མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུམ་བཅུའི་འཕྲེང་ཐག་བོད་མིར་སྤྲིངས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཀ་ལུའི་ཕྲེང་ཐག་འདི་ནས་བསྟར་ན་ཡང་།།
ཁ་སེམས་བྲང་དུ་སྤྱར་ནས་གཏམ་རེ་ཟུང་།།
ག་ནས་བསྡད་ཀྱང་ཐོས་དེ་འོང་དུས་སུ།།
ང་ཡི་རིགས་ལ་སེམས་ཀྱི་ཚིག་འདུ་སྤྲིངས།།

ཅ་ཅོ་རི་ལུང་འཁེང་བ་སྒྲོག་ནུས་ཀྱང་།།
ཆ་རྒྱུས་རང་གི་སེམས་ལ་ཡོད་དུས་སུ།།
ཇ་ཁང་ཉུལ་ནས་ཉིན་མ་གཏོང་བ་ལས།།
ཉ་ཆུ་འཚོ་བའི་ལས་དེ་སྲུང་ན་འོས།།
ཏ་ལེན་ཕྲག་པར་འཁུར་བའི་རྒད་པོ་དང་།།
ཐ་སྙད་ཚིག་ལ་བྱང་བའི་ཤེས་ཡོན་པ།།
ད་ལྟའི་དུས་འདིར་མཁོ་བ་རྩོད་གླེང་མིན།།
ན་ནིང་བྱུང་བའི་ལས་ལ་བསམ་གཞིགས་གནོངས།།
པ་སངས་ལྷག་བསམ་བོད་ལ་ཡོད་མཁན་དག།
ཕ་ཡུལ་བོད་དུ་གནས་པའི་སྤུན་ཟླ་ཚོ།།
བ་གླང་གཤིས་ལས་གདུག་པའི་རྒྱ་གཞུང་འོག།
མ་བུ་གསོན་བྲལ་སྡུག་བསྔལ་ཇེ་ལྕི་རེད།།
ཙ་རི་གནས་ཡུལ་འགྲིམ་ནས་ཕྱི་ལ་འབྱོར།།
ཚ་བའི་ཡུལ་ལུང་མི་ཡུལ་བྱེས་སུ་གནས།།
ཛ་དྲག་དུས་འདིར་རང་རིགས་བདེན་དོན་ཆེད།།
ཝ་མ་ཝོལ་དུ་བསྡོད་རྒྱུ་ངོ་གནོངས་རན།།
ཞ་ཞོར་ཟ་བཏུང་འགྲོ་འདུག་གང་ཡིན་ལ།།
ཟ་ཟུར་ཚིག་གི་མདའ་མོ་ནང་ལོག་དུ།།
འ་འུར་ཙམ་ལ་བཅོལ་ནས་བེད་སྤྱོད་པ།།
ཡ་རབས་བོད་པའི་ལུགས་ཀྱི་དགྲ་རུ་འཛིན།།
ར་ས་འཁྲུལ་སྣང་འགྲུམ་འགྲིལ་ཁང་དུ་སྒྱུར།།
ལ་མོའི་རྒྱབ་ཀྱི་རང་གི་གནས་མཆོག་དེ།།
ཤ་ཁྲག་གཅིག་པའི་སྤུན་ཟླའི་སྲུང་བ་དེ།།
ས་མཐའི་ང་ཚོའི་སེམས་སུ་འཇག་རན་ཡིན།།
ཧ་ཅང་གཅེས་པའི་སྙིང་གཏམ་ཡོད་མེད་དེ།།
ཧ་ཧ་ཟེར་ནས་དགད་མོ་མ་ཤར་གོང་།།
ཨ་རིའི་ཡུལ་ལ་སྨོན་ལམ་འདེབས་པ་ལས།།
ཨ་མའི་བུ་རྒོད་གངས་ཅན་བོད་དོན་སྙོགས།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 25

  1. Dre Sha Zen says:
    ལོ་ 17 སྔོན།

    ཡིག་ནོར་སྔོགས་འདོད་་་་་་་་་་་་་སྔོག་འདོན་ཟེར་ཡིན

    Reply
  2. Dre Sha Zen says:
    ལོ་ 17 སྔོན།

    རང་ཉིད་གཙང་མ་ཡིན་ན་སྙན་ངག་གི་ལམ་ནས་ཡོད་ཚད་སྔོགས་འདོད་བྱོས་དང་ད་ཡིན་ན་་བྲོ་བ་རེ་འཕེལ་རྒྱུ་འདུག་གོ།

    Reply
  3. tsekyis says:
    ལོ་ 17 སྔོན།

    ཀ་ཕྲེང་སུམ་ཅུའི་སྙན་ཚིག་རྒྱུད་མང་ལས།།
    ཁ་བ་ཅན་ལ་ཤ་ཚའི་མཛའ་སེམས་ཞིག།
    ག་ལེར་ཀློག་སྐབས་རིག་པའི་དཔའ་ཡང་རྒྱས།།
    ང་ཚོའི་གངས་ཅན་ཕ་སྐད་ངོ་མཚར་ཆེ།།

    ང་ནི་བོད་པ་ཡིན་ཀྱང་བོད་སྐད་སྐྱོ།།
    ག་ཆད་འུ་ཐུག་རང་ཡུལ་ལྷག་ཏུ་དྲན།།
    ཁ་ཙམ་ཚིག་གིས་དོན་ཆེན་འགྲུབ་དཀའ་བས།།
    ཀ་ཡེ་དྲ་གྲོགས་ཡོངས་ཀྱིས་ལམ་ཞིག་བསྟོན།།

    Reply
  4. gangrikyab says:
    ལོ་ 17 སྔོན།

    ཀ་རྩོམ་རྩོམ་པར་བྱང་ཆ་ལྡན་པའི་རིག་བཟང་བོད་ཀྱི་མི་རབས་རྣམས།།
    ཁ་རྩོད་བྱ་བར་བྲེལ་བ་ཆེ་བའི་དྲ་སྟེང་གསར་བུ་སྣང་མཐོ་རྣམས།།
    ག་རེ་ཡིན་ཡང་གོ་བ་རྙེད་ལ་དྲན་གཤིས་བརྟན་པའི་རིག་རྒོད་རྣམས།།
    ང་རང་ནང་བཞིན་ལོ་ལོ་མེད་པས་བརྩེ་འདང་ཆེ་བའི་དྲ་གྲོགས་རྣམས།།

    ཅ་ཆ་ཇ་ཉའི་དབྱངས་རྟའི་ཁྲོད་ནས་ཏ་ཐ་ད་ནའི་ནང་སྙིང་སྔོགས།།
    པ་ཕ་བ་མའི་ཞལ་ཆེམས་བཞིན་དུ་ཙ་ཚ་ཛ་ཝའི་མཛད་རྗེས་ཞོག།
    ཞ་ཟ་འ་ཡའི་ཞི་བདེ་ལམ་ནས་ར་ལ་ཤ་སའི་རང་བཙན་རྩོད།།
    ཧ་ཡེ་ཧེ་ལོའི་ཁྱད་ཆོས་མ་རྒྱག་ཨ་མའི་གནང་བའི་བསླབ་བྱ་ཉོན།།

    Reply
  5. kalsang says:
    ལོ་ 17 སྔོན།

    ཏ་ལའི་བླ་མའི་རེ་བ་སྙིང་བཅངས་ནས།།
    ཐ་ཐོར་ཁ་ཆད་སྣ་རལ་སྤེལ་པ་ལས།།
    ད་ལྟར་མིག་སྔར་ལྷག་པའི་དཀའ་ཁག་ཕྱིར།།
    ན་བཟའ་འོག་ཏུ་ནང་མོལ་བྱ་ན་དགའ།།

    Reply
  6. samkhar says:
    ལོ་ 17 སྔོན།

    རང་རང་དགའ་བའི་ཕྱོགས་ལ་གླུ་ཞིག་ལེན།།
    རང་རང་སྡང་བའི་ཕྱོགས་ལ་མཆིལ་ཞག་འཕེན།།
    རང་རང་སེམས་པ་གསོ་བའི་རང་གཤིས་དེ།།
    རང་རང་ས་ནས་བརྡོལ་བ་ཆོས་ཉིད་ཡིན།།

    ཁྱེད་ཀྱིས་བསྟོད་པའི་མཐེ་བོང་ཀེར་བ་དེ།།
    ཁོ་བོར་བསྔགས་པའི་བརྡ་ཐབས་ཡིན་ན་ཡང་།།
    ང་ཚོ་ཐུན་མོང་བསྟོད་སའི་གང་ཟག་དེ།།
    རང་རིགས་དཔའ་བོའི་ཚོགས་རྣམས་ཅིས་མ་ཡིན།།

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    བསེ་རུ་ཉིད་ཀྱིས་དེ་འདྲ་མ་གསུང་རོགས།།
    ཉིད་ཀྱི་རྩོམ་གཤིས་དྲང་མོ་མདའ་ལས་མྱུར།།
    ཉིད་ཀྱི་རང་གཤིས་སེར་པོ་གསེར་ལས་ལྷག།
    ཉིད་ཀྱི་ལྷག་བསམ་གངས་དཀར་རི་བོ་བཞིན།།
    ཁྱེད་འདྲ་ཁྱེད་ནི་བོད་ཀྱི་རིགས་ལས་མཆེད།།
    བོད་མིའི་སྐྱིད་སྡུག་ཉིན་མཚན་སེམས་སུ་དྲན།།
    བོད་ཀྱི་སྐད་ཡིག་ཁ་དོན་གཉིས་ནས་སྒྲུབ།།
    ཁྱེད་འདྲ་ཁྱེད་ནི་ནམ་ཡང་བོད་ལ་མཁོ།།
    མཁོ་བའི་སྤུན་ཟླ་ཁྱེད་ཀྱི་བསམ་དོན་ཀུན།།
    ལེགས་པར་འགྲུབ་པའི་རེ་བ་བདག་ལ་ཡོད།།

    Reply
  8. sha tak ri sim says:
    ལོ་ 17 སྔོན།

    སྐར་ཚོགས་ཁྲོད་ཀྱི་ཟླ་བ་ཇི་བཞིན་དུ།།
    ཁྲི་འཛིན་ཉི་མའི་བུ་རྒྱུད་ཁྱེད་ཡིན་ན།།
    བཙན་པོའི་ཕ་ས་ཤོར་ནས་ལོ་མང་འདས།།
    ད་ནི་རང་ཡུལ་ལོག་རྒྱུར་བསམ་བློ་ཐོངས།།

    Reply
  9. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་འདི་ཚོ་སྙན་ངག་འབྲི་བར་ཐོགས་པ་མེད་པ་རྐྱང་རྐྱང་ཡིན་ས་རེད།
    ང་ནི་བོང་བུ་གཞོན་ཏེ་གླུ་ཞིག་ལེན་བཞིན་སྡོད་རྒྱུ་ལས་ཅང་མ་མཆིས།

    གཅིག་ལས་གཅིག་མགྱོགས་ཟིན་བྲིས་དོ་རར་ཕེབས།།
    གཅིག་ལས་གཅིག་སྙན་ཀ་ཕྲེང་སྙན་རྩོམ་སྤེལ།།
    གཅིག་ལས་གཅིག་མཁས་སྒྱུ་རྩལ་རིན་ཐང་ངོམས།།
    གཅིག་ལས་གཅིག་སྡུག་བསེ་རུ་དཔའ་ཡང་ཞུམ།།

    Reply
  10. sha tak ri sim says:
    ལོ་ 17 སྔོན།

    བྱང་གི་ཡུལ་ནས་ཐོན་པའི་གངས་རིའི་བུ།།
    གྲོལ་བའི་ཐབས་ཤིག་ཡོད་ན་མྱུར་དུ་བྱོས།།
    བོད་མིའི་སྐྱིད་སྡུག་ལ་ཁའི་ཉི་མ་བཞིན།།
    བསམ་ཞིང་བསམ་ན་སྐྱོ་བ་མཐའ་མི་འདུག།

    Reply
  11. Baichung says:
    ལོ་ 17 སྔོན།

    ཀ་ར་བུ་རམ་ཁ་ལ་ཞིམ་ཡང་དུང་སོ་སུམ་བཅུར་གནོད་པར་ངེས་པས་ག་ས་གང་ནས་རིག་རིག་མ་ཟ་ང་ཡི་སྙིང་གི་སྤུན་གྲོགས་ལགས།།
    ཅ་ནེ་ཙམ་ལས་ང་ཚོར་མེད་ཀྱང་ཆ་ལུགས་བཟང་བོའི་རིགས་རྒྱུད་ཡིན་པས་ཇ་རྐྱང་འཐུང་དགོས་བྱུང་བའི་དུས་ཀྱང་ཉ་མོ་བཞིན་དུ་འབྲེལ་ཐག་ཉེ་དགོས།།
    ཏ་ལེ་བླ་མའི་ཐུགས་རྗེའི་འོད་ཀྱིས་ཐ་ཤལ་དགྲ་ཡང་གྲོགས་སུ་འགུག་པས་ད་ལྟ་ང་ཚོར་ཐབས་གཞན་མེད་ན་ན་སོ་རྒས་པ་ཁོང་དང་བསྟུན་དགོས།།
    པ་གོ་མང་བའི་རྒྱལ་ཁབ་འདི་ནི་ཕ་མེད་ང་ཚོར་དྲིན་ཅན་ཡིན་པས་བ་གླང་ལྷ་རུ་བཀུར་བ་ཡིན་ཡང་མ་གཞི་ཁོང་ལ་བཀའ་དྲིན་ཞུ་དགོས།།

    Reply
  12. ktmboy says:
    ལོ་ 17 སྔོན།

    ཀ་ཕྲེང་ལྟར་ལ་རྒྱུད་པའི་སྙན་ཚིག་གིས།།
    ཁ་བའི་བུ་ལ་སེམས་གསོའི་བདུད་རྩི་ཞིག།
    ག་སར་བོད་དོན་གླེང་བའི་དཔའ་རྒོད་རྣམས།།
    ང་རྒྱལ་མ་ཞོམ་ལག་ཟུང་དགུང་ལ་བཏེགས།།

    Reply
  13. ktmboy says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  14. ktmboy says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  15. sha tak ri sim says:
    ལོ་ 17 སྔོན།

    ཅ་ག་ཙམ་ཡང་ཨ་མཚར་གཏམ་གླེང་མཁན།།
    ཆ་ཡོད་རིག་པ་རྣོ་བའི་གྲྭ་རྒན་ཁྱེད།།
    ཇ་བཀང་འདྲེན་དོན་དགེ་བའི་ཆེད་ཡིན་ན།།
    ཉ་བེ་ཉོབ་བེ་མཐོང་དུས་མ་བརྗེད་ཅིག།

    Reply
  16. sha tak ri sim says:
    ལོ་ 17 སྔོན།

    ཀ་དག་དྲི་མེད་ལྷ་ཡི་མཇལ་དར་ཞིག།
    ཁ་སེམས་གཙང་མའི་ཆབ་ཀྱི་སྣེ་མོ་རུ།།
    ག་ནས་གང་དུ་སྤྱིན་འཕོད་སྙིང་གི་གྲོགས།།
    ང་ཡི་སེམས་པ་དྭངས་པའི་ཁྱེད་གསུང་འཛིན།།

    Reply
  17. sha tak ri sim says:
    ལོ་ 17 སྔོན།

    ཧ་ཅང་མིག་གི་རིག་སར་མ་འབུད་ཀྱང་།།
    ཨ་མཆོད་གསུམ་ལ་གུས་བརྩི་བྱེད་ལུགས་ཤིག།
    ཧ་ཧ་ཟེར་ནི་ཞིག་གི་རུས་ཞེན་པ།།
    ཨ་ལན་ད་ལན་གནང་བ་སྙིང་ནས་གུས།།

    Reply
  18. sha tak ri sim says:
    ལོ་ 17 སྔོན།

    ར་བ་གངས་རིའི་ལྗོངས་ཀྱི་གནམ་མཁའི་སྐར།།
    ལ་ལུང་ཁྲི་ཕྲག་འགྲིམ་པའི་བུ་རྒོད་ཅིག།
    ཤ་ཁྲག་བཙན་པོར་གཏོགས་པའི་བྱེས་པ་ཁྱེད།།
    ས་ལའི་ལྗོངས་ལ་བཅིངས་པའི་ལ་ཞེན་ཟབ།།

    Reply
  19. sha tak ri sim says:
    ལོ་ 17 སྔོན།

    ཞ་སེར་བསྟན་པའི་སྲོལ་གཏོད་གཉའ་ཁྲི་མིན།།
    ཟ་ཧོར་དམག་ལ་འདྲེན་མཁན་འབྲོང་རྒྱུད་མིན།།
    འ་ཅག་བོད་ཀྱི་ཐུ་སྲས་རིགས་རྒྱུད་ཅིག།
    ཡ་རབས་གངས་ཅན་བོད་ཀྱི་བུ་ཞིག་རེད།།

    Reply
  20. tashi says:
    ལོ་ 17 སྔོན།

    གོང་དུ་ནོར་བ་བཅོས་རྒྱུ་ཞིག་ལ་ཝ་མ་ཝོལ་ལ་ཞེས་དང་འདི་མཇུག་མཐུད་ནས་ཨ་པར་དུ་ཁྱེད་ཀྱིས་ལན་མ་འདེབས་རོགས།

    Reply
  21. tashi says:
    ལོ་ 17 སྔོན།

    ཙ་གེ་ཙིག་གེ་བྲིས་ན་ཁྱེད་ངར་གི།
    ཚྭ་ཁུ་བཞིན་དུ་གང་སར་ཁྱེད་མཁོ་གི།།
    ཛ་དྲག་ཅན་གྱིས་ཁྱེད་ལ་སྡིགས་ན་ཡང་།།
    ཝ་མ་ཝོལ་མ་བཞག་ནོ་འདི་ཡ་མཚན།།
    མཇུག་དྲ་གྲོགས་གཞན་པ་ཞིག་གིས་འབྲི་རོགས།།

    Reply
  22. lhachapjinpa says:
    ལོ་ 17 སྔོན།

    པ་ཕའི་བརྟུལ་ཞུགས་བཟུང་བའི་གྲོགས་པོ་ཁྱོད།།
    ཕ་རོལ་གཞན་ཡུལ་འགྲིམ་པ་ལེགས་མོད་ཀྱང༌།།
    བ་གླང་མཛོ་ལས་གྱོང་བའི་གཤིས་ཀ་ཅན།།
    ཝ་རྔའི་མགོ་ཅན་དག་ལ་གཟབ་པར་འཚལ།།

    Reply
  23. kangjinpa says:
    ལོ་ 17 སྔོན།

    ཏ་ཐ་ག་ཏའི་ལམ་ཁ་རིང་ནས་དོར།།
    ཐ་ཤལ་བུ་ཡི་ལུགས་སུ་འཛིན་མིན་ཏེ།།
    ད་ལྟའི་ཟིན་བྲིས་མཁན་པོར་བསྐོས་འོས་པ།།
    ན་གཞོན་ང་ཚོའི་མིག་དཔེར་བལྟ་ངེས་ཡིན

    Reply
  24. Baichung says:
    ལོ་ 17 སྔོན།

    ཅ་ཅོའི་གཏམ་ལ་དགའ་བའི་གདོང་དམར་བའི་སྨན།།
    ཆ་ལུགས་འགྱུར་ལ་དགའ་བའི་ཅོལ་ཆུང་ཚོའི་སྨན།།
    ཇ་ཆང་བདུད་རྩི་ལྟ་བའི་རིན་ཆེན་གྱི་རིལ།།
    ཉམ་ཆུང་ཁྲི་མ་འབུམ་གྱི་བདུད་རྩི་རུ་གྱུར།།

    Reply
  25. dongthe says:
    ལོ་ 17 སྔོན།

    ཀ་ཕྲེང་བསྟར་ལ་བརྒྱུས་པའི་དབྱངས་ཀྱི་འགྲོས། །
    ཁ་བ་ཅན་ལ་སྙིང་ནས་སྤྲིང་བ་ནི། །
    ག་དང་དེ་ཡིས་ཁས་ལེན་མི་བྱེད་ཀྱང་། །
    ང་ནི་ཁྱེད་ཀྱི་རྗེས་ན་རྒྱུན་དུ་ཡོད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese