀོད་ཀྱང་འཐུས་སོ།
ཨོ་ད་དུང་ཁྱེད་ཀྱི་དྲ་ངོས་སུ་བཀོད་པའི་འདྲ་པར་དེའི་སྐོར་ནས། ལག་པའི་ནང་གི་འདྲ་པར་དེ་ཅི་དང་གང་ཞིག་རེད། ངས་ཁ་སེང་བཤད་པ་དེའི་སྐོར་ཡིན། དེ་བས་པོ་ཏཱ་ལའི་འདྲ་པར་ཞིག་ཁྱོར་བར་བཅུས་ན་ཞེས་པ་དེ་ཡིན། གཞན་ཅང་མེད། མཇལ་ཡོང༌།
པར་དྲ་ངོས་སུ་བབས་མི་འདུག་ དགོངས་པ་མ་འཚོམསྲ
དྲ་གྲོགས་ཤ་ཁྲག་ལགས། ཁྱོད་ཀྱིས་གསུངས་པ་བཞིན་ངས་འདིར་དབྱིན་ཡིག་ལས་མོ་གྷལ་རྒྱལ་པོ་དང་ཏ་ཇི་མ་ཧ་ཡི་སྐོར་མདོར་བསྡུས་ཤིག་བཀོད་ཡོད། གལ་སྲིད་ཉིད་ལ་ཕན་མི་ཐོག་ན། ངས་བོད་ཡིག་ནང་ངོ་སྤྲོད་བྱས་ཀྱང་ཆོག་ པར་རིས་འགའ་ཡང་བཀོད་ཡོད་ཀྱང་དྲ་ངོས་སུ་གསལ་མིན་མི་ཤེས།
Mughal Empire, Indian empire which—in actuality or in name—ruled the subcontinent for over 300 years (1526-1857), with a brief interregnum under the Sur sultans (1540-1555). Of these three centuries, for some 150 years (1556-1707), under Akbar and his immediate successors, Jahangir, Shah Jahan, and Aurangzeb, the empire enjoyed a notably strong and efficient administration.
Babur, a Central Asian Chaghtai Turk, founded the empire in 1526 after he had defeated the Lodi ruler of Delhi, Ibrahim, and occupied his capital at Agra; in 1527 he consolidated his position by defeating a Rajput confederacy under Rana Sanga of Udaipur. He died in 1530 before he had completely subjugated the Afghans. His son, Humayun, faced difficulties from the Afghans, the sultan of Gujarat, and above all, in his own camp from his brothers and nobles. He was routed by the new Afghan leader, Sher Khan Sur, wandered in exile in Persia, and then settled in Kabul. After 15 years, by which time the Sur regime was in a shambles, he recaptured Hindustan just before his death in 1556. His young son Akbar soon recovered the lost empire, expanding its frontiers almost to the entire upper India, barring Assam and Gondvana. He laid the grounds for the significant economic growth and the fabulous art and building activities of his successors.
Under Jahangir and Shah Jahan, the Mughals made significant inroads into the territories of the Deccan sultans. The Marathas now figured in their service; but on north-west borders they lost Kandahār to Persia and had difficulties against the Central Asian Uzbeks. Their capital was shifted from Agra to Delhi (1638), perhaps to ensure a closer watch over Kabul and Ghaznī. The empire achieved its greatest physical extent under Aurangzeb. At his death in 1707, nearly the whole subcontinent was under his rule, but the symptoms of the demise of the Mughal Empire had also surfaced.
.
Delhi’s Red Fort
Delhi’s Red Fort, completed in 1648, once served as the imperial palace of India’s Mughal
.
Taj Mahal
Taj Mahal, Agra, the most famous of all India’s ancient buildings and a prime monument of Mughal art. It was built as the mausoleum of Arjumand Banu Bagam, known as Mumtaz Mahal (the Elect of the Palace), wife of Shah Jahan. She died in 1631, while on a military campaign with her husband.
The Taj Mahal took 20 years to construct: 20,000 men were said to have been involved in the project. The tomb itself, over 73 m (240 ft) high, is lavishly decorated with Koranic inscriptions and carved reliefs. It is raised on a square podium with a minaret at each corner. It is flanked by a mosque and the jawab, a building with no clear function other than the balancing of the composition. The great garden which prefaces the tomb is 300 m (1,000 ft) wide; it has a great pool at its centre and is entered through an imposing gate. Mosques and tombs of other, less-favoured wives cluster nearby. The cenotaphs of Mumtaz Mahal and Shah Jahan, who died in 1666, standing in a central octagonal hall, are elaborately carved and surrounded by a perforated screen of marble and semi-precious stones. The identity of the architect of the Taj Mahal is unknown, but some scholars have suggested that a Persian or Turkish designer may have been involved. The mausoleum was designated a UNESCO World Heritage Site in 1983.
.
Taj Mahal, Agra
The Taj Mahal, the most celebrated example of Mughal architecture, was built as a mausoleum for the wife of Shah Jahan after her death in 1631. It is constructed of white marble inlaid with gems. At each corner is a minaret, and passages from the Koran adorn the outer walls. Both Shah Jahan and his wife are buried in a vault beneath the dome.
Encarta
.
Taj Mahal Gardens
The gardens of the Taj Mahal, located in Agra, are an example of 17th-century Islamic architecture. The use of symmetry and pattern is evident in the relationship between sun and shade, plants and water, and light and dark. The effect is that of a Persian rug leading to the entrance of the famous mausoleum.
དྲ་གྲོགས་བློ་བཟང་མཁྱེན་བརྩེ་ལགས། ཉིད་ཀྱིས་དཀའ་བ་དང་དུ་བླངས་དེ་ང་རང་གིས་ཟིན་བྲིས་འདི་ལ་ཞུ་དག་གནང་བ་དེར་ཐུགས་རྗེ་ཆེ། ཡིན་ཡང་། ཉིད་ཀྱིས་འདི་ནས་ཁ་ཆེ་རྒྱལ་བོ་ཞིག་གིས་རོ་ཁང་གི་བསྐོར་ཞིག་བྲིས་འདུག་པ་འདི་ནི་ང་རང་གིས་ཞེ་དྲག་ཧ་གོ་བཞིན་མི་འདུག ཁ་གསལ་ཙམ་གསུང་ན་འགྲིག་གི་ཡོད་དམ། ཉིད་ཀྱིས་འདི་ལྟར་གསུང་འདུག་པ་འདི་གང་གི་དོན་ཡིན་ནམ། <གཞན་ཁྱོད་ཀྱི་ཟིན་བྲིས་ངོས་སུ་ཁྱོར་བས་བཅུས་པའི་པར་དེ་> ངས་ཉིད་ལ་སྐུ་རྩེད་བྱས་པ་གཏན་ནས་མིན་ཧ་གོ་ཡི་མི་འདུག་ལན་ཞིག་གནང་ཐུབ་ན་ཡག་པོ་འདུག བྲེལ་བས་དབང་གིས་མ་ཐུབ་ཀྱང་ལེ་བདའ་མེད་དོ།
དྲ་གྲོགས་ཤ་ཁྲག་གམ་ལྷ་ཀླུ་ལགས། དེ་རིང་ཡང་ངས་ཁྱོད་ལ་“སྨན་པའི་ཕྱིར་དུ་”ཞིབ་དག་ཅིག་མ་བྱས་རང་བྱས་རེད།
ཐོག་མར་ལེགས་བཤད་ལྗོན་དབང་གི་རྩ་ཚིག་ལས། “ཏེ་སྟེ་དེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲགས་མཐར་ཏེ། །ད་དེ་ག་ང་བ་མ་དང༌། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །” ཅེས་དང༌། ཡང་དེ་ཉིད་ལས། “ག་ད་བ་ས་དྲགས་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌༎”ཞེས་པ་འདི་བློ་ལ་ཆུ་རྒྱུགས་རྒྱུགས་ཡོད་ན་གོང་གི་ཕྲད་འདི་དག་སྦྱོར་བ་ལ་ཐོག་པ་མི་དགོས། ཞེས་ཀྱང་ཞུ་བར་འདོད་དོ། །
ཡང་ “མིག་དཔེ་”ཟེར་ན་ལས་ “དམིགས་དཔེ་ ”ཟེར་བ་ཞིག་བོད་སྐད་ལ་མེད་དོ་ཟེར་ན་དེང་སེང་ལ་ཤོས་ཀྱིས་འབྲི་བཞིན་འདུག འདི་ལ་མ་དག་རྒྱུན་འབྱམས་ཞེས་སྨྲ་བར་འདོད། ད་དུང་ལྷན་འཛོམས་ལ་ལྷན་འཛོམ་དང༌། འཕྲོད་བསྟེན་ལ་འཕྲོད་བརྟེན། བཅས་ཏེ་ལ་བཅས་དེ། བཀླགས་རྗེས་ལ་ཀློག་རྗེས། གླུ་ལེན་གར་རྩེ་ལ་གར་རྩེད། དགོས་མཁོ་ལ་དགོས་འཁོ། ཞིག་ཏུ་ལ་ཞིག་དུ། བྱེད་སྲོལ་ཡང་ལ་བྱེད་སྲོལ་ཀྱང༌། དོན་དག་ཅིག་ལ་དོན་དག་ཞིག ཁ་མཆུ་ལ་ཁ་འཆུ། མཐོང་སྟེ་འོང་དུས་ལ་མཐོང་དེ་འོང་དུས། ཉི་མ་འདི་ཚོ་ལ་ཉིན་མ་འདི་ཚོ། ཉི་མ་འདི་ཚོའི་རིང་དུ་ལ་ཉིན་མ་འདི་ཚོས་རང་དུ། མི་ཤོང་ལ་མི་གཤོང༌། གནོན་ཤུགས་ལ་གནོད་ཤུགས། མགོ་བཙུགས་ཏེ་ལ་བཙུགས་དེ། ཕན་པའི་ལས་ཀ་ལ་ཕན་པས་ལས་ཀ་ རྡུང་རེས་ལ་བརྡུང་རེས། སྡེ་བ་འདིའི་མིང་ལ་ལ་སྡེ་པ་འདིས་མིང་ལ། ཞེས་པ་ལ་སོགས་པའི་ཡིག་ནོར་དང་དོན་ནོར། བྱེད་སྒྲ་དང་འབྲེལ་སྒྲ། མིང་ཚིག་གི་དག་ཆ་ནོར་བ་དང་ཆད་པ། ལྷག་པ། འཁྲུག་པ་སོགས་(བཅོ་བརྒྱད་དང་འདི་ཚོ་ཡང་ནས་བསྐྱར་དུ་སླེབས་པ་དང་བཅས་ན་སུམ་ཅུའང་ཡོད་ངེས།)གང་མང་མང་ཞིག་འདུག་པ་ནི། བལྟ་ཞིབ་རགས་པ་ཙམ་བྱས་པ་དང༌། ཡང་སྔོན་ཆད་བཤད་མྱོང་བ་བཞིན་”བརྗོད་དོན་ཚིག་ཉོག་ལ་བསྐུར་འདུག”་ཀྱང་ཟེར་འདོད་བྱུང༌།
འོ་ན་ཁྱེད་ཀྱིས་གཞན་ལ་འཕྱ་བ་དང་སྤྱོ་བ་ལས་ཅི་འཇོན་ཏེ་མི་འཇོན་ནོ་ཟེར་ན། ཤིན་ཏུ་འདོད་དེ། མི་འཇོན་མོད། འོན་ཀྱང་ཉིད་ཀྱི་རྩོམ་ཡིག་གི་དབུར། “ལྷག་པར་དུ་དེ་རིང་སང་གི་དུས་ཚོད་འདི་ལ་དྲ་ཐོག་པ་ང་ཚོའི་ཁ་ལས་ཡིག་རྨོངས་པའི་ ལག་ལེན་ལ་ནུས་ཤུགས་བླ་མ་མེད་པ་ (ཡིག་ནོར་ལ་དོན་ནོར་འབྱུང་བ་ནི་དཔེར་ན། “མི་འགྱངས་པར་ང་ཁྱོད་མཇལ་དུ་ཡོང་”ཞེར་པར། “ང་ཁྱོད་འཇལ་དུ་ཡོང་”ཞེས་བྲིས་པའི་ལན་དུ། “ཁྱོད་ཡོང་ན་རྒྱ་མ་ཆེན་པོ་ཞིག་འཁྱེར་ཤོག་མ་གཏོགས། དེང་སེང་ང་ལ་ཚོ་བུད་བསྡད་ཡོད་པས་འཇལ་དཀའ་ཙམ་སྙམ” ཞེས་བཤད་པ་རེད། དེ་བཞིན་ཉིད་ཀྱིས་“བླ་ན་མེད་པ་”ཟེར་བ་ལ། “བླ་མ་མེད་པ་”ཟེར་ན་འདི་ལའང་གོང་གི་སྒྲུང་དེ་འདྲ་ཞིག་བཟོ་སྲིད།) ཞིག་ཐོན་བཞིན་པ་ཡོད་པ་འདི་དག་ནི། ད་སྐབས་ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་ནས་འོང་དུས། ང་ཚོ་ནི་བཤད་རྒྱུ་དགའ་བ་ལས་ལག་ལེན་བྱེད་མཁན་མིན་པར་ཁས་ལེན་མི་བྱེད་ཐབས་མེད་ དུ་གྱུར་ཡོད།”ཅེས་དང༌། ཡང་
“བོད་གངས་ཅན་པ་ཚང་ལ་ གཏམ་དཔེ་འདི་འདྲ་ཞིག་ཡོད་། ཁ་ནས་གང་བཤད་ལ་མ་བལྟ། ལག་ནས་གང་བྱེད་ལ་ལྟོས་ཟེར་བ་དེ་ནི་ཅི་འདྲའི་དོན་སྙིང་ལྡན་པ་ཞིག་མ་རེད་དམ། ”ཞེས་པའི་གནའ་བོའི་བོད་ཀྱི་གཏམ་དཔེ་དེའང་(འདི་ཟེར་དགོས་ཏེ། ཉེ་བའི་སྒྲ་ཡིན་པས་ཕྱིར།)དག་དག་སྐབས་འདིར་འཕྲོད་འདུག་སྙམ། ཅེས་བྲིས་འདུག་པས། བདག་གིས་ངལ་བ་དང་དུ་བླངས་ཏེ་ཞིབ་དག་“ཙམ”བགྱིས་པར་ཅི་སྐྱོན་ཏེ་མི་སྐྱོན་སྙམ་མོ། ། (གོང་འཁོད་འདི་ནི་ཁྱེད་ཀྱི་རྩོམ་ཡིག་གི་ཞིབ་དག་འདི་བརྒྱུད་ནས་དྲ་གྲོགས་ཡོངས་ལ་སྨན་པར་ཤོག)ཅེས་པ་ལས། གཞན་པའི་ཀུན་སློང་ཅི་ཡང་མེད་དོ། །
དེ་རིང་ཡང་ངས་ཁྱོད་ལ་ཞིབ་དག་ཅིག་མ་བྱས་རང་བྱས་རེད། ཐོག་མར་ལེགས་བཤད་ལྗོན་དབང་གི་རྩ་ཚིག་ལས། “ཏེ་སྟེ་དེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲགས་མཐར་ཏེ། །ད་དེ་ག་ང་བ་མ་དང༌། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །” ཅེས་དང༌། ཡང་དེ་ཉིད་ལས། “ག་ད་བ་ས་དྲགས་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌༎”ཞེས་པ་འདི་བློ་ལ་ཆུ་རྒྱུགས་རྒྱུགས་ཡོད་ན་གོང་གི་ཕྲད་འདི་དག་སྦྱོར་བ་ལ་ཐོག་པ་མི་དགོས། ཞེས་ཀྱང་ཞུ་བར་འདོད་དོ། །
ཡང་ “མིག་དཔེ་”ཟེར་ན་ལས་ “དམིགས་དཔེ་ ”ཟེར་བ་ཞིག་བོད་སྐད་ལ་མེད་དོ་ཟེར་ན་དེང་སེང་ལ་ཤོས་ཀྱིས་འབྲི་བཞིན་འདུག འདི་ལ་མ་དག་རྒྱུན་འབྱམས་ཞེས་སྨྲ་བར་འདོད། ད་དུང་ལྷན་འཛོམས་ལ་ལྷན་འཛོམ་དང༌། འཕྲོད་བསྟེན་ལ་འཕྲོད་བརྟེན། བཅས་ཏེ་ལ་བཅས་དེ། བཀླགས་རྗེས་ལ་ཀློག་རྗེས། གླུ་ལེན་གར་རྩེ་ལ་གར་རྩེད། དགོས་མཁོ་ལ་དགོས་འཁོ། ཞིག་ཏུ་ལ་ཞིག་དུ། བྱེད་སྲོལ་ཡང་ལ་བྱེད་སྲོལ་ཀྱང༌། དོན་དག་ཅིག་ལ་དོན་དག་ཞིག མཐོང་སྟེ་འོང་དུས་ལ་མཐོང་དེ་འོང་དུས། ཉི་མ་འདི་ཚོ་ལ་ཉིན་མ་འདི་ཚོ། ཉི་མ་འདི་ཚོའི་རིང་དུ་ལ་ཉིན་མ་འདི་ཚོས་རང་དུ། མི་ཤོང་ལ་མི་གཤོང༌། གནོན་ཤུགས་ལ་གནོད་ཤུགས། མགོ་བཙུགས་ཏེ་ལ་བཙུགས་དེ། ཕན་པའི་ལས་ཀ་ལ་ཕན་པས་ལས་ཀ་ སྡེ་བ་འདིའི་མིང་ལ་ལ་སྡེ་པ་འདིས་མིང་ལ། ཞེས་པ་ལ་སོགས་པའི་ཡིག་ནོར་དང་དོན་ནོར། བྱེད་སྒྲ་དང་འབྲེལ་སྒྲ། མིང་ཚིག་གི་དག་ཆ་ནོར་བ་དང་ཆད་པ། ལྷག་པ། འཁྲུག་པ་སོགས་(བཅུ་དྲུག་དང་འདི་ཚོ་ཡང་ནས་བསྐྱར་དུ་སླེབས་པ་དང་བཅས་ན་སུམ་ཅུ་ཡང་ཡོད་ངེས།)གང་མང་མང་ཞིག་འདུག་པ་ནི། བལྟ་ཞིབ་རགས་པ་ཙམ་བྱས་པ་དང༌། ཡང་སྔོན་ཆད་བཤད་མྱོང་བ་བཞིན་”བརྗོད་དོན་ཚིག་ཉོག་ལ་བསྐུར་འདུག”་ཀྱང་ཟེར་འདོད་བྱུང༌།
འོ་ན་ཁྱེད་ཀྱིས་གཞན་ལ་འཕྱ་བ་དང་སྤྱོ་བ་ལས་ཅི་འཇོན་ཏེ་མི་འཇོན་ནོ་ཟེར་ན། ཤིན་ཏུ་འདོད་དེ། མི་འཇོན་མོད། འོན་ཀྱང་ཉིད་ཀྱི་རྩོམ་ཡིག་གི་དབུར། “ལྷག་པར་དུ་དེ་རིང་སང་གི་དུས་ཚོད་འདི་ལ་དྲ་ཐོག་པ་ང་ཚོའི་ཁ་ལས་ཡིག་རྨོངས་པའི་ ལག་ལེན་ལ་ནུས་ཤུགས་བླ་མ་མེད་པ་ཞིག་ཐོན་བཞིན་པ་ཡོད་པ་འདི་དག་ནི། ད་སྐབས་ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་ནས་འོང་དུས། ང་ཚོ་ནི་བཤད་རྒྱུ་དགའ་བ་ལས་ལག་ལེན་བྱེད་མཁན་མིན་པར་ཁས་ལེན་མི་བྱེད་ཐབས་མེད་ དུ་གྱུར་ཡོད།”ཅེས་དང༌། ཡང་
“བོད་གངས་ཅན་པ་ཚང་ལ་ གཏམ་དཔེ་འདི་འདྲ་ཞིག་ཡོད་། ཁ་ནས་གང་བཤད་ལ་མ་བལྟ། ལག་ནས་གང་བྱེད་ལ་ལྟོས་ཟེར་བ་དེ་ནི་ཅི་འདྲའི་དོན་སྙིང་ལྡན་པ་ཞིག་མ་རེད་དམ། ”ཞེས་པའི་གནའ་བོའི་བོད་ཀྱི་གཏམ་དཔེ་དེའང་(འདི་ཟེར་དགོས་ཏེ། ཉེ་བའི་སྒྲ་ཡིན་པས་ཕྱིར།)དག་དག་སྐབས་འདིར་འཕྲོད་འདུག་སྙམ། ཅེས་བྲིས་འདུག་པས། བདག་གིས་ངལ་བ་དང་དུ་བླངས་ཏེ་ཞིབ་དག་“ཙམ”བགྱིས་པར་ཅི་སྐྱོན་ཏེ་མི་སྐྱོན་སྙམ་མོ། ། (གོང་འཁོད་འདི་ནི་ཁྱེད་ཀྱི་རྩོམ་ཡིག་གི་ཞིབ་དག་འདི་བརྒྱུད་ནས་དྲ་གྲོགས་ཡོངས་ལ་སྨན་པར་ཤོག)ཅེས་པ་ལས། གཞན་པའི་ཀུན་སློང་ཅི་ཡང་མེད་དོ། །
གཞན་ཁྱོད་ཀྱི་ཟིན་བྲིས་ངོས་སུ་ཁྱོར་བས་བཅུས་པའི་པར་དེ་ཕལ་ཆེར་རྒྱ་གར་གྱི་ Taj mahal ཡིན་པ་འདྲ། རང་རེའི་ཕོ་བྲང་པོ་ཏཱ་ལ་ཁྱོར་བས་བཅུས་ཡོད་པ་ཞིག་བཟོས་བཞག་ན་ཅི་འདྲ། (དཱ་ཇི་མ་ཧཱ་ནི་མོ་རྒོལ་རྒྱལ་པོ་ཤཱ་ཇ་ཧན་གྱིས་རང་གི་ཆུང་མའི་རོ་ཁང་དུ་བཞེངས་པས། དེང་སེང་འཛམ་གླིང་གི་མིའི་བརྩེ་བ་མཚོན་བྱེད་ཀྱི་དཔེ་འཇོག་ས་ཞིག་ཏུ་འདིའི་ལོ་རྒྱུས་བཤད་ཀྱིན་ཡོད། འོན་ཀྱང་རང་རེའི་པོ་ཏཱ་ལ་ནི་མི་རིགས་ཤིག་དང་མི་རིགས་དེའི་ལོ་རྒྱུས། རིག་གཞུང༌སོགས་ཀྱི་མཚོན་དོན་དུ། གནང་དེང་གི་བོད་མི་ཚོས་བསམ་པ་དང་འབྲི་བཞིན་པས་ན། ཁྱོད་རང་ཡང་བོད་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཆེ་བའི་ཆ་ནས། འདི་གཉིས་ལ་ཁྱད་པར་ཆེན་པོ་མི་འདུག་གམ དྲ་གྲོགས་ལགས།)
ཧ་ཧ་ཧ། འདི་ཕལ་ཆེར་ཆོ་མེད་པའི་བསམ་ཚུལ་ཞིག་ཡིན་ཐང༌། མཇལ་ཡོང༌།