མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚུགས་ཀ་མེད་ཀྱང་བཟོ་ལྟ་བཏོན་ཡོད།

༢༠༠༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་ལ་ཉེ་སྐབས་འདིར། ཕྲན་རྭ་རྒྱ་བློ་དབང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་ ༼ བོད་ཀྱི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་བའི་དྲན་རྟེན་དུ། ༽ གྲྭ་སའི་ཟིན་ཐོ་ཞེས་པ་དང་གླེང་མོལ་ཞེས་པའི་དེབ་ཆུང་གཉིས་པར་དུ་བསྐྲུན་པ་ཡིན་ལ། དེབ་ཆུང་འདི་གཉིས་ནང་གཙོ་བོ་ལོ་གཅིག་རིང་གི་བོད་ཀྱི་དུས་བབ་ཟིན་བྲིས་སྟེང་སྤེལ་བའི་རྩོམ་ཡིག་ཁག་ལས་ཅུང་ལེགས་འདེམས་ཀྱིས་བཀོད་ཡོད་པ་མ་ཟད། ཟིན་བྲིས་སུ་བཀོད་སྐབས་དྲ་གྲོགས་ཚོས་ལྷག་བསམ་རྣམ་དག་གིས་བགྲོ་གླེང་དང་མཆན་དུ་བཏབས་པ་དག་ཀྱང་བཀོད་ཡོད་པས། ཕྲན་རང་གཉིས་ཀྱི་ལྟ་ཚུལ་ཙམ་མིན་པར་དྲ་ཐོག་གི་གླེང་མོལ་རྨ་མེད་པ་ཞིག་ཏུ་བསྐྲུན་ཐུབ་པ་བྱུང་ཡོད།
དེབ་འདི་གཉིས་དཔར་དུ་བསྐྲུན་སྐབས་ངེད་ཟུང་གིས་དམིགས་འདུན་འདི་ལྟ་བུ་ཞིག་བཅངས་ཡོད་དེ། གྲྭ་སའི་ཟིན་ཐོའི་གླེང་བརྗོད་ ༼ སྔོན་དུ་བཏང་བའི་ཚིག་འགའ། ༽ ཞེས་པའི་ནང་ད་ལྟ་ཕྱི་ནང་གཉིས་སུ་ཐད་ཀར་བོད་ཡིག་གི་ལམ་ནས་གླེང་མོལ་དང་བསམ་ཚུལ་སྤེལ་རེས་བྱེད་པ་སོགས་བོད་ཡིག་ལའང་དུས་དང་བསྟུན་པའི་ཡར་རྒྱས་ཀྱི་རྣམ་པ་དགའ་རབ་ཅིང་བྱུང་བར་དགའ་གུས་མཚོན་སླད། དྲ་རྒྱའི་སྟེང་བཀོད་པའི་རྩོམ་ཡིག་འདི་རྣམས་ཕྱོགས་བསྒྲིགས་ཀྱིས་དྲ་རྒྱ་ཐད་ཀར་ཀློག་པར་མཐུན་རྐྱེན་དང་ཁོར་ཡུག་གིས་བཀག་འགོག་ཐེབས་པ་ཚོར་དྲ་སྟེང་གི་རང་དབང་དང་གུ་ཡངས་ཆེ་བའི་གླེང་མོལ་གྱི་རྣམ་པ་དེ་དཔེ་སྟོན་ཙམ་བྱེད་ན་འདོད། ཅེས་དང་།
གླེལ་མོལ་གྱི་གླེང་བརྗོད་ ༼ གླེང་མོལ་གྱི་རང་གཏམ། ༽ ཞེས་པའི་ནང་ཆུང་བྱིས་དུས་ནས་བོད་སྐད་བོད་ཡིག་ཁོ་ནར་སྦྱངས་ཤིང་། མི་ཚེ་ཧྲིལ་བོར་བོད་སྐད་ཡིག་གི་ཚེ་སྲོག་རྒྱུན་མཐུད་ཀྱི་ཆེད་དུ་ཕྱག་ལས་གནང་མྱོང་མཁན་མང་བོ་ཞིག་ད་དུང་དྲ་ཐོག་ཏུ་གླེལ་མོལ་བྱེད་པར་ཕེབས་ཐུབ་ཀྱི་མེད་ཅིང་། ཁོང་ཚོས་དྲ་ཐོག་ན་ཐད་ཀར་དུ་རྩོམ་ཡིག་སྤེལ་ས་དང་མཆན་མཁན་གྱིས་དེ་ལ་ཐད་ཀར་མཆན་འབྲི་སའི་ཁོད་ཡངས་ཤིང་། རང་དབང་ཆེས་ཆེར་ལྡན་པའི་གླེང་མོལ་གྱི་དོ་ར་ཞིག་ཡོད་པར་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། གླེང་མོལ་གྱིས་དེ་ལྟ་བུའི་བོད་སྐད་ཡིག་ལ་དུང་ཞེན་ཟབ་པའི་རྩོམ་མཁན་དང་ཀློག་མཁན་གཅིག་གཉིས་ཤིག་ཡིན་རུང་ང་ཚོའི་གླེང་མོལ་གྱི་གར་སྟེགས་ཏེ། དྲ་རྒྱ་ཁག་ཏུ་ཕེབས་ཏེ་ང་ཚོ་དང་ལྷན་དུ་གླེང་མོལ་བྱེད་པར་རེ་འདུན་འཆང་ཡོད། ཅེས་གསལ་ཡོད།
དེབ་ཆུང་འདི་གཉིས་ནི་རྩོམ་ལམ་དུ་ཞུགས་ནས་ཡུན་རིང་སོང་མེད་ཅིང་རྩོམ་རིག་གི་ཁོ་ལག་རྒྱས་མེད་པའི་གསར་སྐྱེས་རྩོམ་པ་བོ་གཉིས་ཀྱི་ལྟ་སྤྱོད་ཙམ་ལས་སྟོན་མི་སྲིད་ཀྱང་། ཕྲན་རང་གཉིས་ཀྱིས་ངོ་ནས་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་གནས་བབ། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཐད་ཀྱི་འཆར་སྣང་། ཉིན་རེ་བཞིན་བྱུང་དང་འབྱུང་བཞིན་པའི་སྤྱི་ཚོགས་འཚོ་བའི་དཀའ་ཉོག་གི་འདི་འཛུ་བཅས་མང་བོ་ཞིག་གླེང་ཁུལ་བྱས་ཡོད་མོད། གང་གླེང་འདོད་པ་རྣམས་དེབ་ཏུ་གླེང་ཟིན་པས་འདིར་རྒྱས་འབྲེལ་མང་བོ་ཞིག་བྱེད་པའི་དགོས་གལ་མ་མཐོང་བས་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན་ལ། སླར་ཡང་བོད་ཀྱི་དུས་བབ་དྲ་རྒྱ་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་ལ་ཉེ་བས་མི་ཚད། ཉིན་རེ་བཞིན་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་སྙིང་ནས་དགའ་གུས་དང་མུ་མཐུད་ཤུགས་སྣོན་ཡོང་བའི་རེ་སྐུལ་བཅས་རེ་ཞིག་མཇུག་བསྡུ་བ་ལགས།
ཕྲན་ཟུང་གིས།
ཕྲན་གཉིས་ཀྱི་དེབ་ཏུ་མཆན་འདེབས་མཁན་ནི་གཤམ་གསལ་ལྟར་ཡིན།
ཀླུ་སྨྱོན་དང་ཀླུ་མཁར་བྱམས། སྐྱ་ཀ་ཁ། ཁ་བ་དཀར་བོ། འཁྱམས་པོ། ཁ་འབབ་བཞི། མགོན་པོ་ཕྱག་གཉིས་པ། གངས་རྡེའུ། གངས་རིའི་གླིང་བུ། གླེན་པ་ལུག ལྕགས་རྒྱ་འགྲམ་ནག འཇིགས་བྲལ་བསྟན་འཛིན། སྟག་སྨྱོན། མདུང་རྩེ། ནོར་འཛིན་དོན་འགྲུབ། སྤོབས་པ་མཐའ་ཡས།  བོད། ཤ་ཁྲག་རུས་གསུམ། བོན་རྒྱ་བསྟན་འཛིན་རབ་རྒྱས། འབྲོག་རུ་ཆོས་གྲགས། འབྲོང་ར་བཟི། བོད་ཀྱི་བུ། འབིག མི་ནག་ཚང་ལུང་རིག་རྒྱལ། མྱི་སྨྱོན། མེ། བཙན་པོ། ཚེ་རིང་སྐྱིད། ཚེ་རིང་།  ཚེ་རིང་བཀྲ་ཤིས། ཚེ་རིང་བུ། ཟླ་བ་ཚེ་རིང་། འོད་དཀར། ཡོན་བྷེ། ཡེ་ཤེས་རིན་ཆེན། ཤར་སྐྱེས་གངས་བུ་ཁྱུང་རྒོད། བསོད་དེ། སེར་ལྷོ་བློ་བཟང་རྒྱ་མཚོ། ལྷ་ཆབ་སྦྱིན་པ། ཨ་རིག་དགེ་མཐོང་། ཨ་བྱམས་རྒྱལ། ཨ་རིག་རྒད་པོ། ཨརྱ། བཅས་སོ། །
 
མིང་རྣམས་ཀ་ཕྲེང་ལྟར་བསྒྲིགས་པ་ལགས་སོ། །
 
 
འབྲེལ་གཏུགས་བྱེད་ཡུལ།
རྭ་རྒྱ་བློ་དབང་། གློག་འཕྲིན་ཨང་། ragya_lowang@yahoo.co.in ཁ་པར་ཨང་། 09945335774
ཨ་རིག་འགྱུར་མེད། གློག་འཕྲིན་ཨང་། aric_gyurmey@yahoo.co.in ཁ་པར་ཨང་། 09741887395

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 36

  1. akangtsen says:
    ལོ་ 16 སྔོན།

    ཚོང་ཟེར་བ་འདི་ཕུ་ཐུང་ནང་ནས་འགྲིག་རུང་ཆོག་ལ་ཕུ་ཐུང་ཕྱི་ནས་འགྲིག་རུང་ཆོག་གི གཙོ་བོ་ཚོང་རྒྱག་དགོས་ནི་རེད། ཡིན་ནའང་། ཚོང་ལམ་འདི་བཟང་རྒྱུ་མེད་ཀྱང་། གཙོ་བོ་ངའི་ཚོང་རྫས་ས་གནས་གང་སར་སླེབས་རྒྱུ་གལ་ཆེན་རེད་ལ། ཚོང་པ་རྙིང་པ་ཁྱོད་ལྟ་བུའི་ལག་ཏུ་འབྱོར་རྒྱུ་དེ་བས་ཀྱང་གལ་ཆེ་བས་ངས་ཚོང་ལམ་འདི་མི་བརྒྱུད་ཐབས་མེད་རེད་ཡ། ཀུ་རེ་ཡིན།

    Reply
  2. akangtsen says:
    ལོ་ 16 སྔོན།

    གོང་དུ་ངའི་གློག་འཕྲིན་ཨང་བྲིས་ཡོད། རྩོམ་གྱི་གཤམ་དུ་བྲིས་ཡོད། དེའི་སྟེང་དུ་བསྐུར་ཆོག

    Reply
  3. kawakarpo says:
    ལོ་ 16 སྔོན།

    ངས་དང་པོ་ཉིད་ནས་རང་རེ་གཉིས་ཀྱི་ཚོང་དེ་ཕུ་ཐུང་ནང་ནས་གཏམ་དགོས་པ་ཞིག་ཏུ་མཐོང་སོང་། ལྟོས་དང་། ད་ཡིན་ན་ཕུ་ཐུང་ཕྱི་ནས་འགྲིགས་སོང་། ཡིན་ན་ཡང་གཟབ་གཟབ་བྱོས་མ་གཏོགས་ཚོང་ལམ་འདི་བརྒྱུད་ནས་ཡོང་མཁན་ཇེ་མང་དུ་གྱུར་ན་ཁྱོད་ལ་གྱོང་རེག་གི་རེད་དོ། །གང་ལྟར་ཐུགས་རྗེ་ཆེ།

    Reply
  4. kawakarpo says:
    ལོ་ 16 སྔོན།

    ཨ་རིག་ལགས། འདིར་ཉིད་ཀྱི་གློག་ཡིག་ཁ་བྱང་ཞིག་འཇོག་ཐུབ་ཚེ་ངའི་སྡོད་གནས་ཁ་བྱང་དེ་འབུལ་ཡོང་།

    Reply
  5. akangtsen says:
    ལོ་ 16 སྔོན།

    དྲ་གྲོགས་འབྲོག་རུ་བ། ཨ་རིག་གླེན་རྒན་ངས་ཐེངས་འདིར་ཡང་གླེན་རྟགས་ཚ་ཐག་ཆོད་ཅིག་བསྟན་པར་ཁྱེད་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ། ཉིན་ལྔ་ནང་ཚུན་དུ་དེབ་གཉིས་ངྷ་ས་དབུས་ལས་ཁུངས་སུ་འབྱོར་ངེས་པས་དེ་རུ་རག་ཐུབ། ཐུགས་འཇགས་འཚལ།

    Reply
  6. choedak says:
    ལོ་ 16 སྔོན།

    དེ་རིང་མ་གཏོགས་འདིར་ལྟ་ཐུབ་མ་སོང་། རྣམ་པ་གཉིས་ཀྱིས་བྱ་བཞག་དེར་རྗེས་སུ་ཡི་རངས་ཡོད།
    དེབ་དེ་གཉིས་འདི་ནས་རེག་གི་མི་འདུག
    ཨ་རིག་ལགས་ཁེྱད་ཅག་གི་ལས་ཁུངས་སུ་འབྲེལ་བ་བྱས་ནས་ང་ལ་དེབ་དེ་གཉིས་རེག་ཐབས་བྱ་རོགས།

    Reply
  7. akangtsen says:
    ལོ་ 16 སྔོན།

    ཧཧཧཧ
    འུ་གཉིས་ལ་ཚོང་གཏན་ནས་འགྲིག་ས་མ་རེད། ཀུ་རྩེད་ཞུས་པ་ཡིན།
    སྐུ་ཉིད་ནི་དེབ་ཀློག་པར་སྤྲོ་ཞིང་རང་རེའི་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་བོ་རྒན་གྲས་ཤིག་ཡིན་སྟབས། ཉིད་ཀྱིས་ཕྲན་ཆུང་གཉིས་ཀའི་དེབ་ཀློག་པ་ཙམ་གྱིས་ངེད་གཉིས་ཀྱིས་འདོད་པ་ཡོངས་སུ་ཁེངས་པ་ཡིན་པས། ཉིད་ཀྱི་སྡོད་གནས་ཁ་བྱང་སྤྲོད་དང་རིན་མེད་དུ་སྐུར་ཆོག ཐེངས་འདིར་རིན་མེད་ཟེར་བ་ལས་དེབ་གླ་དང་བསྐུར་གླ་གཉིས་ཀ་བཤད་ཀྱི་མེད། ད་ངེད་གཉིས་ཚོང་ཡོང་ས་ཨེ་རེད།

    Reply
  8. kawakarpo says:
    ལོ་ 16 སྔོན།

    ཨ་རིག་ལགས། དེབ་དེ་ཉོ་ཐུབ་པར་དགའ་བོ་བྱུང་། ཡིན་ན་ཡང་སྐུར་གླ་དང་སྐུར་གླ་སྐུར་གླ་གཉིས་ཀྱི་སྐུར་གླ་སྐུར་གླ་དེ་མང་ཙམ་འདུག་པས། ངས་ཏོག་ཙམ་བསམ་བློ་ཞིག་གཏོང་ཆོག་པར་ཞུ། གང་ཡིན་ཟེར་ན་སྐུར་གླ་དེ་ཧིན་སྒོར་ཉིས་བརྒྱ་ལྷག་ཡིན་གྱི་མ་རེད་བསམས། འོན་ཀྱང་སྐུར་གླ་དེ་ཕར་སྐུར་དུས་དེ་སྐུར་གླ་ཡང་ཉུང་མཐར་ཨ་སྒོར་བཅུ་རེད། ང་རང་ཨ་སྒོར་བཅུ་ལ་ཐུག་མེད་ཀྱང་ཨ་སྒོར་ལྔའི་སྐུར་གླ་རུ་ཨ་སྒོར་བཅུ་སྤྲོད་དགོས་དུས་ཁྱད་མཚར་ཞིག་འདུག དེའི་ཕྱིར་གནས་སྐབས་འགྱང་ཙམ་གནངས་དང་སང་ལོ་ང་རང་དེ་རུ་ཡོང་དུས་ཕལ་ཆེར་དེབ་དེ་རེག་ཐུབ་ཀི་རེད་བསམས།

    Reply
  9. akangtsen says:
    ལོ་ 16 སྔོན།

    ཁ་བྱང་ཤིག་ཅེས་པ་ཞིག་ཏུ་བཅོས་རོགས།

    Reply
  10. akangtsen says:
    ལོ་ 16 སྔོན།

    ཁ་བ་དཀར་བོ་ལགས། ཉིད་ཀྱིས་ཕྲན་གྱི་གློག་འཕྲིན་ཁ་བྱང་སྟེང་ངམ། ཡང་ན་འདི་རུ་ཁྱེད་ཀྱི་ད་ལྟའི་སྡོད་གནས་ཀྱི་ཁ་བྱང་ཤིག་ཞོགས་དང་། ཕྲན་གྱིས་སྦྲགས་ཁང་བརྒྱུད་ཁྱེད་ལ་དེབ་རེ་བསྐུར་ཆོག མ་ཟད་ཁྱེད་ཀྱི་ཁོར་ཡུག་ན་བོད་རིགས་ཀློག་པ་བོ་མང་ཚེ་དེབ་འགའ་བསྐུར་ཚེ་འགྲིམས་མིན་ཡང་གསུངས་རོགས།
    ཡིན་ནའང་། དེབ་གླ་ཟེར་ན་མི་ཤེས་མོད་བསྐུར་གླ་བསྐུར་རྒྱུ་བརྗེད་མི་ཉན། འདི་འུ་གཉིས་ཐོག་པར་དེབ་བཙོང་མཁན་དང་དེབ་ཉོ་མཁན་གྱི་འབྲེལ་བ་བྱུང་དུས་ཡིན་སྟབས། ངས་ཀྱང་ཁྱོད་ལ་ཁ་དམར་ནས་བཤད་རྒྱུ་ཡིན། དགོངས་དྭངས། མ་བདེ་བ་ཞིག་འདུག

    Reply
  11. kawakarpo says:
    ལོ་ 16 སྔོན།

    དེབ་དེ་ཨ་རི་ནས་མངགས་ཉོ་བྱེད་ཐུབ་བམ། ང་ནི་ལས་དབང་དམན་པར་མགོ་གནམ་ལ་མི་རེག་རྐང་བ་ས་ལ་མི་ཐུག་པའི་ས་མཐའ་སྡེ་མཐའ་ཞིག་ཏུ་འདི་ལྟར་ལྷུང་སོང་།

    Reply
  12. shitsangwa says:
    ལོ་ 16 སྔོན།

    དྲ་ཚིགས་འདིར་ http://www.shitsangwa.blogspot.com འདིར་ཕེབས་པར་དགའ་བསུ་ཞུ།

    Reply
  13. akangtsen says:
    ལོ་ 16 སྔོན།

    དྲ་གྲོགས་གངས་རིའི་གངས་བུ་ལགས།
    སྐུ་ཉིད་ཀྱིས་རྭ་རྒྱ་བློ་དབང་དང་ཕྲན་ཟུང་ལ་ཡང་དང་རིམ་པས་ཐུགས་ཁུར་དང་རྒྱབ་སྐོར་གནང་བ་མ་ཟད། འདིར་སླེབས་ནས་དེབ་སྐོར་ལས་འཕྲོས་པའི་བསམ་ཚུལ་བརྗོད་པ་བཅས་ལ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ།

    Reply
  14. akangtsen says:
    ལོ་ 16 སྔོན།

    བསྒྲགས་ཞེས་པ་བསྒྲིགས་ཞེས་པར་བཅོས་རོགས།

    Reply
  15. akangtsen says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་ཚེ་དཔག་ལགས། ངས་ཁྱེད་ཀྱི་མིག་མདུན་དུ་ཚགས་ཤོག་ཡིག་ནོར་ཅན་མང་བོ་ཞིག་སྤུངས་ཟིན་པས་མི་ཚད། ད་ཡང་དེབ་ཅིག་དྲུད་ནས་ཡོང་དུས་ཁྱེད་རང་རྦད་དེ་ཉོབ་འགྲོ་བར་ཧ་ཅང་སྐྲག དེ་ནི་དེབ་བསྒྲགས་སྐབས་ཁ་བར་ལག་བར་ནས་ཤོར་བའི་ཡིག་ནོར་མང་དག་ཅིག་ཁ་སང་དེབ་དཔར་ཚར་དུས་གཞི་ནས་རེ་རེ་བཞིན་མཐོང་ཡོང་གི་འདུག་པས་ཡིན། ཡིན་ནའང་། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། དེབ་ཇི་ལྟར་རག་མིན་སྐོར་ཞིག་དྲིས་པ་ཙམ་གྱིས་བདག་ཉིད་དགའ་སྤྲོས་མྱོས་ཡོད། ཐུགས་རྗེ་ཆེ་ཞུ་བ་ཡིན།
    གལ་སྲིད་སྐུ་ཉིད་ལ་སེ་ར་དགོན་ན་ངོ་ཤེས་འདྲ་ཡོད་ཚེ་སེ་ར་དགོན་ནས་རག་གི་ཡོད། དེབ་གླ་ཧིན་སྒོར་ ༥༠ རེ་ཡིན་པས་འཁོས་ཀ་ཞན་ཡང་ཉོ་ཐུབ་ལ། དེ་ཡང་སྦྱིན་ཐུབ་ཀྱི་མེད་ཚེ་འབུལ་ཆོག

    Reply
  16. ཚེ་དཔག says:
    ལོ་ 16 སྔོན།

    དྲ་གྲོགས་གཉིས་ལ་རྟེན་འབྲེལ་ཞུ།།
    བླུ་ཡོན་ཐད་ནས་ལན་ཞིག་གནོངས།།
    སེ་ར་དགོན་ནས་ཨེ་རག་གམ།།
    དེ་ནས་རག་ན་འབྱོར་བ་སླ།།

    འོན་ཏེ་ང་ནི་འཁོས་ཀ་ཞན།།
    བླུ་ཡོན་མཐོ་ལ་སྙོབས་པ་དཀའ།།
    རིན་མེད་གནང་རྒྱུ་ཡོད་ན་ནི།།
    དེ་ཡི་བཀའ་དྲིན་སེམས་ནས་འཇལ།།

    Reply
  17. akangtsen says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། ངས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁྱེད་ཅག་གི་ལྷག་བསམ་རྣམ་པར་དག་པའི་གསུང་མོལ་དག་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན། ཁ་སང་ཉིན་དེབ་བཀྲམས་པ་རེད། ངས་བསམ་ན་དྲ་གྲོགས་ཚོས་འདིའི་དགེ་སྐྱོན་གཉིས་ཐད་ནས་མང་དག་ཅིག་མཐོང་ཡོད་རྒྱུ་རེད་ལ། གླེང་འདོད་པ་མང་དག་ཅིག་ཀྱང་སེམས་ངོགས་སུ་འཚང་ཁ་རྒྱག་བཞིན་ཡོད་ངེས་པས་ངེས་པར་དུ་གསུངས་རོགས་མཛོད།

    དེ་མིན་དྲ་གྲོགས་ལྕགས་རྒྱ་འགྲམ་ནག་ལགས། གོང་གི་མཆན་མཁན་དག་གིས་ཁྱོད་ལ་བསྐུལ་བ་ལྟར་དེ་རིང་ནས་ཉིད་ཀྱིས་ཀྱང་ཟིན་བྲིས་རེ་སྤེལ་ན་བཟང་གི་སྙམ། ང་ཚོས་ཁྱོད་ཀྱིས་བཤད་པའི་གསུང་མོལ་ཐུང་ངུ་ཞིག་ཡིན་ནའང་རིན་ཐང་ཆེན་པོ་ཞིག་ཏུ་ཚོར་གྱི་ཡོད་ལ། དངོས་གནས་དེ་ལྟ་བུའི་རིན་ཐང་ཡང་ལྡན་ནས་འདུག

    དྲ་གྲོགས་ཡོངས་ལ་སྙིང་ནས་བསྟོད། ཁྱེད་རྣམ་ཞལ་བྲོ།

    Reply
  18. ajamyang says:
    ལོ་ 16 སྔོན།

    ཡང་བསྐྱུར་ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང།་་་་་་གང་ཞེ་ན་་་ཁ་སང་ཁྱེད་ཀྱི་དཔེ་དེབ་རེ་རེ་བླུས་ནས་ལྟ་དུས་དཔེ་ཆའི་ནང་དོན་ཆ་ནས་བྱེད་མ་དགོས་པ་རེད་དབྱིབས་གཟུགས་ཀྱང་སེམས་ཁམས་དང་མཐུན་པའི་སྙིང་རྗེ་བོ་འདུག་་་དེར་མ་ཟད་རིན་གོང་ཡང་ཚུལ་དང་མཐུན་པ་ཞིག་རེད།་་་་བསམ་བློ་ཞིག་བཏང་ནས་ལྟ་དུས་ཁྱེད་གཉིས་ཀྱིས་རང་གི་རིགས་གཞུང་ལ་ཤ་ཚ་དང་དེ་མི་ཉམས་རྒྱུད་འཛིན་ཉམས་པ་སླར་གསོའི་དམིགས་ཡུལ་ཞིག་གིས་བཅིངས་ནས་ཕུད་འདུག་བསམ་སྟེ་བློ་སྟོབས་དང་དགའ་སྤྲོ་ཞིག་ངང་གིས་བྱུང་།

    Reply
  19. Jakgya Damnak says:
    ལོ་ 16 སྔོན།

    གནས་སྐབས་རིང་སྒྱིད་ལུག་གི་དབང་དུ་ཤོར་ནས། དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། དེ་རིང་དྲ་གྲོགས་མང་དག་ཅིག་གི་རྩོམ་ཡིག་བཀླགས་ཏེ་སྣང་བ་སྐྱིད་པོ་བྱུང་། ཁ་སྔོན་བོད་ནང་གི་དྲ་རྒྱ་ཁག་དེ་དག་ཀློག་སྐབས་བཙན་བྱོལ་གྱི་ཟིན་བྲིས་པ་ཁག་ཅིག་གིས་ཀྱང་ཟིན་བྲིས་ཐོ་འགོད་བྱས་ཡོད་པ་མཐོང་ནས་ཧ་ཅང་དགའ་སོང་། ཡིན་ནའང་དེ་རིང་རྡོ་འབུམ་དཔེ་འཕྲིན་གྱི་ཝེ་ཁེ་རིག་མཛོད་ཆེན་མོའི་དྲ་རྒྱ་རུ་འཛུལ་སྐབས། དེའི་ཐོག་ཏུ་གནས་ཚུལ་སྤེལ་གྲངས་ཧ་ཅང་ཉུང་བ་མཐོང་ནས། ཡང་སྐྱར་དྲ་ཐོག་ཏུ་ཡོང་སྟེ་དྲ་གྲོགས་ཚོ་དང་མཉམ་དུ་དེའི་སྐོར་ལ་ཁ་བརྡ་ཤིག་བྱས་ན་བསམ་བྱུང་། དུས་ཚོད་དང་འདོད་མོས་ཡོད་མཁན་ཚོས་ཝེ་ཁེ་རིག་མཛོད་ཆེན་མོ་དེར་མིག་བཤེར་ཤིག་བྱོས་དང་། http://bo.wikipedia.org ང་ཚོར་དེའི་ཐོག་ན་སྟོང་ཆ་མང་པོ་ཞིག་ཁ་སྐོང་བྱེད་རྒྱུ་འདུག ས་ཆའི་ཁོངས་ནས་གཅན་ཚའི་གནས་ཚུལ་ཅུང་ཙམ་ཞིབ་ཕྲ་འདུག དེ་མ་གཏོགས་ཕལ་ཆེར་ས་བཅད་མ་སྟོང་ཙམ་རེད། ཕན་ཚུན་སྡིགས་རེས་བྱས་ཏེ་དུས་ཚོད་སྐྱེལ་བ་ལས་ང་ཚོས་ལས་གཞི་འདིའི་ཐོག་ཏུ་མཉམ་རུབ་བྱས་ན་མི་རབས་ཚ་རྒྱུད་ལ་ཕན་པའི་ལས་ཞིག་ཏུ་འགྱུར་རྒྱུ་རེད་ཨང་སྙམ།

    Reply
  20. sha tak ri sim says:
    ལོ་ 16 སྔོན།

    དངོས་ནས་རྗེས་སུ་ཡི་རུང་རེད། དྲ་གྲོགས་འདི་གཉིས་ཀྱི་འདི་ལྟར་དྲ་གྲོགས་ཚོ་ལ་དུས་ཐོག་དུ་ལན་འདེབས་བྱས་པ་དེར་བཀའ་དྲིན་ཆེ་ཞུ།
    དྲ་གྲོགས་རྙིང་བ་ལྕགས་རྒྱ་འགྲམ་ནག་ལགས། སྐུ་བཟང་བདེ་ཐང་ཡིན་ནམ། དེ་རིང་བར་དུ་ཡུན་རིང་བར་མཐོང་མ་སོང་། སྐུ་ཉིད་ཀྱིས་ཟིན་བྲིས་ཡོད་སར་བསྐོར་ཉུལ་རེ་བྱས་པ་ཡིན་ཡང་སྟོང་སིང་ངེ་འདུག དེ་རིང་གཞི་ནས་མཐོང་རྒྱུ་འདུག་པ་དགའ་ཚོར་བྱུང་། རེད་ཡ་ལས་ཀ་གལ་ཆེན་རེའི་སྟབས་ཀྱིས་ཁོམ་ལོངས་མེད་པར་བཞུགས་པ་ཡིན་ན་ནི་གནས་ཚུལ་ལོག་པ་རེད། དེ་མ་གཏོགས་དྲ་ཐོག་དུ་བསྐོར་ར་རེ་བྱེད་རྒྱུ་མ་བརྗེད་རོགས། ཁྱེད་ཀྱིས་དྲ་གྲོགས་སྟག་སྨྱོན་ཨེ་ཤེས། ཤེས་ན་དྲ་གྲོགས་་ཚོས་དྲན་བཞིན་འདུག་ཟེར་ནས་གསུང་རོགས་ཞུ། མི་ཤེས་ན་ངས་ཐབས་ཤེས་རེ་ཨེ་རེག་བལྟས་ཀྱང་ཆོག

    Reply
  21. lomabota says:
    ལོ་ 16 སྔོན།

    དྲ་གྲོགས་ཁ་བ་དཀར་པོའི་ཐུགས་རེ་ལྟར་གུས་པ་གཉིས་ཀྱི་དེབ་ཀྱི་དཀར་ཆག་འདིར་འགོད་ཀྱི་ཡིན། དེབ་གཉིས་ཀར་ཤོག་གྲངས་ ༡༧༤ རེ་ཡོད། དེ་ཆེད་དུ་དམིགས་པ་མ་ཡིན་པར་སྟེས་དབང་གིས་དེབ་གཉིས་ཀར་མང་ཉུང་མེད་པ་ཞིག་ཆགས་སོང་།
    ཨ་རིག་འགྱུར་མེད་ཀྱི་རྩོམ་དེབ། གླེང་མོལ་གྱི་དཀར་ཆག
    ༡གླེང་མོལ་གྱི་རང་གཏམ། ༢བལྟས་བལྟས་རིག་རིག་ཏུ། ༣ང་ཚོའི་འདོད་རྔམ་དང་དཔལ་འབྱོར་གནས་བབ། ༤ངའི་ཀུན་སྤྱོད་དག་ཉམས་རྒུད་དུ་འགྲོ་བཞིན་འདུག ༥༸གོང་ས་མཆོག་སྐུ་ངལ་གསོ་དགོས་ཀྱི་འདུག་གམ ༦༸གོང་ས་མཆོག་སྐུ་ངལ་གསོ་རན་འདུག ༧བགྲེས་སོང་ཁོང་གི་བདུན་ཕྲག་གཉིས་རིང་གི་མཛད་འཕྲིན་ཁག ༨བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པའི་ཉིན་ནི་བོད་དོན་ཐག་གཅོད་བྱུང་བའི་ཉིན་ཡིན། ༩བོད་རྒྱ་མི་རིགས་གཉིས་ཇི་ལྟར་མཉམ་གནས་བྱེད་དམ། ༡༠པར་ཐོག་གི་བཟའ་ཟླ། ༡༡དཀྲོག་གཏམ་འདི་དག་སུས་བཟོས་པ་རེད། ༡༢བོད་མིའི་སེམས་ཁོང་གི་བོད་མི། ༡༣གླུ་མ་རིག་འཛིན་སྒྲོལ་ལ་གདངས་སུ་གྱེར་བ། ༡༤སྤྱི་ཚོགས། རྩོམ་པ་པོ། རྩོམ་རིག ༡༥ང་རྩོམ་པ་པོ་དང་གསར་འགོད་པ་ཞིག་མ་རེད། ༡༦མར་མེ་འདི་གཟིམ་པ་མེད་པར་སྨོན། ༡༧ངས་འདི་ལྟར་ཞུ་འདོད། ༡༨སྟོང་ལོ་བརྒྱད་པའི་ཤར་དུང་རི་ལས་འཕྲོས་པའི་གཏམ། ༡༩དུས་འགྱུར་རྩོམ་ཡོན་དང་བདག་གི་རྨི་ལམ། ༢༠ཟླ་བ། ངའི་བརྩེ་དུང་གི་དཔང་པོ། ༢༡ཐུགས་རྗེ་ཆེ་ཞུ།
    བཅས་ཡིན། རྩོམ་དེབ་ལ་ཤོག་གྲངས་༡༧༤་ཡོད།

    རྭ་རྒྱ་བློ་དབང་གི་དེབ། གྲྭ་སའི་ཟིན་ཐོའི་དཀར་ཆག
    ༡སྔོན་དུ་བཏང་བའི་ཚིག་འགའ། ༢མི་གཞིའི་འཕྲོས་བཤད། ༣གྲྭ་སའི་ཟིན་ཐོ་ལས། གྲྭ་བ་དང་བོད་ཀྱི་ཤེས་རིག་གི་འབྲེལ་བ། ༤བོད་ལ་རང་སྐྱོང་གི་ཐོབ་ཐང་མེད། ༥ང་སྤེ་ཏི་ནས་ངུས་པ། ༦ཡར་ལངས། ལས་འགུལ། ༧གྲྭ་བ་ཚོ་མི་མ་རེད། ༨གྲྭ་སའི་ཟིན་ཐོ་ལས། བོད་ཀྱི་ཤེས་རིག་བསྐྱར་ཟློས་དང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་གདོང་རིས། ༩འཛམ་གླིང་འདི་ན་བོད་པ་གཅིག ༡༠བཙན་བྱོལ་བོད་མིའི་དམིགས་བསལ་གྱི་འོས་འགན་དང་བོད་ཀྱི་སྤྱི་ཚོགས། ༡༡མིའི་རིན་ཐང་ནི་ནམ་ཡང་ཆ་མཉམ་ཡིན། ༡༢བཙན་བྱོལ་བོད་མིའི་རྩོམ་རིག་སྣང་ཚུལ་ལས་འཕྲོས་པའི་བསམ་ཚུལ་འགའ། ༡༣མཐོང་ཆུང་ཚད་མེད་མྱོང་བའི་བོད་མི་དམངས། ༡༤ཡི་གེ་འགའ་ཞིག་གི་སྒྲ་གདངས་ལས་འཕྲོས་པའི་བསམ་ཚུལ་ཐོར་བུ། ༡༥བོད་ཀྱི་གཞིས་ཆགས་ཁག་ལ་བོད་ཡིག་གཏན་ནས་མི་མཁོ། ༡༦ཉིན་འདི་ཚོར། ༡༧འོད་དང་མུན་པའི་རྣམ་བཤད།
    ཤོག་ངོས་༡༧༤ ཡོད།

    Reply
  22. kawakarpo says:
    ལོ་ 16 སྔོན།

    དེབ་རེ་རེར་ཤོག་ངོས་ཅི་ཙམ་ཞིག་ཡོད་པ་དང་དེབ་གཉིས་ཀའི་དཀར་ཆག་རེ་འདིར་དགོད་ཐུབ་ན་གནས་སྐབས་ཀྱི་མུ་གེ་སེལ་བར་ཕན་པར་བསམ།

    Reply
  23. shitsangwa says:
    ལོ་ 16 སྔོན།

    དུས་བབ་ཚང་གི་གོ་ཁ་ནས་གླེང་མོལ་ཡང་ཡང་བྱས་མྱོང་བའི་བཀུར་འོས་དྲ་གྲོགས་ལྕགས་རྒྱ་འགྲམ་ནག་ལགས། ཡུན་རིང་ཞིག་ལ་མཐོང་རྒྱུ་མ་བྱུང་བར་བློ་ཕམ་ཡང་ཡང་སྐྱེས་མྱོང་ལ། སྐད་ཤུགས་ཆེན་པོས་ཁྱོད་ཕྱོགས་སུ་ཀུ་རིང་རེ་འདེབས་རྒྱུའང་དྲན་མོད། ཡང་ཆུ་ནང་རྟུག་དྲི་བཏང་བ་ལས་མེད་པར་བསམ་ནས་འདི་ལྟར་ཁ་རོག་གེར་བསྡད་པ་ཡིན། དེ་རིང་སྟབས་ལེགས་ཏེ་ཁྱོད་རང་སླར་ཡང་འདིར་སླེབས་པར་འཚམས་འདྲི་དང་དགའ་བསུ་ཞུ། དེ་བས་སྔར་བཞིན་ངེད་ཟིན་བྲིས་པ་ཚོའི་སྐུ་མགྲོན་དུ་ཕེབས་པའི་རེ་བ་ཡོད།

    Reply
  24. tashi says:
    ལོ་ 16 སྔོན།

    དྲ་གྲོགས་རྙིང་པ་་ལྕགས་རྒྱ་འགྲམ་ནག་ལགས། ཁྱོད་ར་རིག་རྒྱུ་ཞིག་ཡོད་ནོ་དགའ་ནི་ཡིན། ཁོམ་པ་རེ་ཡོད་ན་སྐད་ཆ་བསོར་མོ་རེ་ཤོད།

    Reply
  25. tashi says:
    ལོ་ 16 སྔོན།

    དེ་རིང་གྲོགས་པོ་བློ་དབང་དང་འགྱུར་མེད་གཉིས་ཀྱིས་དེབ་བཏོན་པ་ལ་རྗེས་སུ་ཡི་རང་ཞུ། ད་དུང་ཁྱོད་གཉིས་ཀྱིས་དེབ་ཀྱི་རྒྱབ་ཤ་དང་ཚོན་མདངས་ཀུན་གྱིས་ཡག་རབས་དང་རྒྱན་རབས་ཟེར་གྱིན་འདུག ཚིག་སྦྱོར་དང་དག་ཆ་ཐད་ནས་གཞན་གྱིས་ཡིད་སྨོན་མ་ཤོར་ན་དམའ་འབབ་མི་བྱེད་པ་ཕྲན་ལ་གདེང་འཇོག་དང་ཡིད་ཆེས་ཡོད། འདི་ལྟ་བུའི་དེབ་སྤུས་གཙང་ཞིག་རིག་དུས། སེམས་དང་བསམ་པའི་ངོས་ནས་དགའ་རྒྱུ་ཞིག་ཡོང་གིན་འདུག དེ་ནི་ཕལ་ཆེར་ང་ཚོ་རིང་ནས་འགྲོགས་འདྲིས་ཟབ་པ་དང་ཕན་ཚུན་ལ་ལྷད་མེད་པའི་བརྩེ་དུང་ཞིག་ཡོད་པའི་ཡིན་རྒྱུ་རེད། མཐར་ཁྱེད་གཉིས་ཀྱི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ། ཁ་བྲོ་བཀྲ་ཤིས།

    Reply
  26. Jakgya Damnak says:
    ལོ་ 16 སྔོན།

    དྲ་ཐོག་ཏུ་ཡུན་རིང་མ་སླེབས་པར་ཐ་ན་གསང་ཡིག་ཀྱང་བརྗེད་དེ། ཨ་རིག་འགྱུར་མེད་ཀྱི་རོགས་རམ་ལ་མ་བརྟེན་པར་མཆན་བུ་ཞིག་འདེབས་རྒྱུ་ཡང་ལས་སླ་མོ་ཞིག་མ་བྱུང་། དྲ་གྲོགས་གཉིས་ལ་རྟེན་འབྲེལ་ཞུ།

    Reply
  27. lomabota says:
    ལོ་ 16 སྔོན།

    དྲ་གྲོགས་གསར་བརྗེ་སྐྱབས་དང་། བོད་ཤ་ཁྲག་རུས་གསུམ། ཁ་བ་དཀར་པོ། ལྷ་ཆབ་སྦྱིན་པ། བོན་རྒྱ་བསྟན་འཛིན་རབ་རྒྱས། མེ། མི་ཞུན། ཇིང་སྲས་མིག་གསུམ་པ། གངས་རིའི་གླིང་བུ་བཅས་ཀྱིས་རྒྱབ་སྐྱོར་དང་སེམས་ཤུགས་ཀྱི་སྐུལ་བརྡ་བཏང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངེད་གཉིས་ཀྱི་དཔེ་དེབ་ནི་ཤེད་མ་རྒྱས་པའི་རྟེའུ་སྤང་དུ་ལྷུང་བ་དང་འདྲ་བར་སྤྱི་ཚོགས་ཀྱི་གཡོ་སྐྱོམས་དྲག་པོ་ཁྲོད་སྒྱིད་པ་འདར་བའི་ངང་ཚུལ་ཕྱིར་བསྟན་པ་ཙམ་ལས་མ་འདས་མོད། བོད་ཡིག་གི་འཁོར་བསྐྱོད་རྒྱ་ཆེར་འགྲོ་བཞིན་པ་འདིར་སྙིང་དགའ་བའི་རང་བཞིན་རྨ་མེད་པ་ཞིག་ཁུར་ཡོད་པས། ཕྱིས་འབྱུང་གི་ཁྲོད་ནས་གུས་པ་གཉིས་ལ་དྲ་གྲོགས་ཚོའི་ལམ་སྟོན་དང་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་ཞུ། དེ་མིན་གུས་པ་གཉིས་ཀྱི་དེབ་དེ་བཀླགས་ཟིན་པའི་དྲ་གྲོགས་ཚོས་དགེ་སྐྱོན་ཐད་ཀར་གསུང་བའི་རེ་འབོད་ཡང་ཡང་ཞུ་བ་ལགས།

    Reply
  28. free sopu says:
    ལོ་ 16 སྔོན།

    ཧྲ་གི་མུ་མཐུད་དུ་་་་་་་་་་་ ཨ་མའི་བུ། ཁ་དྲོ། བྱ་བ་ལམ་འགྲོ

    Reply
  29. tseekhar says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད། ཁྱོད་དངོས་གནས་ངར་བ་རེད། དེབ་ཆུང་གཉིས་ཀྱི་ཚེ་སྲོག་ངལ་གྱིས་བསྐྲུན་པ་ལ་ཞེ་བསམ་པའི་གཏིང་ནས་རྟེན་འབྲེལ་དང་དགའ་འབོད་ཡིད་རངས་བྱེད་བཞིན་ཡོད་ལགས། ཨ་མའི་བུ། མུ་མཐུད་དུ་ཤུགས་སྣོན་བརྒྱག་ཡ་ཡིན་ད།

    Reply
  30. shitsangwa says:
    ལོ་ 16 སྔོན།

    ངས་ཀྱང་སེམས་ཐག་ཉེ་བའི་དྲ་གྲོགས་བློ་དབང་དང་འགྱུར་མེད་གཉིས་ཀྱི་རྩོམ་དེབ་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་དགའ་གུས་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ལ། མི་རིང་མྱུར་དུ་ལག་སོན་ཡོང་བར་རེ་ལྟོས་ཀྱིས་འཚོས་ཡོད།

    Reply
  31. akangtsen says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་ཚོའི་ཞལ་བྲོ། སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  32. kangwod says:
    ལོ་ 16 སྔོན།

    གྲོགས་བློ་དབང་དང་འགྱུར་མེད་གཉིས་ཀྱི་རྣམ་དཔྱོད་ཀྱི་དཔལ་ལས་ཐོན་པའི་གྲྭ་སའི་ཟིན་ཐོ་དང་གླེང་མོལ་གཉིས་ལ་སྙིང་ནས་བསྟོད། རྗེས་སུ་ཡི་རངས་དང་བཅས་ཀློག་མཁན་སྔོན་མ་ཞིག་བྱེད་འདོད་ཡོད།

    Reply
  33. lhachapjinpa says:
    ལོ་ 16 སྔོན།

    དྲ་གྲོགས་རྭ་རྒྱ་བློ་དབང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་དེབ་འདི་གཉིས་དངོས་གནས་ཡག་པོ་འདུག འདི་ནི་རྒྱབ་སྐྱོར་ཞུ་དགོས་ས་དང་ཡི་རངས་ཞུ་དགོས་ས་ཞིག་རེད། ད་དུང་འདི་ནི་ལྷག་བསམ་རྣམ་པར་དག་པའི་རྩོལ་བ་ཞིག་ཀྱང་རེད། རྒྱང་རིང་བྱང་མཐའ་ནས་ལྷོ་མཐའི་གྲོགས་པོ་གཉིས་ལ་བཀྲ་ཤེས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་ཁྱེད་གཉིས་ཁ་བྲོ། བྱ་གཞག་ལམ་ལྷོང་བྱུང་བར་རྟེན་འབྲེལ་ཞུ་ཞེས་ལྷ་ཆབ་པས་སོ།།

    Reply
  34. kawakarpo says:
    ལོ་ 16 སྔོན།

    དཀའ་སྤྱད་ལ་འོད་སྣང་འབར་ཞིང་ལྷག་བསམ་ལ་མེ་སྟག་མཆེད་པར་བསམ།

    Reply
  35. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ། དེབ་དེ་མཐོང་མེད་ན་ཡང་དྲ་རྒྱའི་ནང་གི་ཟིན་བྲིས་དག་དཔར་བསྐྲུན་བྱས་པ་ཡིན་དུས། ཀློག་མཁན་དང་བོ་ཞིག་གིས་གྲངས་ཆགས་ཡོད་པ་རེད། དངོས་ནས་དགའ་བོ་བྱུང་། འདི་ལྟར་ཁ་ཡོད་ལག་ཡོད་ཀྱིས་ལམ་དུ་ཞུགས་དེ་བོད་པ་ཚང་གི་བོད་ཡིག་གི་སྤྱོད་སྒོ་རྒྱ་ཆེ་རུ་གཏོང་ཐབས་སུ་ཚང་མས་ཧུར་ཐག་བྱེད་ལོས་དགོས།

    Reply
  36. sargikyab says:
    ལོ་ 16 སྔོན།

    རྣམ་གཉིས་ལ་བསྔགས་བརྗོད་དང་རྗེས་ཡི་རངས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese