མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་བུ་མོ་ཐར་མ་མཚོ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

མི་ཡུལ་དུ་སླེབས་ནས་ཆུ་ཚོད་སྐར་མ་ཉི་ཤུའི་རྗེས་ཀྱི་ངའི་བུ་མོ་ཐར་མ་མཚོ།

 

འདི་ནི་ཁོ་མོ་མི་ཡུལ་འདིར་འབྱོར་ནས་ཉི་མ་ཉེར་གཉིས་ཀྱི་རྗེས་ཀྱི་དེ་རིང་རེད།

 

 

སྤུན་ཟླ་ཚོ། གཟིགས་དང་། ངའི་བུ་མོ་འདི་འཚར་ལོངས་བྱུང་དེ་འོང་དུས

ང་ཕ་རྒན་གྱི་སེམས་སུ་རྔམ་དྲག་ཇེ་ཆེ་རེད

བུ་མོ་འདིས་ངའི་ཁ་བརྡ་ཉན་སྲིད་དམ

བུ་མོ་འདིས་རང་གི་ཕ་རྒན་ལ་རྒྱལ་ཁབ་མེད་པ་ཤེས་ཡོད་དམ

བུ་མོ་འདིས་རང་གི་མི་རིགས་འདི་ལ་སྐད་ཡིག་ཡོད་པ་རྩ་ཆེན་དུ་འཛིན་སྲིད་དམ

བུ་མོ་འདིས  ཨོ་རེད  ངའི་བུ་མོ་ཐར་མ་མཚོ་འདིས་རང་རིགས་ལ་ཤ་ཞེན་དང་

རང་གི་སྐད་ཡིག་ལ་མཐོང་ཆེན་བྱེད་མཁན་ཞིག་ཆགས་སྲིད་དམ

དེང་སང་གི་བྱིས་པ་འདི་ཚོ  འཚར་ལོངས་བྱུང་དེ་འོང་དུས

རང་གི་ཉེ་ཁོར་གྱི་སྤུན་ཟླ་དག་གི་བྱིས་པ་དེ་དག་རིག་དུས

ང་དངོས་ནས་སྐྲག་གི་འདུག  ངའི་བུ་མོ་འདི་འདྲ་ཞིག་ཆགས་མི་ཡོང་ངམ་སྙམ་ཞོར

སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཤེས་པའི་རང་གི་བུ་མོ་ལ

བུ་མོ་ལོ་ལོ་གཅེས་ཕྲུག་མ  ཨ་ཕའི་ཁ་ལ་ཉན་རོགས

ཨ་ཕས་ཁྱེད་ལ་ཀ་ཁ་སློབ་ཆོག

ཨ་ཕས་ཁྱེད་ལ་ཕ་སྐད་སློབ་ཆོག

ཨ་ཕས་ཁྱེད་ལ་བོད་ཡུལ་གླེང་ཆོག

ཨ་ཕ་མ་ཤི་ཚེ་རིང་བྱུང་ན

ཨ་ཕས་ཁྱེད་རང་བོད་དུ་འཁྲིད་ཆོག

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 43

  1. sha tak ri sim says:
    ལོ་ 16 སྔོན།

    ཤར་སྐྱེས་གངས་བུ་ཁྱུང་རྒོད་ལགས། འདི་རུ་ཕེབས་ནས་བསམ་ཚུལ་ལྷུག་པོར་གནང་བ་དང་བདག་གི་བུ་མོ་ལ་སྨོན་ཚིག་དང་ཁ་གཡང་བོས་པ་སྙིང་ནས་བཀའ་དྲིན་ཆེ་ཞུ།
    ང་རང་ཉིད་ལ་ངོ་གནོང་བ་དང་བཅས་དེ་ལན་གསལ་བོ་ཞིག་འདེབས་རྒྱུ་ཡོད་པ་ནི། རེད་ལགས། ངེད་ཀྱི་བུ་མོ་འདི་ནི་ར་ལུག་འདྲེས་མ་ཞིག་ཡིན། རྒད་པོ་ང་ལུག་ཡིན་པའི་དབང་དུ་བཏང་ན། ངའི་དགའ་རོགས་མ་ར་ཡིན་ནི་རེད་ལགས། ངས་བསགས་པའི་ནག་ཉེས་འདི་ནི་བསྐལ་བའི་བར་དུ་འདགས་ཐབས་ཡོད་པ་མ་རེད་ལགས།

    Reply
  2. kangbu says:
    ལོ་ 16 སྔོན།

    བུ་མོ་ཐར་པ་མཚོའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཕ་བཟང་གི་བུ་མོ་བཟང་མོའི་འཁྲུངས་དོན་བོད་རིགས་ལ་སྨན་པའི་སྨོན་འདུན་ཡང་ཡོད།
    དེང་རབས་ཀྱི་བུ་མོ་ཆུང་ཆུང་ཞིག
    དེང་རབས་ཀྱི་ཚན་རྩལ་ཁོར་ཡུག་ཞིག་ནས།
    དེང་རབས་ཀྱི་ཤེས་རིག་རྫོགས་ནས།
    དེང་རབས་པའི་ཁོར་ཡུག་བསྐྲུན་དགོས།
    འོན་ཀྱང་། སྲོལ་རྒྱུན་ལ་རྙིང་ཞེན་མ་ཟེར།
    སྲོལ་རྒྱུན་ལ་བག་ཆགས་མ་ཟེར།
    སྲོལ་རྒྱུན་འདི་བཅོམ་དགོས་མ་ཟེར།
    སྲོལ་རྒྱུན་ལ་གུས་བཀུར་ལོས་དགོས།

    ཕ་རྒན་ཤ་ཁྲག་རུས་གསུམ་གྱིས་དེ་རིང་ནས་མི་རིགས་ལ་ཞབས་འདེགས་ཞུས་སོང།
    བོད་མི་ས་ཡ་དྲུག་དང་གཅིག་ལ་བསྒྱུར་སོང།
    ད་ནས་བོད་མི་ས་ཡ་དྲུག་དང་གཅིག་ཟེར་དགོས་པ་ལས་ས་ཡ་དྲུག་ཟེར་ཆད་ལྷག་ཡོད།
    ད་རུང་གཅིག ཤུ་རེ་ཡ།
    མི་རིགས་མེད་ན་རིག་གཞུང་དང་སྐད་ཡིག་སུས་སྐྱོབ།
    མི་རིགས་མེད་ན་རང་དབང་དང་རང་སྐྱོང་སུས་རྩོད།
    མི་རིགས་མེད་ན་ཆོལ་གསུམ་སུ་ལ་བཏགས།
    མི་རིགས་མེད་ན་ང་མེད་ལ་གཞན་ཀྱང་མེད།
    མི་རིགས་ཡ་མི་རིགས།
    ངའི་མི་རིགས་གཙང་མ་རེ།
    གྲོགས་པོ་ལགས། ཁྱོའི་བུ་མོ་རང་རིགས་གཙང་མ་ཞིག་ཡིན་ནམ།
    ལྟོས་ལེ་མིན་པའི་སྨོན་ལམ་འདེབས།
    ཁར་སང་དེ་རིང་གི་དོ་ར་ན་ལུག་དཀར་ནག་འདྲེས་མའི་ལུ་གུ་ཁྲ་ཁྲ་མང་པོ་འདུག
    དེ་འདྲ་མིན་པའི་སྨོན་ལམ་དང་རྗེས་སོར་་་་་་་་

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    འོ་དྲི་ལྟ་བའི་སྐད་ཆའི་དབྱངས་འགྲོས་ཤིག།
    ཐིགས་པ་རེ་རེ་བསགས་ནས་ཡོང་དུས་སུ།།
    སེམས་ཀྱི་ལྷད་མེད་ཁ་གཡང་སྙན་མོ་འདིས།།
    བདག་གི་བུ་མོའི་སེམས་པ་ཚིམས་གྱུར་ཅིག།

    འོ་འཛིན་ནོར་བུའི་བདག་མོ་ཁྱེད་ཉིད་ཀྱིས།།
    ཐིགས་ཕྲེང་མུ་ཏིག་བརྒྱུས་པའི་སྙིང་གཏམ་འདི།།
    བདག་གི་བུ་མོར་སྤྲིངས་པ་བཀའ་དྲིན་ཆེ།།
    དྲི་མ་མེད་པའི་ཁ་གཡང་འགྲུབ་པར་ཤོག།

    Reply
  4. othik says:
    ལོ་ 16 སྔོན།

    དབྱར་གྱི་མེ་ཏོག་ལྟ་བུའི་བུ་མོ་ཁྱོད།།
    སྐྱབས་གཅིག་རྗེ་བཙུན་སྒྲོལ་མས་སྲུང་དུ་གསོལ།།
    ཨ་མའི་བྱམས་བརྩེ་དྲོན་མོའི་པང་ཁ་ནས།།
    ཨ་ཕ་རིགས་ཞེན་ཅན་པའི་སེམས་ཁོངས་ནས།།
    ཁྱེད་རང་ནམ་ཡང་གཅེས་འོས་སྙིང་གི་ནོར།།

    ཨ་མའི་རང་བཞིན་གཤིས་ཀྱི་སྤྱོད་ལམ་གྱིས།།
    ཁྱེད་ལ་བོད་པའི་བུ་མོའི་འགྲོས་བསླབ་ངེས།།
    ཨ་ཕའི་མི་འགྱུར་སེམས་གྱི་དཀྱུལ་དབུས་ནས།།
    ཁྱེད་ལ་བོད་པ་ཚང་གི་སྒྲུང་བཤད་དུས།།
    བུ་མོ་ལོ་ལོ་སེམས་ཀྱིས་ཉན་པར་འཚལ།།

    བུ་མོ་ཆུང་ཆུང་སྐྱིད་པའི་སྨོན་འདུན་ཞུ།།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ཚང་མ་འདི་རུ་ཕེབས་ནས་བདག་གི་བུ་མོ་ཐར་མ་མཚོའི་མ་འོངས་པ་ལ་ཁ་གཡང་དང་གཤིས་ཚིག་བརྗོད་པ་དེ་དག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ང་རང་ཉིན་མ་འདི་དག་གི་རིང་དུ་གུང་གསེང་དུ་སོང་ནས་དེ་རིང་མ་གཏོགས་ཕྱིར་ནང་དུ་སླེབས་ཐུབ་མ་སོང་། དུས་ཐོག་དུ་སྤུན་ཟླ་དག་ལ་ལན་སྤྲད་མ་ཐུབ་པ་དགོངས་དག་ཞུ།

    Reply
  6. Dre Sha Zen says:
    ལོ་ 16 སྔོན།

    ཁྱེད་ཀྱི་བུ་མོ་ཐར་པ་མཚོ་འདི་མ་འོང་བོད་ཀྱི་འཛངས་མ་ཞིག་ཆག་ཐུབ་ན་བཟང་ངོ་། བུ་མོ་དེ་ཡང་ཨ་ཕའི་རྗེས་འཇུགས་ཞིག་ཡོང་རྒྱུའི་རེ་བ་སེམས་ནས་རེ་སྨོན་ཡོད།་

    Reply
  7. dhondup2009 says:
    ལོ་ 16 སྔོན།

    སེམས་ཁུར་མ་བྱེད་ཟེར་ན་ཁྱོད་ལ་སེམས་ཁུར་མེད་པ་ཞིག་ཏུ་མི་འགྱུར་མོད། བུ་མོ་འདིའི་མ་འོངས་པ་ཡོད་ཚད་ཁྱོད་ཀྱི་ལག་ཏུ་ཡོད་པས་ཁྱོད་རང་ཕ་རྒན་སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་མོའི་འཚར་ལོང་གི་འགྲོས་དང་བསྟུན་ནས་བྱ་ལོས་དགོས། ཕ་མ་རིགས་ཞེན་ཅན་ཞིག་ཡིན་ན་དེའི་བུ་ཕྲུག་དག་ཀྱང་དེ་ལྟར་ཕལ་ཆེར་ཡོང་ངེས། རྨོངས་དད་རེད་མ་བསམ་ན་ངས་ཀྱང་བུ་མོ་འདི་ཁྱོད་ཀྱི་རེ་བ་འགེངས་ནུས་པའི་མ་འོངས་མཛངས་མ་ཞིག་ཏུ་འཚར་ལོང་ཡོང་སྨོན་ལམ་རྒྱག་གི་ཡིན། བདེ་མོ།

    Reply
  8. dego_z says:
    ལོ་ 16 སྔོན།

    དྲ་གྲོགས་བོད་ཤ་ཁྲག་་རུས་ལགས།
    ཐོག་མར་ཁྱེད་ཀྱི་བུ་མོ་འདི་འཇིག་རྟེན་འདིར་ཕེབས་པ་བཀྲ་ཤེས་བདེ་ལེགས་ཞུ
    འོན་ཀྱང་བུ་མོ་འདི་མདུན་ལམ་ཅི་འདྲ་རེད་མུན་ཁྱོད་ཀྱི་སློབ་གསོ་ལ་རེགས་ལས་ཡོད།

    Reply
  9. samkhar says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།
    ངས་ཐོས་པའི་གསར་འགྱུར།

    ཕྱིར་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་འདུ་ཞིག་སང་ཉིན་ནས་ཉིན་གསུམ་གྱི་རིང་ཚོགས་རྒྱུ་ཡིན་འདུག
    ཚོགས་འདུའི་དབུ་འབྱེད་མཛད་སྒོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཆིབས་སྒྱུར་གནང་རྒྱུ་ཡིན་འདུག།

    Reply
  10. tsekyis says:
    ལོ་ 16 སྔོན།

    ཐར་བས་འཁོར་ཡུག་ངན་པའི་སྐྱོན་མི་གོས།།
    མ་ནི་འབྱུང་འགྱུར་གངས་རིའི་ཡུམ་ཡིན་ཞིང་།།
    མཚོ་བོད་མཐོ་སྒང་འདི་ཡི་བདག་མོ་ཁྱེད།།
    ཆོལ་གསུམ་ཡུལ་ལ་སྨིན་པའི་བཀྲིས་ཞུ།།

    Reply
  11. jamyangdakpa632 says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་མོས་ཡག་པོ་ཞིག་གསུངས་འདུག ཆུ་ཐིགས་ལགས།ཁྱེད་ཕོ་ཡིན་དང་མོ་ཡིན།

    Reply
  12. mekor says:
    ལོ་ 16 སྔོན།

    གྲོགས་པོ། ཡོད་ཚད་ཨ་ཕ་ཁྱོད་ལ་རག་ལས་ཕྱིར། ཉིད་ཀྱིས་བུ་མོ་འདི་བོད་པའི་བུ་མོ་ཡག་པོ་ཞིག་བཟོ་དགོས།

    འོ་་་་གསལ་བཤད་ཅིག་ལ་་་་ཉིད་ཀྱིས་ད་དུང་པར་ཡག་པོ་ཞིག་འཇོག་ཤེས་ཀྱི་མེད་པ་འདྲ།
    པར་དེ་《potoshop》ནང་ནས་ཨང་གྲངས་༥༠༠ཙམ་བྱས་ན་གཞན་གྱིས་བལྟ་དུས་ལས་སླ་བོར་བལྟ་ཐུབ། དེ་མིན་ཁག་པོ་ཡོད་པ་རེད། ཨེ་གོ་ཐལ།

    Reply
  13. make3224 says:
    ལོ་ 16 སྔོན།

    ཨ་ཕ་ཤ་ཁྲག་རུས་གསུམ་ལགས་ལ་རྟེན་འབྲེལ་ཞུ།

    Reply
  14. nyroblang says:
    ལོ་ 16 སྔོན།

    དགོད་དྲོ་བ་ཞིག་ལ་སྔོ་མ་ཤ་ཁྲག་ལགས་ཀྱིས་ཆུང་མ་མི་ལེན་ཞེས་པའི་དམ་བཅས་ཡོད། ད་ལྟ་ཐར་མ་མཚོ་ཟེར་བའི་བུ་མོ་ཞིག་ཡང་སྐྱེས་འདུག

    Reply
  15. jamyangdakpa632 says:
    ལོ་ 16 སྔོན།

    ཁྱེད་ཀྱིས་བུ་མོ་ཐར་མ་མཚོ་གླེང་སྐབས་ངས་ཀྱང་སྲིང་ཆུང་མ་དྲན་བྱུང་།མི་ཡུལ་འདི་ནས་ཁོ་ཚོ་ཇི་ལྟར་ཁོ་ལག་རྒྱས་རྒྱུ་ཡིན་ནམ།ཡིན་ཡང་ཁྱེད་ཀྱིས་བུ་མོར་སློབ་གསོ་ཡག་པོ་རྒྱག་ན་སྐྱོན་མི་ཡོང༌།

    Reply
  16. jamyangdakpa632 says:
    ལོ་ 16 སྔོན།

    ཁྱེད་ཀྱིས་བུ་མོ་ཐར་མ་མཚོ་གླེང་སྐབས་ངས་ཀྱང་སྲིང་ཆུང་མ་དྲན་བྱུང་།མི་ཡུལ་འདི་ནས་ཁོ་ཚོ་ཇི་ལྟར་ཁོ་ལག་རྒྱས་རྒྱུ་ཡིན་ནམ།ཡིན་ཡང་ཁྱེད་ཀྱིས་བུ་མོར་སློབ་གསོ་ཡག་པོ་རྒྱག་ན་སྐྱོན་མི་ཡོང༌།

    Reply
  17. free sopu says:
    ལོ་ 16 སྔོན།

    ལོ་ནི་བརྒྱ་ཕྲག་དུ་མའི་སྔ་རོལ་དུ།།
    ཁྲག་གི་བརྫེས་པའི་གདོང་བག་དམར་པོ་ཅན།།
    ཇིང་གར་རྒྱལ་པོ་འབོད་པའི་དཔའ་པོ་དེས།།
    རིགས་རུས་བོད་ནས་བཞག་པའི་ཚ་བོ་ཡིན།།

    Reply
  18. kungathinley says:
    ལོ་ 16 སྔོན།

    ཐར་མ་མཚོ་ཞེས་པའི་མིང་འདིའི་མ་ཡིག་གོ་བ་ལེན་ཕྱོགས་གཅིག་གིས་དགག་སྒྲ་རུ་འཛིན་ཚེ་དེ་ཙམ་མི་སྙན་པ་ཞིག་ཏུ་འགྱུར་འདུག་སྙམ་ནས་རྒྱུ་མཚན་དྲིས་པ་ཡིན་ལགས་གཞན་དམིགས་ཡུལ་མེད

    Reply
  19. ajamyang says:
    ལོ་ 16 སྔོན།

    ངས་ཁྱེད་ལ་རྟེན་འབྲེལ་དང་ཐུགས་རྗེ་ཞུ།  ཁྱེད་ཀྱིས་གདོང་དམར་ཚང་གི་རིགས་རྒྱུད་ཀྱི་རྒྱུན་བསྲིངས་བ་འདི་ལ་ང་ངོ་མའི་སེམས་སྟེང་ནས་དགའ།བུ་མོ་འདི་ཡང་ཁྱེད་ལྟ་བུའི་ཁ་ཞེ་གཉིས་མེད་ཀྱི་མི་གཞུང་དྲང་དང་རྒྱུད་འཇམ་ཞིག་ཡིན་པ་ང་ཡིད་ཆེ་ཡོད།མཐར་ཁྱེད་ཀྱི་བུ་མོ་རིག་བཟང་མ་འདིའི་ལུས་ལ་ནད་མེད་པ་དང་ཚེ་རིང་བ་བསམ་དོན་ཇི་བཞིན་འགྲུབ་པའི་སྨོན་འདུན་ཞུ།

    Reply
  20. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ་རྩོམ་པ་པོ་ཐེའུ་རང་གི་གནས་ཚུལ་ཞིག་འབྲེལ་ཐག་འདི་ན་འདུག་ལགས། གཟིགས་མཁན་ཡོད་ན་འོག་གི་འདི་ཡིན།

    http://youshun12.com/?p=1565#more-1565

    Reply
  21. sha tak ri sim says:
    ལོ་ 16 སྔོན།

    མིའུ་ཐུང་ཞེས་སུ་རང་གི་སྨྱུག་མིང་གྲགས།།
    ཕྲུག་གུ་ཞིག་ནི་མིན་རབས་སྔ་ནས་ཤེས།།
    དུས་ཚོད་གང་ཡོད་རང་རིགས་སྐྱིད་སྡུག་ལ།།
    བསམ་གཞིགས་བྱེད་པའི་བོད་ཀྱི་བུ་རྒོད་ཅིག།

    དགོངས་དག་ཞུ་རྒྱུ་ཞིག་ལ་ངའི་བུ་མོའི་མིང་ལ་ཐར་མ་མཚོ་ཞེས་བཏགས་དོན་གང་ཡིན་འགྲེལ་བཤད་ཅིག་རྒྱག་རོགས་ཟེར་ནས་འབོད་སྐུལ་གནང་བ་དེར་དགོངས་དག་ཞུ་འདོད་ཡོད། གང་ཡིན་ཟེར་ན། ད་ལྟའི་འཆར་མིང་འདིའི་ནང་དོན་ལ་སྤུན་ཟླ་ཁྱེད་རང་གི་གཙོ་བའི་ནང་དོན་ཞིག་ཤེས་འདོད་དང་མིང་ཁྱད་མཚར་དུ་འདོད་མཁན་དག་གིས་རང་རང་གི་གང་བསམ་པའི་ནང་དོན་རེ་བཞག་ན་འགྲིག སྐབས་འདིར་བདག་གིས་རང་གི་བུ་མོའི་མིང་ལ་ཐར་མ་མཚོ་ཟེར་དོན་གྱི་འགྲེལ་བཤད་དེ་རྒྱག་ཐུབ་ཀྱི་མི་འདུག་པ་མ་ཡིན་པར་འོས་འཚམ་ཞིག་མཐོང་མ་སོང་ལགས། དེའི་སྟབས་ཀྱི་སྤུན་ཟླ་མིའུ་ཕྲུག་ཉིད་ལ་དགོངས་དག་ཞུས་པ་ཡིན།

    Reply
  22. sha tak ri sim says:
    ལོ་ 16 སྔོན།

    འཇམ་དབྱངས་སྤྲུལ་བའི་བྱིན་རླབས་ཞུགས་པར་ཤོག།
    མགོན་མེད་དག་གི་སློབ་དཔོན་མཚན་འཛིན་པ།།
    ཉིན་དང་མཚན་དུ་བྲེལ་བ་ཆེ་ན་ཡང་།།
    ཁོམ་ལོང་བྱུང་དུས་འདི་རུ་ཕེབས་པ་སྤྲོ།།

    Reply
  23. sha tak ri sim says:
    ལོ་ 16 སྔོན།

    རྫ་རི་ནགས་རིའི་ཡུལ་ལྗོངས་མཛེས་ས་ནས།།
    སྲས་ཀྱི་ངང་ཚུལ་འཛིན་པ་རིག་གྱི་བུ།།
    བདེ་སྐྱིད་དགོད་སྒྲའི་བསུ་བ་ཉིད་ཀྱི་སེམས།།
    ཆེན་པོ་བོད་ཀྱི་ལུགས་སྲོལ་བཟང་བོ་ཉིད།།

    Reply
  24. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ཉིད་རང་ཡང་ཡང་འདི་རུ་ཕེབས།།
    ཡང་ཡང་ཕེབས་ནས་སྤུན་ཟླ་དག་གི་སྐད།།
    ཞིབ་དུ་ཉན་རྗེས་ཁ་དྲོ་བཀྲ་ཤིས་ཞུས།།
    ཚིག་གི་དབྱངས་རྟ་འདི་ཉིད་བརྟན་གྱུར་ཅིག།

    Reply
  25. kungathinley says:
    ལོ་ 16 སྔོན།

    གདོང་དམར་བོད་ཀྱི་ཤ་ཁྲག་རུས་པའི་རྒྱུད།།
    མི་ཆད་སྤེལ་བའི་ལས་སྐལ་བདག་གིས་བཞེས།།
    ངལ་དུབ་ཁུར་དུ་ལེན་པའི་མཚན་མོ་ཞིག།།
    གངས་ཅན་བོད་པ་འདི་ཡི་ཚེ་སྲོག་བསྐྲུན།།
    ཤ་ཁྲག་རུས་གསུམ་གངས་ཅན་བོད་ཀྱི་རྒྱུད།།
    དྭངས་གཙང་སེམས་པ་དགེ་བའི་འདུན་པ་ཅན།།
    འཛུམ་ཆུང་དྲོན་མོ་ཁྱེད་ཀྱི་སྙིང་སྲོག་ཉིད།།
    བྱིས་པ་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ།།
    བོད་ཤ་ཁྲག་རུས་གསུམ་གྱི་བྱིས་པ་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བྱིས་པ་འདི་ཡི་མིང་ཐར་མ་མཚོ་ཞེས་པའི་དོན་གང་ཡིན་འགྲེལ་བཤད་གཅིག་ཞུ།།

    Reply
  26. jamgon says:
    ལོ་ 16 སྔོན།

    གྲོགས་བོད་ཤ་ཁྲག་རུས་གསུམ་ལགས། ཉིན་འགར་དྲ་ཐོག་ཏུ་ཡོང་མ་ཐུབ་པས་དགོངས་འགལ་མེད་པ་ཞུ། ཁྱོའི་བུ་མོ་ཐར་མ་མཚོ་ཡི་འདྲ་དཔར་གཉིས་མཐོང་བ་དང་། དེ་དང་མཉམ་དུ་ཁྱོད་ཀྱི་སེམས་ཁོངས་ནས་བཞུར་བའི་དུང་ཤ་དྲོན་མོ་འདི་དག་ཤར་ཡོང་དུས། ཁྱོད་ཀྱི་བུ་མོ་ཐར་མ་མཚོ་ཡང་ཁྱོད་བཞིན་བོད་ཤ་ཁྲག་རུས་གསུམ་འཁྲུལ་མེད་ཅིག་ཡོང་ང་།

    Reply
  27. lo_truth says:
    ལོ་ 16 སྔོན།

    ཨ་ཕ་ལྟ་བུའི་བོད་མི་རིགས་ཀྱི་དྲི་མ་ཞིམ་པོ་ཅན་ཞིག་ཡིན་པར་ཤོག ཨ་ཕ་ནང་བཞིན་ཕ་སྐད་གཙང་མའི་འཇིག་རྟེན་ལ་དུངས་ཀ་ཧ་ཅང་ཟབ་པར་ཤོག

    Reply
  28. samkhar says:
    ལོ་ 16 སྔོན།

    མཆན་བུ་དག་བཀླགས་ཟིན་པས་འབྲི་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།

    Reply
  29. sha tak ri sim says:
    ལོ་ 16 སྔོན།

    མིག་གསུམ་པ་ལགས། རེད་ལགས། འཇིག་རྟེན་ས་སྒང་འདིས་སྟེང་གི་སྒང་བ་བོད་པ་ཚང་གི་ལུས་ཤིག་བླངས་པའི་འུ་ཅག་གི་མི་ཐོག་འདིས་ཁྲོད་ཀྱི་སྐྱེ་བོ་མི་ཉུང་བ་ཞིག་གིས་རང་རང་གི་ཕ་མའི་བཀའ་དྲིན་ཟེར་ན་འགྲིག ཕ་ཡུལ་ནས་འཚར་ལོངས་བྱུང་དྲིན་ཟེར་ན་རེད། གང་ལྟར། འུ་ཅག་གིས་བོད་སྐད་བཤད་ཤེས་པ་ནས་བོད་མིའི་སྐྱིད་སྡུག་ལ་བསམ་བློ་གཏོང་བཞིན་ཡོད་པ་ནས་རང་ཡུལ་ནས་བྱེས་སུ་གྱར་ཞིང་། ཉིན་མོ་དེ་ནས་དཀའ་ཚེགས་དང་སྡུག་ཡུས་ཀྱི་ལོ་ཟླ་གྲངས་མེད་ཀྱི་ཁྲོད་དུ་འུ་ཅག་གི་མ་མྱོང་བའི་རྒྱལ་ཁབ་མེད་པའི་སྡུག་བསྔལ་ནི་དངོས་ནས་བཤད་ཀྱི་མི་ལོངས་པ་ཞིག་ཡོད་པ་དེའི་སྟབས་ཀྱི་བོད་སྐད་ལ་དགའ་བ་དང་བོད་ཞེན་ཆེ་བར་ཆགས་ཡོད་ཟེར་ན་འགྲིག་ན་ཡང་། ད་ནི་རང་གི་བུ་ཕྲུག་འདི་དག་ནི་འཚར་ལོངས་བྱུང་ཡུལ་ནི་བྱེས་དང་འཛམ་གླིང་གི་ཁོར་ཡུག་རང་དབང་ཅན་དུ་གྲགས་པ་དག་ནས་འཚར་ལོངས་བྱུང་དེ་འོང་གི་ཡོད་དུས། ཕ་མའི་ཁ་འགུལ་བ་ལས་ལག་པས་རེག་ཙམ་བྱས་པ་ཡིན་ན་ཁྲིམས་ཁང་དུ་འགྲོ་དགོས་པའི་ལུགས་སྲོལ་གསར་བ་འདི་དག་ནི་བོད་མི་རིགས་ཀྱི་རིག་གཞུང་གི་གོམ་གཤིས་ཤིག་ལྡོག་ཕྱོགས་ཀྱི་འཚོ་བའི་བཞུད་སྟངས་ཤིག་ཆགས་ཡོད་ལ། ད་ལྟ་ངེད་ཅག་གི་བོད་མི་མི་ཉུང་བ་ཞིག་གིས་ཀྱང་། འདི་ལྟར་དེའི་བསྐོར་ལ་བསམ་གཞིགས་ནན་པོ་བྱེད་མ་ཐུབ་པར། ཡོད་ཚད་ཕྱི་ལུགས་ལ་ལེགས་སྲོལ་དུ་འདོད་པ་དང་ཡར་རྒྱས་ཅན་དུ་འདོད་པའི་དུས་རབས་འདིས་ཁྲོད་ཀྱི་འུ་ཅག་གི་བུ་རབས་ཚ་རྒྱུད་དག་བསྐྱེད་སྲུང་བྱེད་རྒྱུ་དེ་ནི་ཕ་མ་གཅིག་བུའི་འགན་ཞིག་ལ་གཏན་ནས་ཆགས་ཐུབ་ཀྱི་མེད་པ་རེད། ཡིན་ཡང་། ཉིད་ཀྱིས་བསམ་སྐུལ་གནང་བ་དེ་དག་ལ་བདག་གིས་ཀྱང་ཅི་ཐུབ་གང་ཐུབ་ཀྱི་བསམ་བློ་གཏོང་མྱོང་ཡོད་ལ། རང་གིས་ཀྱང་གང་ཤེས་གང་ཐུབ་ཅིག་ཧུར་ཐག་བྱེད་འདོད་ཡོད་ལགས།

    Reply
  30. kangjinpa says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱི་བུ་མོ་ཐར་མ་མཚོ་བདེ་ལེགས་ངང་འཁྲུངས་པ་ལ་རྟེན་འབྲེལ་ཞུ། རེད། ཕ་རྒན་ཞིག་གི་སེམས་གཏམ་དམར་རྗེན་མ་འདི་ལྟར་མཐོང་ཡོང་དུས་སྐད་ཆ་ཁ་ཤས་བཤད་འདོད་བྱུང་སོང་། ཁ་སང་དེ་རིང་ཁྱོད་དང་བདག་གི་ཉེ་འཁོར་དུ་རྩམ་དྲི་ཡལ་བའི་བུ་ཕྲུག་དེ་དག་མཐོང་དུས་ཤ་གསེང་རུས་གསེང་ལ་ན་ཟུག་རེ་སྐྱེས་འོང་། ཕ་མའི་སློབ་གསོས་མ་འཁྱོངས་ཡིན་ནམ། ཁོར་ཡུག་གི་ནད་རྙིང་དག་འགོས་སོང་བ་ཡིན། གང་ལྟར་བོད་པའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་མེད་པའི་བུ་ཕྲུག་དེ་དག་་ང་ཚོའི་མ་འོངས་པའི་སོན་རྩ་རེད་ཟེར། འདི་ནི་ང་ལ་མཚོན་ན་ཧ་ཅང་གི་བློ་ཕམ་སྐྱེ་ཡུལ་ཞིག་རེད། བུ་ཕྲུག་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནིཕ་མ་ལ་་རག་ལས་ཡོད་པས་ཁྱོད་ཀྱི་བུ་མོ་དེ་ལྟར་མ་ཡིན་པའི་ཡིད་ཆེས་ཟབ་མོ་ཡོད། ཁྱོད་ཀྱི་བུ་མོ་སྐད་ཡིག་ར་མ་ལུག་གི་ཀློང་ལས་ཐར་བའི་ཐར་མ་མཚོ་ཡིན་པའི་ཡིད་ཆེས་ཡོད། ཁྱོད་ཀྱི་བུ་མོ་རྫུན་གཏམ་དང་གཡོ་སྒྱུའི་འོག་ལས་ཐར་བའི་ཐར་མ་མཚོ་ཡིན་པའི་ཡིིད་ཆེས་ཡོད། ཁྱོད་ཀྱི་བུ་མོ་དོན་དམ་གྱི་ཐར་མ་མཚོ་ཡིན་པའི་ཡིད་ཆེས་ཡོད

    Reply
  31. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་ཞིག་གི་མཚན་ཐོབ་མཁན།།
    མིག་གི་ལྟ་ཞོག་བཟང་བོ་ཡིས།།
    གསུམ་འཛོམ་གཡང་གི་འབོད་པ་དེས།།
    པ་ལོའི་སེམས་པ་སྤྲོ་རུ་བཅུགས།།

    ཨོ་རེད་ལགས། ཉིད་ལ་དྲི་བ་ཞིག་འདུག་ལགས། ཇིང་ཟེར་བ་འདི་ནི་ས་མིང་ཞིག་རེད་དམ། ཡང་ན་རུས་མིང་ཞིག་ལ་གོ་ཡི་ཡོད་པ་རེད། དེ་མིན་ནང་དོན་གཞན་ཞིག་ཡོད་པ་རེད་དམ་ལགས། ཉིད་ཀྱིས་དེའི་བསྐོར་ལ་འགྲེལ་བཤད་ཅིག་རྒྱག་ཆོག་པ་ཞིག་ཡིན་ན་འགྲེལ་བཤད་ཅིག་གསུང་རོགས་ཞུ།

    Reply
  32. sha tak ri sim says:
    ལོ་ 16 སྔོན།

    ཁྱུང་གི་སྒོ་ང་ང་ཡི་མ་མཐོང་ཡང་།།
    སྤུ་ཉེག་རེ་ལ་དྲི་བ་གཏོང་མཁན་ལགས།།
    རྒྱལ་ཁབ་མེད་པའི་བྱེས་པ་ཞིག་ཡིན་ན།།
    རིགས་ཀྱི་བུ་མོ་མཐོང་བ་དགའ་ཡོད་ངེས།།

    Reply
  33. sha tak ri sim says:
    ལོ་ 16 སྔོན།

    བསེ་ཁྲབ་འདི་ལ་འགྱུར་བ་གཏན་མེད་པ།།
    རུ་ཁག་གཅིག་གི་གཙོ་མཁན་ལྟ་བའི་ཉིད།།
    དུས་དང་ནམ་ཀུན་ཐུགས་འཁུར་བླ་མེད་ཀྱིས།།
    སྐད་ཡིག་དར་རྒུད་སེམས་སུ་གཉར་བ་དང་།།
    རིགས་ཞེན་དུངས་པའི་བརྩེ་ཞེན་དྲོན་མོ་ཡི།།
    རང་གི་རིགས་ལ་དབྱེར་མེད་འགན་འཁུར་ཅན།།
    ཉིད་ཀྱིས་དྲིས་པའི་ཚིག་གི་ལན་ཞིག་ནི།།
    བདག་གི་སེམས་སུ་གསལ་ལེར་གཏན་མེད་ཀྱང་།།
    འདི་ནི་ང་རང་གོམ་སྲོལ་ཞིག་ལས་འགྲེལ་བཤད་ཅིག།
    རྒྱུ་མཚན་ལྡན་པ་བདག་ལ་ཞུ་རྒྱུ་མེད།།
    ཤད་ཅིག་རྒྱག་མཁན་དག་ལ་ཁུངས་ཡོད་དང་།།
    ཤད་ཅིག་མེད་མཁན་དག་ལ་ཁུངས་མེད་སོགས།།
    དེ་འདྲ་དེ་ཡི་རྩོད་པ་བྱེད་རན་དང་།།
    ཁུངས་ཤིག་ཡོད་མེད་བཙལ་རྒྱུའི་རིན་ཐང་སོགས།།
    བདག་གི་སེམས་སུ་དྲན་མྱོང་མེད་པ་ན།།
    ནོར་བའི་བྱེད་སྟངས་ཤིག་ལ་གཟིགས་པས་ཚེ།།
    དགོངས་དག་ཟེར་ཡུལ་ཞིག་ལ་ལོས་ཟེར་ཆོག།
    དེ་མིན་ཉིད་ཀྱིས་བདག་གི་བུ་མོའི་གཙོ།།
    དུས་རབས་གསར་བའི་བོད་ཀྱི་ཕྲུ་གུ་དག།
    འཚར་ལོང་བྱུང་ལུགས་ཕྱོགས་སུ་རྒྱབ་སྐྱོར་དེ།།
    གནང་བ་སེམས་དང་རུས་པའི་གཏིང་ནས་སྤྲོ།།

    Reply
  34. sha tak ri sim says:
    ལོ་ 16 སྔོན།

    སྤྲ་ནག་འདབས་ནས་འོང་ཞིང་བྱེས་ཡུལ་ན།།
    དཔལ་དང་འབྱོར་བའི་མནར་ཡང་མི་རིགས་ཞེན།།
    ལྡན་པའི་སྤུན་ཟླ་ཉིད་ཀྱི་རེ་སྐུལ་དེ།།
    ཕ་རྒན་ང་ཡི་ཅི་འཇོན་གང་འཇོན་བྱེད།།

    Reply
  35. sha tak ri sim says:
    ལོ་ 16 སྔོན།

    སྐར་མའི་གཟི་འོད་གནམ་མཁའི་དབྱིངས་སུ་བཀྲ།
    ཁྲི་རལ་ཅན་གྱི་རྗེས་སུ་ཞུགས་ཉིན་ནས།།
    བཙན་པོའི་མཛད་རྗེས་ཡིད་ལ་དྲན་མཁན་ཁྱེད།།
    ནམ་ཡང་སེམས་ཤུགས་དྲོན་མོ་འབར་གྱུར་ཅིག།

    Reply
  36. sha tak ri sim says:
    ལོ་ 16 སྔོན།

    གཉའ་ཤིང་ཕྲག་པར་སླེབས་པའི་མི་རིགས་ཤིག།
    འབྲོང་ཚའི་སྙིང་རྩ་ཅན་གྱི་བུ་རྒོད་ཅིག།
    ཐུ་སྲས་གངས་ཀྱི་རིགས་རྒྱུད་ཁྱེད་རང་གིས།།
    བུ་མོར་ཁ་གཡང་བརྗོད་པ་སྙིང་ནས་གུས།།

    Reply
  37. free sopu says:
    ལོ་ 16 སྔོན།

    བོད་མིང་ཅན་བུ་མོ་འདི་ཤ་ཞེན་རིགས་ཞེན་ཅན་ཞིག་ཡོང་བའི་རེ་བ་ཡོད།

    Reply
  38. monlam says:
    ལོ་ 16 སྔོན།

    ཁྱེད་ཀྱི་ཕྲུ་གུ་དེ་སྐྱེས་མ་ཐག་ནས་སྐྲ་རིང་པོ་དེ་འདྲ་སྐྱེས་ཟིན་འདུག

    Reply
  39. samkhar says:
    ལོ་ 16 སྔོན།

    དེ་རིང་ང་རྗེས་ལུས་ཐེབས་སོང་བ་རེད།
    ཡིག་ནོར་བཅོས་ཁོམ་མ་བྱུང་བས་དགོངས་འགལ་མེད་པ་ཞུ།
    ད་དུང་རང་མོས་སྙན་ངག་ལ་ཤད་མི་འབྲི་བའི་རྒྱུ་མཚན་ངོ་མ་དེ་གང་ཡིན་ནམ།
    འདིར་ཤད་འབྲི་མཁན་གྱི་སྡེ་གཅིག་དང་མི་འབྲི་མཁན་གྱི་སྡེ་གཅིག་ཁག་གཉིས་སུ་གྱེས་འདུག མི་འབྲི་བའི་རིགས་ཀྱིས་རྒྱ་མཚན་འདི་ཡིན་ཞེས་ད་བར་ལན་རྒྱུ་མཚན་ལྡན་པ་ཞིག་བརྒྱབས་པ་མཐོང་མ་བྱུང་། ཁྱེད་ལྟར་ན་འདོད་ཚུལ་ཇི་ལྟར་ཡིན་ནམ། རྒྱ་མཚན་ཅི།

    ཡུལ་གྱར་གྱི་ལས་དབང་མཇུག་མ་རྫོགས་པ་དེ་སྲིད་དུ་ང་ཚོའི་གསར་སྐྱེས་བྱིས་པ་ཚོའི་ལས་དབང་དང་ཁོང་ཚོས་མི་རིགས་འདི་དང་། མི་རིགས་འདི་སྐད་ཡིག་སོགས་ལ་འཛིན་པའི་འདུ་ཤེས་དེར་དོགསད་པ་དང་ཐེ་ཚོམ་དངངས་སྐྲག་ཡོང་གིན་ཡོད་པ་ནི་ཅི་འདྲའི་བདེན་པ་ཞིག་མ་རེད་དམ།

    Reply
  40. ngawa_palden says:
    ལོ་ 16 སྔོན།

    ངོ་མ་ཨ་ཕ་ཞིག་གི་སྙིང་གཏམ་རང་རེད། འོན་ཀྱང་། ཕ་རྒན་ཁོ་ལ་བལྟས་ན་བོད་མི་རིགས་ལ་ཞེན་ཁོག་ཅན་ཞིག་ཡིན་པ་སྙན་རྩོམ་དེས་ཤེས་ཐུབ། བོད་ཤ་ཁྲག་རུས་གསུམ་ལགས། ངོ་མ་ཉིད་ཀྱི་བུ་མོ་ཐར་མ་མཚོ་བོད་མི་ངོ་མ་ཞིག་བྱེད་མིན་ཉིད་ཀྱི་ལག་ཏུ་ཡོད།

    Reply
  41. Baichung says:
    ལོ་ 16 སྔོན།

    ས་བོན་ཆུང་ཆུང་།
    འཇིག་རྟེན་འདིའི་ངུ་སྐད་ཐོག་མའི་རྗེས་སུ་ཁྱེད་ཀྱིས་མཐོང་བ་དང་པོ་ནི། ཨ་མ་ཡི་འཛུམ་མདངས་ཡིན་ལ། འཐུང་བ་དང་པོ་ཡང་ཨ་མ་ཡི་འོ་མ་ཡིན། ཁྱེད་ཀྱིས་ཨ་ཕ་ཡི་སྐྱོ་ཉམས་སྣ་ཚོགས་མིག་མདུན་དུ་འཆར་བ་དང་སྡུག་སྐད་སྣ་ཚོགས་རྣ་ལམ་དུ་ཐོས་དུས། ད་བཟོད་ཁྱོད་ཀྱི་ཕྲག་ཐོག་ན་གདེག་དཀའ་བའི་ཁུར་བོ་ཞིག་ཡོད་པ་གཞི་ནས་ཚོར་ངེས།
    ལྗང་མདོག་གི་ཁྱིམ་གཞི་ཞིག་གི་ཆེད་མཚར་སྡུག་གི་ལང་ཚོ་མངོན་པའི་སྨོན་འདུན་གྲངས་མེད།
    ས་བོན་ཆུང་ཆུང་།

    Reply
  42. Baichung says:
    ལོ་ 16 སྔོན།

    པར་འདི་སྙིང་རྗེ་ལ་ཡང་ཕ་ས་འཛིན་མཁན་གསར་བ་ཞིག་སླེབས་སོང་བས་གུས་པས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་གུས་པས་ཁྱེད་ལ་འདྲི་བ་ཞིག་ཡོད་ཀྱི གལ་སྲིད་ཁྱེད་ཀྱིས་པར་དེའི་ལན་དུ་གུས་པས་པར་ཞིག་གཏང་བ་ཡིན་ག་འདྲ་བྱེད་དགོས། དཔེར་ན་བསམ་འཆར་འདོན་ས་འདིའི་ལམ་ནས།

    Reply
  43. dongthe says:
    ལོ་ 16 སྔོན།

    ཚེ་རིང་ལོ་བརྒྱ་ཁ་དྲོ་བཀྲ་ཤིས།
    བུ་མོ་མཛངས་མ་ཞིག་ཏུ་འགྱུར་བར་སྨོན།
    ཨ་ཕ་ཤ་ཁྲག་རུས་གསུམ་བཞིན་རིགས་ཞེན་དང་ལ་རྒྱ་ཅན་ཞིག་ཡིན་པར་སྨོན། བུ་མོ་ཡ་རབ་འུ་ཚང་གི་བདག་མོ་ཉན་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese