མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ནི་འདི་འདྲ་ཞིག་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

བཅོས་མའི་གཡོག་པའི་སྐྱི་འབག་རྫུན་མ་འདིས།།
ཕྱི་ནང་ཁ་ཁར་བར་གྱི་མི་ཆུང་བདག།
རིག་སར་ལྷ་ཡི་ཚུལ་དུ་སྤྱོད་པ་ཡག།
མི་མཐོང་ས་རུ་སྲིན་པོའི་རང་གཤིས་ཅན།།

ནང་གི་དེ་ཉིད་ཕྱི་རོལ་ཁྲོམ་དུ་གཡེང་།།
ཁ་ཡི་གླེང་བ་བདེ་སྡུག་ཏིང་སྙོམས་ཤིག།
ལག་ནས་བྱེད་པ་ཆགས་སྲེད་གཡབ་མོའི་མིག།
སྲེད་པ་ཕྲ་མོའི་འབུ་སྲིན་སྙིང་ན་རྩེན།།

ལེགས་པའི་གཏམ་དག་འཆད་ལ་ཤར་ཤར་ཤར།།
མེ་ལེགས་དོན་རྣམས་སྒྲུབ་ལ་མྱུར་འཁྱུགས་འཁྱུགས།།
ལུང་དོར་སེམས་ཀྱི་འགག་ན་ཉལ་བ་ཡི།།
གཟུགས་མེད་ཁྲེལ་གཞུང་མེད་པ་ནང་གི་ཚོར།།

རིགས་ཞེན་བོད་ལ་སྤྲིངས་པའི་ཡི་གེ་ཚོགས།།
ཀློག་མཁན་སྤུན་ཟླ་མང་བོས་བསྟོད་གྱུར་ཀྱང་།།
ཁོག་སྟོང་སྙིང་རུས་མེད་པའི་བུ་སྡུག་ང་།།
བོད་ཀྱི་ལས་དོན་ཕྱོགས་ལ་ལག་ཆད་ཡིན།།

རྩ་བའི་༧བླ་མའི་སྐུ་དཔར་བརྩིགས་ངོས་བཀལ།།
སེམས་ཀྱི་དད་ས་ཡིན་རབས་ཀུན་ལ་བསྒྲགས།།
དོན་ལ་ལག་ལེན་མེད་པའི་ཆལ་བོ་ང་།།
གངས་ཅན་བོད་པ་ཚང་གི་ཞབས་འདྲེན་ཡིན།།

རིགས་སྡེ་ཀུན་ལ་མཐུན་སྒྲིལ་དགོས་རབས་གླེང་།།
རིགས་ཀྱི་སྲུ་ཞུ་རང་གི་སྐད་ཅིག་ཙམ།།
འཇོན་པ་མེད་ཀྱང་ཁ་ཤོམས་ཆེ་ལུགས་འདིས།།
རིགས་ཀྱི་སྤུན་ཟླ་མང་བོ་ཡི་ཐང་ཆད།།

སེམས་ན་འགྱོད་པ་མེད་པའི་དམ་བཅའ་ཞིག།
རི་བོ་གངས་ཅན་ཚང་གི་དོན་དུ་བཞག།
དོན་ལ་རང་རིགས་སྤུན་ཟླའི་དར་རྒུད་ལ།།
སྩོལ་བའི་ལག་རྗེས་ཟེར་བ་རྟ་རྔ་ཙམ།།

ཁ་ནས་སྤྱི་དོན་ཟབ་མོ་ཆུ་བཞུར་བཞུར།།
དོན་ལ་རང་དོན་ཕྲ་མོ་ཁབ་གསོག་གསོག།
སྤྱི་སྒེར་གང་ཡང་མི་ལ་སྟོན་རན་ཞིག།
ད་ལྟའི་བར་དུ་བྱས་མྱོང་ང་ལ་མེད།།

བརྩེ་བའི་དུང་ཤ་དྲོན་མོའི་གླུ་ངག་རེ།།
ཡི་གེའི་གཟུགས་སུ་གྲངས་མེད་ཕབ་ན་ཡང་།།
དོན་ལ་བརྩེ་བ་མེད་པའི་ཁྲེལ་མེད་ང་།།
འཇིག་རྟེན་འདི་རུ་སྐྱེ་བ་དོན་མེད་རེད།།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 26

  1. sha tak ri sim says:
    ལོ་ 16 སྔོན།

    འཇམ་དབྱངས་གྲགས་པ་ལ་ཐུགས་རྗེ་ཆེ་ལགས། ཡིན་ཡང་། ངས་རང་ཉིད་བོད་དུ་སྐྱེ་ནས་བོད་དོན་ཞིག་བྱེད་མ་ཐུབ་པར་ཡོད་པ་འདི་ནི་བོད་མི་རིགས་ཀྱི་ཞབས་འདྲེན་ཞིག་རེད་བསམ་བཞིན་དུས་རྟག་དུ་རང་གིས་རང་ལ་ཁྲེལ་དགོད་བྱེད་ཀྱི་ཡོད་ལགས།

    Reply
  2. jamyangdakpa632 says:
    ལོ་ 16 སྔོན།

    ཐབ་ཚང་ཞེས་པར་བཅོས་རོགས།༎

    Reply
  3. jamyangdakpa632 says:
    ལོ་ 16 སྔོན།

    ཁྱེད་ཞབས་འདྲེན་ཞིག་ག་ལ་ཡིན།བག་ལེབ་ཟོས་ནས་ཐབས་ཚང་སྨད་བཞིན་པ་དེ་ཚོ་ཞབས་འདྲེན་རེད།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    ལྷ་ཆབ་ལགས་ཉིད་ཀྱིས་བསྟོད་བསྔགས་གནང་བ་དེ་ནི་དངོས་ནས་ང་ལ་བཙན་སོང་ནི་མིན་འགྲོ ང་ལ་བསྟོད་བསྔགས་དེ་འདྲ་དངོས་ནས་འོས་ནི་མ་རེད་ལགས། ཡིན་ཡང་། སྐུ་ཉིད་ག་དུས་ཡིན་ཡང་ང་ཡི་ཟིན་བྲིས་སུ་ཕེབས་པ་ནི་ཐུགས་རྗེ་ཆེ་ལགས། རྗེས་ཕྱོགས་ལམ་སྟོན་རེ་གནང་རྒྱུ་མ་བརྗེད་ཅིག་ལགས།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས་སླར་བདག་གི་ཟིན་བྲིས་སུ་ཕེབས་ནས་གླེང་མོལ་གནང་བཞིན་པ་དེ་ནི་དངོས་ནས་དགའ་བསུ་ཡོད།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་ང་རང་ལ་བསྟོད་རྒྱུ་མང་དྲག་སོང་། ང་ནི་དངོས་ནས་སྐུ་ཉིད་ཀྱིས་བསྟོད་བསྔགས་བྱས་པ་གནང་བཞིན་བསྟོད་རན་ཡོད་པ་ཞིག་གཏན་ནས་མིན་ལགས། ཉིད་རང་ལ་དྭགས་ཕྱོགས་སུ་འགྲུལ་བཞུད་དུ་བསྐྱོད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་སྤུན་ཟླ་དག་གི་ཀློག་འདོད་འདུག་ན་དེའི་འཕྲོ་མུ་མཐུད་དུ་སྐྱོང་རོགས་ཞུ།

    Reply
  7. lhachapjinpa says:
    ལོ་ 16 སྔོན།

    རྟོགས་ལྡན་རིན་པོ་ལགས།་ང་ཡོང་ནས་ཁྱོད་ཀྱི་རྩོམ་ཡིག་འདི་བཀླགས་ཟིན་ཏོ།ཁྱོད་ཀྱི་ཡར་རྒྱས་ནི་མཐའ་མེད་པ་དང་གཏིང་མེད་པའོ།།

    Reply
  8. samkhar says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས།
    ཉིད་ལ་དྭགས་ནས་ཕྱིར་དྷ་ས་ཆོས་ཀྱི་མགྲོན་ས་སུ་ཕེབས་ཟིན་པ་འདྲ།
    ལ་དྭགས་སུ་ཕེབས་པའི་མཐོང་སྣང་དང་མྱོང་སྣང་། ཚོར་སྣང་སོགས་དྲ་ཐོག་ཏུ་རིམ་པར་སྤེལ་ན་གང་འདྲ་འདུག་གམ།

    Reply
  9. chentsasopa says:
    ལོ་ 16 སྔོན།

    ཤ་ཁྲག་ལགས། ད་ཁྱོད་ཀྱི་སྙན་ངག་གི་ཚིག་བསྡེབས་སོགས་གང་ཐད་ནས་ཧ་ཅང་བཟང་གི མུ་མཐུན་ནས་འབད་པ་བྱོས་དང། འབྲས་བུ་མངོན་གསལ་རེད་ཡ།

    Reply
  10. chentsasopa says:
    ལོ་ 16 སྔོན།

    ཤ་ཁྲག་ལགས། ད་ཁྱོད་ཀྱི་སྙན་ངག་གི་ཚིག་བསྡེབས་སོགས་གང་ཐད་ཧ་ཅང་བཟང་གི མུ་མཐུན་ནས་འབད་པ་བྱོས་དང། འབྲས་བུ་མངོན་གསལ་རེད་ཡ།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། སྐུ་ཉིད་དེ་རིང་མགྱོགས་པ་ལ་བལྟས་དུས། ད་ལྟ་དྲ་ཐོག་དུ་འཁོར་ནས་བསྡད་ཡོད་པ་འདྲ་ལགས།

    Reply
  12. samkhar says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་དགོངས་ཚུལ་རྣམས་ཞིབ་པར་བཀླགས་ཟིན་པ་ཡིན།

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    དུག་ཚེར་ལགས། སྐུ་ཉིད་ཀྱང་འདི་རུ་ཕེབས་ནས་གཟིགས་ཡོད་གསུང་ནས་ཕེབས་ཟིན་འདུག རྗེས་ཕྱོགས་ཀྱང་ཕེབས་པར་དགའ་བསུ་དང་འཚམ་འདྲི་ཡོད།

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས། ང་རང་བདེ་བོ་ཡིན་ལགས། འདི་རུ་ཕེབས་ནས་འཚམ་འདྲི་གནང་བ་དང་རྩོམ་ཡིག་ཐུང་ཐུང་འདི་ལ་གཟིགས་དུ་ཕེབས་པ་སེམས་གཏིང་ནས་དགའ་ནི་ཡོད། ཁོམ་དུས་ཁོམ་དུས་སུ་འདི་རུ་ཕེབས་རྒྱུ་མ་བརྗེད་ལགས།

    Reply
  15. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། ང་རང་རྒྱུགས་ནས་མགྱོགས་པ་དེ་ཡང་སེམས་ཀྱི་འཁོར་ཕྱོགས་ཤིག་གི་བསྡོད་དུ་མ་བཅུགས་པ་ཡིན་ལ། རང་གིས་བཅིངས་པའི་ཁ་ཞེ་གཉིས་མེད་ཀྱི་གཏམ་དག་རང་རིགས་མི་ལ་བཤད་འདོད་ཀྱི་འདུན་པ་འགོག་མེད་དེ་ཡི་དབང་བཙན་པས་རེད་ལགས།
    འོན་ཀྱང་། ཉིད་ཀྱིས་ང་རང་ལ་བསྟོད་བསྔགས་ཤིག་གནང་བ་དེ་ནི་ང་རང་ལ་དངོས་ནས་ཐོབ་ནི་མ་རེད་ལགས། འུ་ཅག་ཚང་མ་སུ་ཡིན་རང་རང་རང་གི་ཐུབ་ཚོད་ཀྱི་འདུར་བཞིན་ཡོད་པ་རེད། བསྟོད་བསྔགས་ཤིག་ཡོད་པ་ཡིན་ན་དེ་ནི་འུ་ཅག་སྤྱིའི་ཡིན་ངེས་རེད་ལགས། འདི་རུ་ཕེབས་པ་དེར་ཐུགས་རྗེ་ཆེ། སླར་ཡང་ཁོམ་པ་ཡོད་དུས་ཡོང་གི་བསྡོད།

    Reply
  16. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། ཉིད་ཀྱིས་བདག་ལ་ཁ་བརྡ་སློབ་གསོ་དང་ཞེན་སྐུལ་གནང་བ་དེར་དངོས་ནས་བཀའ་དྲིན་ཆེ་ལགས། ཉིད་ཀྱི་སྐུ་ཉིད་ལྟ་བུ་མི་ཉུང་བ་ཞིག་གད་སྙིགས་ཆགས་རྒྱུར་སེམས་འཁྲལ་ཡོད་ཟེར་བ་དེ་ནི་དེ་འདྲ་ཞིག་ཡིན་མི་སྲིད། ངས་ཉིད་ལ་རེ་བ་ཆེན་པོ་བཟུང་ཡོད། ཉིད་རང་ལྟ་བུ་ནི་སྤྱི་ཚོགས་འདིས་ནང་གི་དམིགས་དཔེར་བྱེད་སའི་མི་སྣ་ཞིག་ལ་འགྱུར་བར་ཡིད་ཆེས་ཡོད་ལ་རེ་སྐུལ་ཀྱང་བྱེད་ཀྱི་ཡིན།
    བདག་ཉིད་བདག་གི་མགོན་ཡིན་ཟེར་བ་འདི་ནི་དངོས་ནས་ཆེས་ཁྱད་དུ་འཕགས་པའི་མིའི་རིགས་ལ་སྟོབས་ཤུགས་སྤྱིན་བྱེད་ཀྱི་སྨན་མཆོག་གཅིག་བདག་ཅག་གི་སྟོན་པའི་གནང་བ་ནས་བཟུང་དེ་འུ་ཅག་གི་སེམས་ཁོང་དུ་འཇགས་ཐུབ་མིན་ལ་མ་བལྟས་པར། མཚམས་རེར་ཡིད་ལ་དྲན་པ་ཙམ་གྱིས་ཕན་ཐོག་ཞིག་ཏན་ཏན་ཡོད་ངེས་རེད་ལགས།

    Reply
  17. sha tak ri sim says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་མོ་ལགས། སྐྱོ་བ་དེ་ནི་རང་རང་བོད་རིགས་ཤིག་ཡིན་པ་དེ་ལ་རང་རང་གི་འགན་ཆགས་མིན་དེ་ལ་དངོས་ནས་སེམས་སྐྱོ་བ་ཞིག་སྐྱེ་བཞིན་འདུག་པ་ལས། དྲ་ཚིགས་འདི་ནས་འབུད་སོང་བ་དེ་ཙམ་གྱི་སྐྱོ་དགོས་ཀྱི་མེད་པར་སྙམ། ངས་ཡིད་ཆེས་བྱེད་ཀྱི་ཡོད། སྟག་སྨྱོན་གྱི་གཙོ་བའི་དྲ་ཚིགས་འདི་ནས་འབུད་སོང་བ་དེ་དག་ལ་ཡང་བོད་ཞེན་ལ་འགྱུར་བ་མེད་པ་དང་གང་དུ་ཡོད་པ་དེ་ནས་རང་ཉིད་བོད་པ་ཡིན་པ་དྲན་ངེས་ཡིན་ལ་ཁོང་ཚོས་རང་རང་གི་ནུས་ཚོད་ཐུབ་ཚོད་ཅིག་བོད་དོན་བྱེད་ངེས་ཡིན།

    Reply
  18. tenphel says:
    ལོ་ 16 སྔོན།

    ངས་ཀྱང་བཀླགས་ཟིན་ཏོ།

    Reply
  19. chokey says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་། བདེ་པོ་ཡིན་པས།
    བཀླགས་ཚར་ནས་ཡོད་དོ།

    Reply
  20. Baichung says:
    ལོ་ 16 སྔོན།

    ཨ་ལ་ལ་ལ་ རྩོམ་ཡག་གི་ཡ ད་རྒྱུགས་ད་མགྱོགས་གི་ཡ། རྗེས་ཆོད་ནི་ཉུང་ཉུང་ཡིན་ས་མ་རེད་ན་འབུམ་དུམ་པ ས་ཡ་དྲུག་གི་ནང་ནས་ས་ཡ་གཅིག་གིས་འདི་འདྲ་ཞིག་འབྲི་ཤེས་ན་ད་རེ་བ་ཆེན་པོ་ཡོད་ས་རེད་ད ་་་་་་་་ཤུ་་་་་་་་

    Reply
  21. samkhar says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།
    འདི་འདྲའི་བསམ་གཞིགས་རེ་བྱེད་སྐབས། ཚོར་སྣང་འདི་ལྟ་བུ་ཁྱེད་དང་ང་འདྲ་བའི་བོད་མི་ཉུང་བ་ཞིག་ལ་ཡོད་ངེས་པ་ཡིན་ལ། ིད་དུང་ང་དང་ང་འདྲ་བའི་གང་ཟག་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་གད་སྙིགས་མི་ཆགས་པའི་ངེས་པ་མི་འདུག་སྙམ།
    ང་ཚོས། ཇི་ལྟར། བདག་ཉིད་བདག་གི་མགོན་ཡིན་ཞིང་། །ཞེས་གསུངས་པ་ལྟར་ཐོག་མར་རང་ལ་ལེགས་པར་བལྟས་རྗེས་གཞི་ནས་གཞན་ལ་བལྟ་ཐུབ་ན་དེ་ནི་མི་ཚེའི་བསླབ་བྱ་ལེགས་པོ་ཞིག་རེད་འདུག་སྙམ།

    ད་དུང་ངའི་ཟིན་བྲིས་སུ་ཡང་། གང་ཟག་དང་པོའི་མིང་ཐོག་ནས་རྩོམ་ཡིག་ཅིག་བྲིས་ཡོད། དེ་ལན་གཅིག་གཟིགས་རོགས།།

    Reply
  22. mekor says:
    ལོ་ 16 སྔོན།

    སྐྱོ་བ་ལ། སྐྱོ་བ་ལ། ཨ་རོགས་ཤ་ཁྲག་དེ་རིང་འུ་ཚང་གི་ནང་མི་ཞིག་ཤི་འདུག དེ་ནི་སྟག་སྨྱོན་རེད། འཆི་རྐྱེན་ལ་དེ་འདྲའི་ནད་ཚབས་ཆེན་ཞིག་མ་རེད། ཡིན་ནའང་དེང་སང་གི་མི་དེ་ཚོ་རྐྱེན་ཆུང་ངུ་ཞིག་གིས་ལྔ་ལམ་དུ་བཞུད་རྐྱང་བྱེད་ཀྱི་འདུག་པས་ང་ཧ་ཅང་སྐྱོ་གི་ཡ། ཁོང་གིས་འཆི་ཁར་ང་ཚོ་ནང་མི་ཚོར་ཁ་ཆེམས་ལྗིད་ཁོག་ཅན་ཞིག་བཞག་ནས་ཤི་འདུག ད་དུང་འདི་ལྟར་འགའ་ཤས་རེ་ཤི་མི་ཡོང་ངམ་སྙམ་ནས་ང་ཞེད་གི་འདུག

    Reply
  23. sha tak ri sim says:
    ལོ་ 16 སྔོན།

    ཆུ་བོ་ཞིག་གི་བཞུར་སྒྲ་སྙན་མོ་འདིས།།
    ཐིགས་པ་བསགས་པའི་ལས་ཤིག་བྱེད་འདོད་འདུག།
    སྔོན་ཡང་ཕེབས་མཁན་ཕྱིས་ཀྱང་ཕེབས་མཁན་ལགས།།
    མོ་ལ་ཤོར་བའི་སེམས་འདི་མྱ་ངན་རེད།།

    མོ་རིགས་མེད་ན་མི་རིགས་ཡོད་རབས་མེད།།
    སྔོན་ལས་གང་ཞིག་བསགས་མིན་བཤད་དཀའ་ཡང་།།
    ཐིགས་ཤིང་དཀར་ནག་ཚད་དུ་འཐེན་དུས་སུ།།
    ཆུ་དང་ཉ་མོ་རང་རང་མཐོང་ནས་འོང་།།

    Reply
  24. sha tak ri sim says:
    ལོ་ 16 སྔོན།

    རི་བོང་བློ་ལྡན་ཕེབས་ནས་འབུད་སོང་ཟིག།
    བསམ་ཚུལ་གང་ཡང་མེད་པར་ཁུ་སིམ་རེད།།
    ཡིན་ཡང་ཀློག་དུ་ཕེབས་པ་དགའ་ནི་ཡིན།།
    ང་ཡི་རང་ལ་བལྟས་པ་འདི་འདྲ་རེད།།

    Reply
  25. mekor says:
    ལོ་ 16 སྔོན།

    ཡུམ་དུམ་པ་སྣང་བར་འགྲོ་ནི་ཞིག་བྲིས་འདུག
    འཇིག་རྟེན་ནས་དོན་ཆེན་གྲུབ་པ་ཞིག་འགའ་ཤས་ལས༌༌༌༌༌༌༌༌༌ཧཧཧཧཧཧཧ

    Reply
  26. sangsar says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese