མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤི་རག་གི་དུས་སྟོན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྤུ་རག་འདི་ནི་དེང་རབས་ཀྱི་གཞོན་ནུ་དག་གི་དགའ་སྣང་བྱེད་ས་ཞིག་དང་སྐྱིད་སྐྱིད་གཏོང་དུས་མེད་དུ་མི་རུང་བ་ཞིག་ཡིན་པར་བཤད་ཀྱི་ཡོད་པ་རེད།

 

ལོ་ན་འདི་འདྲ་ཆུང་དུས་ནས་བཟུང་དེ་སྐྱིད་སྐྱིད་གཏོང་མགོ་བཙུགས་པ་ཡིན་ན་འགྲིག་གི་འདུག་གམ།

ཕྱི་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་དེར། ང་རང་གི་གྲོགས་པོ་ཞིག་གིས་རེ་སྐུལ་དང་དུ་བླངས་དེ་ངེད་གཉིས་ལོ་གཅིག་ནང་གི་དུས་སྟོན་ཆེ་ཤོས། སྤུ་རག་གི་དུས་སྟོན་གྱི་མཚན་མོ་དེ་རུ་སོང་བ་ཡིན། དེ་རུ་སོང་དུས། དེ་རུ་ཡོད་པའི་སྤུ་རག་ནི་འཛམ་གླིང་གི་ཤར་ནུབ་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་ཡོང་མཁན་ཤ་སྟག་རེད་འདུག་ལ། སྤུ་རག་ལ་ཐུགས་མཉེས་པོ་ཡོད་མཁན་དག་གི་དོ་ནུབ་ཀྱི་མཚན་མོ་འདི་ནི་བློས་གཏོང་མི་སྲིད་པའམ། བློས་གཏོང་མི་ཐུབ་པའི་མཚན་མོ་ཞིག་རེད་ཅེས་བཤད་ཀྱང་ཆོག

སྤུ་རག་གི་ཚོང་གཉེར་བ་དག་གིས་ཀྱང་རང་རང་གི་སྤུ་རག་བཙོང་ས་རུ། སྤུ་རག་འཐུང་བྱེད་ཀྱི་ཤེལ་དམ་དང་འགྱིག་དམ། ཡང་ན། ཤེལ་ཕོར་སོགས་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་བཟོས་འདུག་སྟབས། མི་རེ་རེ་ཡི་རང་རང་གི་སྣང་བ་འགྲོ་སྟངས་སོགས་ཀྱང་མི་འདྲ་བའི་དབང་གིས་གང་ལ་དགའ་བ་དེ་དག་ཉོས་དེ་རང་རང་གི་སྣང་བ་མཐུན་ས་དང་རང་རང་གི་གྲོགས་དང་གྲོགས་མོའི་ལྷན་དུ་སྤྲོ་སྐྱིད་ཀྱི་སྣང་བས་བཟི་བ་ལ་ཕར་བལྟས་ཚོད་ཀྱི་འདི་ནི་གནམ་འོག་མཚན་མོ་གསར་བ་ཞིག་རེད་འདུག་སྙམ་པའི་སྣང་བ་ཞིག་རང་དབང་མེད་པར་སྟེར་གྱི་འདུག་ལ། རྒྱལ་ཁབ་ཡོད་པའི་མི་རིགས་ཤིག་སྤྲོ་སྣང་དང་རང་དབང་ཡང་ཞོར་ནས་རྟོགས་སུ་འཇུག

ངེད་གཉིས་ཀྱིས་གྲོགས་པོ་ཁོ་རང་ལ་འཚམ་པའི་འགྱིག་དམ་ཆེན་པོ་འདི་འདྲ་གཅིག་དང་ང་རང་ལ་ཆུ་མངར་མོ་ནག་པོ་ཞིག་བཅས་ཉོས་དེ་སྐྱེད་ཚལ་རྭ་བ་ཆེན་པོ་དེའི་ནང་གི་རྩྭ་ཐང་སྟེང་དུ་བསྡད་ནས་མི་ཚོགས་ཕོ་མོ་ན་གཞོན་གྱི་འཁང་བའི་བར་གསེང་དང་རོལ་མོའི་དབྱངས་རྟ་ལ་ཉན་ནས་བསྡད་པ་ཡིན། བར་སྐབས་ཤིག་ལ་མི་ཚོགས་ཀྱི་ཕར་འགྲོ་ཚུར་འགྲོ་ཡི་བར་གསེང་དུ་ངས་མིག་ལམ་དུ་གསར་བུ་ཞིག་གིས་ཚུ་ལེན་ཞིག་གི་སྟེང་དུ་རྒྱ་ཡིག་གི་བོད་ཅེས་པ་ཞིག་བྲིས་ཡོད་པ་གོན་ནས་འགྲོ་མཁན་ཞིག་མཐོང་བས་ངས་ཁོ་ལ་དེ་བསྟན་པ་ཡིན་མོད། མི་ཚོགས་ཀྱི་གསེང་ནས་འགྲོ་མཁན་དེ་ཡང་གར་སོང་ཆ་མེད་དུ་འགྱུར་རྒྱུར་ལས་སླ་བ་དང་ལྟ་མཁན་ཡང་དལ་དྲགས་པས་ཁོ་རང་གིས་མཐོང་ཡོད་པ་མ་རེད།

མཚན་མོ་ཆུ་ཚོད་བཅུ་བ་ཙམ་ཞིག་ལ་རོལ་དབྱངས་ཀྱི་ཚོགས་པ་དེའི་གླུ་གཞས་གཏོང་རྒྱུའི་མགོ་བཙུགས་པ་དང་ལྷན་དུ་མི་ཚོགས་ཀྱི་ཞབས་བྲོའི་སྟངས་སྟབས་ལ་ཕར་བལྟས་ཚོད་ཀྱིས་རྒྱ་མཚོའི་རླབས་རྒྱུན་ཞིག་ལས་གང་ཡང་དྲན་ཐུབ་ཀྱི་མི་འདུག་ལ། སྤུ་རག་མཐོང་མཁན་གྱི་བུ་མོ་དེ་དག་ནི་གཅིག་ལས་གཅིག་ལས་གཅིག་མཛེས་པ་དང་གཅིག་ལས་གཅིག་ཞབས་བྲོའི་སྟངས་སྟབས་ལ་ཉམས་འགྱུར་ལྡན་པའི་དེང་རབས་བུ་མོའི་གྱོན་གོས་སོགས་གང་ལ་བལྟས་དེ་འོང་དུས། ཆགས་ལྡན་ང་ལྟ་བུ་ཁ་ཤས་ཀྱི་གློ་སྙིང་བྲང་གསུམ་སྤུ་རག་གི་བཟི་རུ་འཇུག་མ་ཐུབ་ཀྱང་། བུད་མེད་འདི་དག་གི་ཆགས་སྲེད་ཀྱི་ཉམས་འགྱུར་གྱིས་རྐ་རྐང་ལག་ཚང་མ་བཟི་རུ་འཇུག་པ་ནི་ཐེ་ཚོམ་ཞིག་མི་འདུག

འདི་འདྲའི་མི་ཚོགས་ཤིག་དང་འདི་འདྲའི་སྤུ་རག་འཐུང་མཁན་ཞིག་མང་ན་ཡང་། འདི་ན་དོན་རྐྱེན་སློང་མཁན་མི་འདུག་ལ། འཁྲིག་པ་རྒྱག་མཁན་ཡང་མི་འདུག ཕན་ཚུན་ལ་བརྙས་བཅོས་བྱེད་མཁན་ཀྱང་མི་འདུག བར་སྐབས་ཤིག་ལ་ངེད་གཉིས་ཀྱི་འཁྲིས་སུ་ཕོ་གསར་ཅུང་ཙམ་ར་བཟི་བ་ཞིག་སླེབས་ནས་ངེད་་གཉིས་ལ་ཁྱེད་གཉིས་རྒྱ་ནག་ཡིན་ནམ་ཟེར་ནས་དྲི་ཚིག་ལྷན་དུ་རྣམ་འགྱུར་མི་ཡག་ཀྱང་། ངེད་གཉིས་ཀྱིས་ངེད་གཉིས་བོད་པ་ཡིན་ཟེར་ནས་བཤད་དུས། ཁོ་རང་གིས་ཧ་ལས་པའི་ཉམས་དང་བཅས་དེ་ངས་བོད་པ་མཐོང་བ་ཐོག་མ་དང་བོ་ཡིན། ཁྱེད་གཉིས་ལྷན་དུ་འདྲ་དཔར་ཞིག་བརྒྱབ་ན་འགྲིག་གི་རེད་དམ་ཟེར་ནས་ངེད་གཉིས་ཀྱི་འཁྲིས་སུ་བསྡད་ནས་འདྲ་དཔར་ཞིག་བརྒྱབ་རྗེས། ཁོ་རང་གི་ལག་དུ་བཟུང་བའི་སྤུ་རག་གི་འགྱིག་དམ་ཆེན་པོ་དེ་ངའི་ལག་པར་གཏད་དེ་ཧུབ་བཀང་འཐུང་རོགས་ཟེར་ནས་སྐུལ་མ་གནང་དུས། ངའི་གྲོགས་པོས་ཁོ་ལ་ཁོ་རང་ཤ་མེད་ཟ་མཁན་རེད་ཅེས་བཤད་དུས། ཁོས་འདི་ཡང་ཤ་མེད་ཟེར་ནས་ང་ལ་ཨུ་ཚུགས་བརྒྱབ་དུས། ངས་ཁོང་ལ་ཐུགས་རྗེ་ཆེ་ལགས། ངས་གཏན་ནས་མི་ཚེ་གང་བོ་འདིའི་རིགས་འཐུང་གི་ཡོད་པ་མ་རེད་ལགས། དགོངས་དག་ཟེར་ནས་རང་གི་ཆུ་མངར་མོ་ནག་པོ་དེ་དང་ཁོང་གི་སྤུ་རག་གཉིས་ལྷན་དུ་སྤྱར་ནས་བཀྲ་ཤིས་ཁ་གཡང་ཞིག་བོས་པ་ཡིན།

ཐོག་མར་ནང་དུ་འཛུལ་དུས་སུ། ལག་ཁྱེར་སྟོན་དགོས་ཀྱི་འདུག་ལ། ལག་ཁྱེར་སྟེང་དུ་ལོ་ན་བཅོ་བརྒྱད་སོན་མེད་པ་ཡིན་ན་ནང་དུ་གཏོང་གི་མི་འདུག ནང་ནས་ཀྱང་སྤུ་རག་ཉོ་སར་འགྲོ་དུས་ལག་ཁྱེར་སྟོན་དགོས་ཀྱི་འདུག དེ་དག་ནི་ཁོང་ཚོས་བདེ་འཇག་དང་ལོ་བཅོ་བརྒྱད་ལ་མ་ལོན་མཁན་གྱི་བུ་དང་བུ་མོ་སུ་ལ་ཡང་སྤུ་རག་བཙོང་ཆོག་གི་མེད་པར་སྟོན་གྱི་འདུག

གྲོགས་པོས་ང་ལ་ཕྱིར་ཉིད་སྐྱེད་ཚལ་རྭ་བ་འདི་རུ་སྤོབ་མ་ལེ་མི་རིགས་ནག་པོའི་ཁྲོད་ཀྱི་སྐད་གྲགས་ཅན་གྱི་གླུ་བ་གྲགས་ཅན་དེའི་གཞས་ཀྱི་སྤྲོ་ཚོགས་ཤིག་འདི་ནས་ཚོགས་རྒྱུ་རེད་འདུག་ན་ཁྱེད་རང་ཡོང་གི་ཡིན་ནམ་ཟེར་ངས་སང་ཉིན་ང་རང་ཁོམ་པ་ཡོད་མེད་ལྟ་ཆོག ཡོད་ན་ཡོང་གི་ཡིན་ཅེས་བཤད་དེ་དགོང་མོར་དེར་ངེད་གཉིས་ཁ་ཁར་དེ་རང་རང་གི་བསྡོད་གནས་སུ་སོང་བ་ཡིན།

ཕྱིར་ཉིན་ང་རང་གཞས་ཀྱི་སྤྲོ་ཚོགས་དེར་མ་སོང་བ་ཡིན། ཕྱི་དྲོ་ང་རང་ཁོང་གི་ནང་དུ་སོང་དུས། ཁོས་ང་རང་ལ་འདང་ནུབ་འུ་གཉིས་ཀྱི་མ་མཐོང་བ་རེད་མ་གཏོགས། སྤུ་རག་གི་དུས་སྟོན་སྟེང་དུ་ཨོ་སུ་ཀྲི་ལའི་ཡ་ནས་ཡིན་པའི་ཕོ་གསར་ཞིག་གིས་བོད་ཀྱི་རྒྱལ་དར་ཞིག་འཕྱར་ནས་བོད་ཀྱི་སྟོད་ཐུང་འདི་ཚོ་བཙོང་བ་ཡིན་ཟེར་བ་དང་དེ་རིང་ཡང་ཁོས་སྐྱེད་ཚལ་དེ་རུ་བོད་ཀྱི་རྒྱལ་དར་འཕྱར་ནས་སྟོད་ཐུང་འདི་ཚོ་བཙོང་བཞིན་འདུག་ལ་ང་རང་བོད་པ་ཡིན་པ་ཤེས་ནས་ཁོ་རང་གིས་ང་རང་ལ་ཕྱེད་ཅག་གནང་དེ་བཙོང་སོང་། ངས་ཀྱང་འུ་ཅག་བོད་པ་ཚང་གི་ཚབ་བྱས་དེ་ཁོ་རང་ལ་བོད་པ་ཚང་མས་ཚབ་བྱས་དེ་བོད་དོན་ལ་ལས་ཀ་འདི་འདྲ་ཞིག་བྱས་པ་དེར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར། ངས་དེ་ནི་དངོས་ནས་ཁྱེད་རང་གི་ཡག་པོ་བྱས་འདུག ལྟོས་དང་བོད་པ་ང་ཚོས་རང་གི་དོན་དུ་གང་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། བོད་པ་མ་ཡིན་པས་མི་རིགས་ལྷག་བསམ་ཅན་རེ་ཟུང་གིས་རང་གི་འཚོ་བའི་དཀའ་ངལ་སོགས་ལ་མ་འཛེམས་པར་དྲང་བདེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ད་དངོས་ནས་འུ་ཚོ་བོད་ལ་སྐྱེ་བ་འདི་ལ་ངོ་ཚ་བོ་ཞིག་མ་རེད་དམ་ཟེར་ནས་བཤད་པ་ཡིན། དེ་དུས་ཁོས་ཀྱང་རེད། དངོས་ནས་་་་

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 48

  1. sha tak ri sim says:
    ལོ་ 16 སྔོན།

    མཐོང་སོང་བ་དེ་ནི་དངོས་ནས་བཟང་གི རེད་དེ། སྤི་རག་དམ་པུ་སྟོང་བ་ཞིག་ལས་མ་བྱུང་བ་དེ་ལ་བཟོད་པར་གསོལ།

    Reply
  2. gawachinrab says:
    ལོ་ 16 སྔོན།

    མཐོང་སོང་།

    Reply
  3. gawachinrab says:
    ལོ་ 16 སྔོན།

    མཐོང་སོང་།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    འཁྱམས་པོ་ལགས། སྐུ་ཉིད་ཀྱི་རེ་འདོད་ལྟར། ང་རང་གིས་གང་ཐུབ་ཅི་ཐུབ་ཅིག་བྱེད་ཁོ་ཐག་ཡིན་ལགས།

    Reply
  5. kangtuk says:
    ལོ་ 16 སྔོན།

    ཨེ། དེ་དངོས་གནས་སྙན་པོ་ཞིག་བྲིས་འདུག ལྦུ་ཆང་་་་ཨ་་ཨ་ཨ་་ ང་དེ་ནུབ་དེར་ཡོད་རྒྱུ་ན་ ཤུ་རེ་གོ་་་
    དྲ་གྲོགས་ཡག་པོ་བྲིས་འདུག་ལྷག་པར་དུ་ང་འདྲ་པའི་རིགས་ལ་རྣ་བར་ཧ་ཅང་སྙན་པོ་འདུག
    ཐུགས་རྗེ་ཆེ། ད་དུང་ཡང་དེ་འདྲ་རེ་འབྲི་རྒྱུ་ཡོད་ ན་སྙན་པོ་འདུག

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    སྤི་རག་འཐུང་ཤེས་ལྷ་ཡི་བདུད་རྩི་ཟེར།།
    སྤི་རག་འཐུང་ཤེས་མེད་ན་འདྲེ་ཆུ་ཟེར།།
    སྤི་རག་མ་འཐུང་མི་གྲལ་མི་འཚུད་ཟེར།།
    སྤི་རག་འདི་ལ་བྱས་རྗེས་ཆེ་ས་རེད།།

    Reply
  7. kangjinpa says:
    ལོ་ 16 སྔོན།

    སྦི་རག་འཐུང་ན་ལུས་པོའི་སྨན་ཡིན་ཟེར།།
    མ་འཐུང་བ་ནི་མི་ཡི་གྲས་མིན་ཟེར།།
    གང་ལྟར་དུག་ཁུ་ནག་པོའི་བཟི་ཁ་ལས།།
    མི་ཡི་རང་གཤིས་སྔར་ལས་གཞན་དུ་འགྱུར།།

    Reply
  8. kangjinpa says:
    ལོ་ 16 སྔོན།

    སྦི་རག་འཐུང་ན་ལུས་པོའི་སྨན་ཡིན་ཟེར།།
    མ་འཐུང་བ་ནི་མི་ཡི་གྲས་མིན་ཟེར།།
    གང་ལྟར་དུག་ཁུ་ནག་པོའི་བཟི་ཁ་ལས།།
    མི་ཡི་རང་གཤིས་སྔར་ལས་གཞན་དུ་འགྱུར།།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    གཉའ་འབྲོང་ཐུ་བུ་ལགས། དངོས་ནས་རེད། ང་རང་ཡང་དངོས་བོད་ཡུལ་དུ་ཡོད་དུས། རྩེད་ན་མགོ་མ། གླུ་ལེན་ན་སྐད་ངག་བདེ་མིན་ལ་མ་བལྟས་པར་ངས་ལེན་ཟེར་མཁན་ཞིག་ཡིན། འོན་ཀྱང་། ས་མཐའ་རུ་སླེབས་ནས་སྣང་བ་དེ་དག་ཡལ་སོང་བ་མ་ཟད། ཁ་ཁུ་སིམ་མེར་བསྡོད་རྒྱུ་དགའ་བ་ཞིག་ཆགས་འདུག་པ་མ་ཟད། ཐུགས་སྤྲོ་དང་སྤྲོ་སྐྱིད་རིགས་ལ་ང་རང་དངོས་ནས་འགྲོ་འདོད་མེད་པ་ཞིག་ཆགས་སོང་། སྐབས་རེ་སྤུན་ཟླ་རེ་ཟུང་གི་ངོ་མི་བཟློག་ཆེད་དུ་མི་འགྲོ་རང་དབང་མི་འདུག ཡིན་ཡང་། སོང་ཟིན་པ་ལས་སེམས་པ་ནི་སྤྲོ་སྐྱིད་གཏོང་མཁན་གྱི་རྭ་བ་དེ་རུ་དངོས་ནས་མི་འདུག་ལགས།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    མཛོད་བུ་ལགས། རྒྱལ་ཁབ་མེད་པའི་འུ་ཅག་གི་སེམས་ཁོང་གི་ན་ཟུག་འདི་ནམ་ཞིག་འཇག་སྲིད་པ་རེད་ཟེར་ནས་རང་རང་གི་སེམས་ངོ་ལ་དྲི་བ་རེ་བཀོད་དུས། དེ་ན་རྒྱལ་ཁབ་སླར་གསོའི་ཕྱོགས་སུ་བསམ་བློ་གཏོང་བ་དང་ནུས་ཤུགས་འདོན་དགོས་པ་མ་རེད་དམ་ཟེར་ནས་རང་གི་དྲི་བ་ལ་རང་གིས་ལན་ཞིག་འཁུར་ནས་འོང་དུས། ངས་ལྷག་དུ་རང་གི་སྤུན་ཟླ་སྙིང་སྟོབས་དང་སེམས་ཤུགས་ཀྱིས་ཕྱུག་པའི་གངས་ཡུལ་ཁ་བ་ཅན་གྱི་སྤུན་ཟླ་དག་གི་བྲན་གཡོག་གི་མི་ཚེ་དེར་སེམས་འཁྲལ་མི་བྱེད་རང་དབང་ཅིག་མི་འདུག་ལགས།

    Reply
  11. dongthe says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས་ཁྱེད་ཀྱིས་དུས་སྟོན་སྐོར་ནས་བྲིས་པ་བཀླགས་ཟིན། ང་ལ་མཚོན་ན་དུས་སྟོན་ནམ་སྤྲོ་སྐྱིད་གཏོང་ས་ཕལ་ཆེར་ལ་འགྲོ་ཡང་མ་མྱོང་ལ་འགྲོ་འདོད་ཅང་མི་འདུག ཐ་ན་ངའི་ཁོར་ཡུག་འདིའི་སྤྲོ་སྐྱིད་རབ་རིབ་དག་ལའང་སུན་སྣང་སྐྱེ་གི། མ་གཞི་ང་བོད་ན་ཡོད་དུས་སྤྲོ་སྐྱིད་ལ་ཧ་ཅང་དགའ་ལ་ངས་གཞས་ཀྱང་གཏོང་མྱོང་ལ་བྲོ་ཡང་འཁྲབ་མྱོང་། ཡིན་ནའང་། ང་ཕྱི་ལོག་ཏུ་ཡོང་ནས་སྤྲོ་སྐྱིད་ལ་བྲོ་བ་མེད་ནི་ཞིག་ཆགས་སོང་། དེ་ནི་ངའི་སེམས་ཚོར་དང་འབྲེལ་བ་ཟབ་ཤོས་ཤིག་རེད་ལ་ཁོར་ཡུག་དང་ཡང་ན་སྤྱི་ཚོགས་ལ་འབྲེལ་བ་མེད་པ་ཡང་མ་རེད་ལགས།

    Reply
  12. tashi dondub says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ཀྱིས་ངོ་སྤྲོད་ཡག་པོ་བྱས་འདུག རྒྱལ་ཁབ་ཡོད་ནི་དེ་ཚོ་སྐྱིད་པོ་ཡིན་ནི་རེད།

    Reply
  13. tashi dondub says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ཀྱིས་ངོ་སྤྲོད་ཡག་པོ་བྱས་འདུག རྒྱལ་ཁབ་ཡོད་ནི་དེ་ཚོ་སྐྱིད་པོ་ཡིན་ནི་རེད།

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    རྫ་མཐའ་རུ་མཐའ་ཞིག་ནས་སྤྲོ་སྐྱིད་རོལ།།
    སྲས་ཀྱི་ངང་ཚུལ་འཛིན་རྒྱུ་གཏན་མེད་པས།།
    བདེ་སྡུག་བོད་མིའི་དོན་དུ་བསམ་ཐེངས་རེར།།
    ཆེན་པོ་ཐོབ་ཀྱང་སེམས་ལ་དྲོད་ཁོལ་བྲལ།།

    Reply
  15. sha tak ri sim says:
    ལོ་ 16 སྔོན།

    མཛོད་བུ་ལགས། སྐུ་ཉིད་འདི་་རུ་ཕེབས་ནས་བསམ་ཚུལ་ལྷུག་པོར་གནང་བ་དེར་དགའ་གུས་ཡོད་ལ། རྗེས་ཕྱོགས་ཀྱང་འདི་ལྟར་གནང་རྒྱུར་རེ་སྐུལ་ཡོད་ལགས།

    Reply
  16. lo_truth says:
    ལོ་ 16 སྔོན།

    ཕྱི་ཡུལ་བོད་མིས་སྐྱིད་པོ་བཏང་སོང་།།
    བལ་ཡུལ་བོད་པ་ཕུད་གྲབས་བྱས་སོང་།།
    རྒྱ་གར་བོད་པའི་འཐུས་ཤོར་སོགས་ཀྱིས།།
    གཞིས་ལུས་བོད་མི་སྡུག་ཀ་བཞག་སོང་།།

    Reply
  17. tashi dondub says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ད་ཐེངས་ང་རྗེས་མ་ཆགས་སོང་བས་དགོངས་འགལ་མེད་པར་ཞུ། དུས་སྟོན་སྐྱིད་པོ་ངོ་སྤྲོད་གནང་འདུག མ་གཞི་རྒྱལ་ཁབ་ཅིག་ཡིན་དུས་འགྲིག་ལམ་མམ་ཁྲིམས་ལུགས་ཡག་པོ་ཞིག་དགོས་པ་རེད། ང་ཚོ་བོད་པ་ལ་མཚོན་ན་ད་སྐབས་རྒྱལ་ཁབ་ཀྱང་ཤོར་ཚར་བའི་སྐབས་རེད་ལ། དེ་བཞིན་ཁྲིམས་ལུགས་ཀྱང་ཡག་པོ་ཡོད་པ་མ་རེད། ཡིན་ནའང་འཛམ་བུ་གླིང་གི་མི་ཚང་མའི་ནང་ནས་བོད་པ་མ་འདྲ་བ་ཞིག་ཏུ་བརྩི་ཡི་ཡོད་པ་དེ་གཙོ་བོ་བོད་པར་ནང་ཆོས་ཀྱི་སྣུམ་དང་བྲལ་མེད་རེད། དེའི་སྟབས་བོད་པར་བྱམས་བརྩེ་སོགས་ཀྱི་སྐོར་ནས་མི་ལ་འདུ་ཤེས་འཛིན་སྟངས་མ་འདྲ་བ་ཞིག་ཆགས་འདུག་བསམ། དེ་བཞིན་༧གོང་ས་མཆོག་གི་ཐུགས་རྗེ་འོད་སྣང་གིས་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་རེད།

    Reply
  18. sha tak ri sim says:
    ལོ་ 16 སྔོན།

    གྱེར་ནག་ཚང་གིས་འཚམས་འདྲི་གནང་བ་དེར་ཐུགས་རྗེ་ཆེ་ལགས། རྗེས་ཕྱོགས་དུས་ཚོད་གང་ཡོད་ལ་ཕེབས་རྒྱུ་མ་བརྗེད་ལགས།

    Reply
  19. tri yungdrund says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།
    ཁོ་བོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  20. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། ཉིད་ཀྱིས་གསུང་བ་ལྟར་བདག་གིས་ཡིད་དུ་འཇགས་ངེས་ཡིན་ལགས། དེ་ལྟར་དུ་གསལ་བཤད་གནང་བ་དེར་ཐུགས་རྗེ་ཆེ། རྗེས་ཕྱོགས་གང་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་ཆོག་ལགས། ངས་ཀྱང་སྤི་རག་ལ་སྤུ་རག་ཟེར་ནས་བྲིས་པ་དེར་ཉམས་མ་བཞག་པ་མིན་པར། དངོས་ནས་དེ་གཉིས་ཀྱི་ཐོབ་ཁུངས་ཤིག་ང་རང་ལ་ཡང་གསལ་བོ་མེད་སྟབས། དེ་ལྟར་བྲིས་པ་ལས་ཤེས་ནས་བྲིས་པ་དང་མ་ཤེས་པར་རྨོངས་ཚོད་བྱས་པ་སོགས་གང་ཡང་མེད་པར་རང་གི་སྤི་རག་གི་དག་ཆའི་ཐད་དུ་དེ་འདྲའི་ཨུ་དང་ཨི་གཉིས་ཀྱི་དབྱེ་བ་སོགས་ལ་ཉིད་ཀྱིས་འདི་ནས་གསུང་རོགས་བར་དུ་འཐུས་ཤོར་ཞིག་གཏོང་བཞིན་ཡོད་པ་སྙམ་བཞག་མྱོང་མི་འདུག་ལགས། རྗེས་ཕྱོགས་ཀྱང་འདི་འདྲའི་རིགས་ལ་ཁ་གསལ་བ། གོ་བདེ་བ་འདིའི་རིགས་མང་ཙམ་ཞིག་བདག་གི་གཙོ་བའི་སྤུན་ཟླ་ཡོངས་ལ་མུ་མཐུད་ཅིག

    Reply
  21. samkhar says:
    ལོ་ 16 སྔོན།

    སྦུ་རག་ལས་འཕྲོས་པའི་གཏམ།

    བོད་ཤ་ཁྲག་རུས་གསུམ་ལགས།
    སྐུ་ཉིད་ཀྱིས་ཡོངས་གྲགས་སྦི་རག་ལ་འདིར་སྦུ་རག་བྲིས་པ་བཞིན།
    དྲ་གྲོགས་མི་ཉུང་བ་ཞིག་གིས་དབྱངས་ཨི་དང་ཨུའི་རིགས་ལ་ཁྱད་པར་མེད་པར་སྤྱོད་བཞིན་སྣང་ཚུལ་ཞིག་རྟག་ཏུ་མཐོང་གིན་འདུག དེ་ནི་དྲ་གྲོགས་ཚོ་རང་རང་གི་ཕ་ཡུལ་གྱི་སྐད་ཀྱི་གཤིས་ཀའི་སྟེང་ནས་ནོར་གྱིན་མེད་དམ་སྙམ། སྦི་རག་དག་པ་རེད་ལ་སྦུ་རག་མ་དག་པ་རེད། ངས་འདི་ལྟར་བཤད་ན། ཁ་ཅིག་གིས་དེ་གཉིས་ལ་ཁྱད་པར་མེད་ཅེས་ཤོད་སྲིད་ཀྱང་། བློ་གཟུ་བོར་གནས་ན་དེ་གཉིས་ལ་དག་དང་མ་དག་པའི་ཁྱད་པར་ཡོད་པ་ཡིན།
    དབྱངས་ཨི་དང་ཨུ་གཉིས་སྒྲ་གདངས་ཉེ་བར་འདོན་མཁན་གྱི་རིགས་ལ་སྐྱོན་དེ་རིགས་ཡོང་ངེས་པ་དང་ཡོང་སྲིད་པ་ཞིག་རེད། དེ་དོན་ཡིད་ལ་འཐད་མཁན་ཚོས་དོགས་གཟོན་གནང་རོགས། དེ་ལྟར་མི་འཐད་མཁན་གྱི་རིགས་ཡོད་ཚེ། ཨུ་ཚུགས་ཀྱིས་མི་ཕན་པས་དེ་ཙམ་ཡིན།

    དབྱངས་ཨི་དང་ཨུ་གཉིས་ནོར་བའི་དཔེ་མཚོན་ཙམ་དུ།

    དག་པ། མ་དག་པ།

    རི་བོང་། རི་བུང།
    བོང་བུ། བུང་བུ།
    ཨུ་ཚུགས། ཨུ་ཚིགས།
    ཨི་ཁུང་། ཨུ་ཁུང་།
    རིགས་རུས། རིགས་རིས།
    སྨག་རུམ། སྨག་རིམ།
    གཏིང་རུམ། གཏིང་རིམ།
    འཐིམ་རན། འཐུམ་རན།

    ད་དུང་ཡུལ་ལུང་སོ་སོའི་སྐད་ཀྱི་གཤིས་ཀའི་སྟེང་ནས་དབྱངས་ཨུ་དང་ཨོ་གཉིས་འཁྲུག་པ་དང་། དབུས་སྐད་ལྟ་བུ་ཡིན་ན་ཡ་བཏགས་དང་ར་བཏགས་སོགས་ཀྱང་དགོས་མེད་དུ་གྱུར་པའི་རིགས་ཀྱི་ཐ་སྙད་ཁག་ཅིག་སླེབས་ཀྱིན་ཡོད་སྟབས་དེ་རིགས་ལ། ང་ཚོ་བོད་ཡིག་བེད་སྤྱོདགཏོང་མཁན་ཚོས་གཟབ་དགོས་པ་ལས། བོད་ཡིག་མི་ཤེས་པའི་སྤོ་བོ་དང་རྨོ་བོ་ལགས་སོགས་ལ་འགན་འཁུར་དེ་ཡོད་པ་མ་ཡིན་ནོ།།

    Reply
  22. samkhar says:
    ལོ་ 16 སྔོན།

    དྲ་གྲོགས་གཅེན་པོ་ལགས། དྲ་ངོས་འདིའི་དོན་དམ་གྱི་གཅེན་པོ་ཞིག་ཡོང་བར་སྨོན།
    གཅེན་པོ། དེ་འདྲའི་ཚིག་སྦྱོར་བདེ་ལ་དག་སྡེབ་གང་འཚམ་དག་པའི་སྣང་བ་ཞིག་ཤར་ཡོང་གིན་འདུག གཅེན་པོ། ད་དུང་ང་ཚོ་འགྲོ་དགོས་པ་རེད་ཨང་། ལག་པའི་ནང་ལ་ལག་པ་ཞོག་དང་། སེམས་པའི་ནང་ལ་སེམས་པ་ཞོག་དང་། ཞེས་པའི་གླུ་དབྱངས་དེ་ལེན་གྱིན་མཉམ་དུ་ཕེབས་ན་གང་འདྲ་འདུག་གམ།

    Reply
  23. tsekyis says:
    ལོ་ 16 སྔོན།

    འཐུངས་ཤིང་འཐུངས་ཤིང་མིག་ལམ་སྐྱ་ཧྲིག་ཧྲིག།
    འགྲོ་ཞིང་འགྲོ་ཞིང་རྐང་གཉིས་འདར་སིག་སིག།
    བསམ་མེད་བསམ་བློ་བྲལ་བས་ནག་ཐོམ་ཐོམ།།
    རུས་གསུམ་སྨན་ཆུ་ཟབ་མོས་ད་གཟོད་དྭངས།།

    Reply
  24. sha tak ri sim says:
    ལོ་ 16 སྔོན།

    སྤུ་རག་དམ་པུ་བཀང་གིས་ཁྱེད་ལ་མཆོད།།
    ཧ་ཅང་མཆོད་རྒྱུ་མ་མང་གཅེན་པོ་ལགས།།
    འཐུང་ཤེས་སྨན་དང་སྐྱིད་སྣང་ཡིན་པར་ངེས།།
    མ་ཤེས་ནང་འཁྲུག་འཁོན་དང་ཞེ་སྡང་གཞི།།

    Reply
  25. tsekyis says:
    ལོ་ 16 སྔོན།

    སྐོམ་གསེལ་སྣ་མང་རྒྱ་མཚོར་མཚུངས་ན་ཡང་།།
    ཡིད་ཀྱི་བུ་ཆུང་ཚིམས་པའི་དུས་གང་ཞིག།
    དྲ་ངོས་སྙན་ཚིག་བདུད་རྩིའི་རོ་མཆོག་གི།
    ཨ་མྱེས་བུ་ངའི་ཡིད་དབང་ཡོངས་སུ་མྱོས།།

    དེ་ལྟ་ལགས་ན་ཆོལ་གསུམ་སྟག་ཤར་རྣམས།།
    མེས་པོ་དམ་པའི་ཕ་སྐད་སྦི་རག་འདི།།
    ས་ཡ་དྲུག་གི་ཞལ་ལ་ལེགས་དྲངས་ནས།།
    ཞི་བདེའི་སྐྱིད་ཚལ་ལྡུམ་རར་མྱོས་སུ་བཅུག།

    Reply
  26. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། སྐུ་ཉིད་ཀྱི་སྙིང་དམར་པོ་ཕྱག་ཟུང་གིས་ཡར་བཏེགས་དུས། བདག་གིས་སེམས་བསམ་པའི་སྙིང་གཏམ་དྲོན་མོ་ཉིད་ཀྱིས་དྲུང་དུ་འབུལ་བཞིན་ཡོད་ལ། ཉིད་དང་ཐུགས་མཐུན་མ་བྱུང་ས་རེ་བྱུང་ཉིན། ཉིད་ཀྱིས་འཛེམ་དོགས་མེད་པར་གསུང་རྐྱང་གནོངས་དང་། བདག་གིས་དེ་ལྟར་དུ་དང་ལེན་དང་རང་ཉེས་ངོས་ལེན་བྱེད་ངེས་ཡིན་ལགས། ངེད་ཅག་གི་སྐྱབས་བཅོལ་གྱི་ལུང་བ་ནས་ཇ་མངར་མོ་ཞིག་གི་མཐུན་རྐྱེན་མ་འཛོམ་རང་མི་སྐྱོན་ལ། ཇ་ནག་པོ་ཞིག་ཀྱང་མེད་ན་འགྲིག ཆུ་ཕོར་བཀང་འཐུང་ཞོར་དུ་སེམས་བསམ་པའི་སྙིང་གཏམ་དྲོན་མོ་ཡོད་ཚད་རང་རིགས་སྤྱིའི་བདེ་དོན་ཆེད་དུ་འཇོག་དང་། དེ་ཡིས་འགྲིག་གི་ཡོད། དེ་ཙམ་གྱིས་འུ་ཅག་གིས་རང་གི་ལས་འཁུར་ལ་དོ་སྣང་བྱས་པ་ཡིན། མ་རེད་དམ། བསེ་རུ་ལགས། ཉིད་ཀྱིས་ཐུགས་སེམས་དཀར་པོའི་རི་བོ་གངས་དཀར་དང་འདྲ་བར་ནམ་ཡང་འགྱུར་བ་མེད་པར་གནས་གྱུར་ཅིག

    Reply
  27. samkhar says:
    ལོ་ 16 སྔོན།

    སྐྱབས་བཅོལ་གྱི་མི་ཚེའི་འཕྲང་ལམ་ནས་ཉིད་ལ་གསོལ་ཇ་མངར་མོ་ཞིག་གྲ་སྒྲིག་བྱེད་ཐུབ་མ་སོང་ལ། ཇ་ཐང་ནག་པོ་ཞིག་ཀྱང་འབུལ་ཐུབ་མ་སོང་། འོན་ཀྱང་།
    སྙིང་དམར་པོ་ཞིག་གི་ནང་ནས་ལྷད་མེད་པའི་བརྩེ་དུང་གི་མེ་ཏོག་དཀར་པོ་ཞིག
    རིག་པའི་བུ་ཆུང་གི་དྲུང་དུང་དྲི་བསུང་ཐུལ་ཐུལ་དུ་ཕུལ་ཡོད་དོ།།

    Reply
  28. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། ཉིད་རང་འདི་རུ་ཕེབས་པ་མ་ཟད། སྐུ་ཉིད་ཀྱིས་ཟིན་བྲིས་གསར་བ་ཞིག་སྤེལ་བ་ངོ་སྤྲོད་གནང་བ་དེར་ཐུགས་རྗེ་ཆེ། ང་རང་ད་ལྟ་རང་ཁྱེད་ཚང་ལ་འགྲོ་ངེས་ཡིན། ཇ་མངར་མོ་ཞིག་མི་དགོས། འོ་ཇ་ཞིག་ཡོད་ཀྱང་འགྲིག དེ་མིན་ན་ཇ་ནག་པོ་ཞིག་གྲ་སྒྲིག་བྱེད་རོགས། ང་དངོས་ནས་ཇ་འཐུང་རྒྱུར་དགའ་བོ་ཡོད།

    Reply
  29. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་ལགས། བསྟོད་བསྔགས་གནང་བ་དེར་ངས་འཁྱོག་གི་མི་འདུག་ལགས། ཉིད་རང་འདིར་ཕེབས་ནས་བཀླགས་ཟིན་པ་དེ་ཙམ་གྱིས་དགའ་ནི་ཡིན་ལགས།

    Reply
  30. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། བདག་གིས་རེ་སྐུལ་ལ་བསམ་ཤེས་གནང་བ་དགའ་ནི་ཡིན། རེད་དེ་ལྷག་དུ་སེམས་པ་མི་སྐྱིད་དུས་འཐུང་ལོབ་དུ་སོང་ན་དངོས་ནས་ཉེན་ཁ་ཡོད་ནི་རེད་ལགས།

    Reply
  31. samkhar says:
    ལོ་ 16 སྔོན།

    སྙིང་ཉེ་བའི་དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས།

    ངའི་ཟིན་བྲིས་སུ་སྐུ་ཉིད་དང་འབྲེལ་བའི་ཟིན་བྲིས་གསར་པ་ཞིག་སྤེལ་ཡོད།
    དེའི་ཁ་བྱང་དུ། དམིགས་ཡུལ། ཞེས་བཀོད་ཡོད། དེ་ལན་ཅིག་བཀླག་རོགས།

    Reply
  32. free sopu says:
    ལོ་ 16 སྔོན།

    བཀླགས་ཚར་ཡིན་གྲོགས་པོ་ཤ་ཁྲག་ལགས་ཡག་པོ་བྲིས་འདུག

    Reply
  33. Baichung says:
    ལོ་ 16 སྔོན།

    ཡིན་ད་ཡིན་གྲོགས་ཤ་ཁྲག་རུས་གསུམ་གྱི་གསུངས་ལ་མོས་མཐུན་ཡོད། མཚམས་མཚམས་རེར་ངོ་རྫོག་རྒྱུའི་རྦི་རག་དེ་ཞིམ་པོ་ནི་འདུག་ད། གང་ཤེས་མི་ཁ་ཤས་དེ་ཁོག་ཏུ་སོང་མ་ཐག་འདྲེ་ཞུགས་པ་ནང་བཞིན་དཔའ་བློ་ཁོག་ཆེ་རུ་འགྲོ་འདུག་མོད། ངས་ནི་སེམས་པ་མི་སྐྱིད་དུས་ཉུང་ཉུང་རེ་འཐུང་ན་སེམས་ཀྱི་སྡུག་བསྔལ་ཚང་མ་ཡལ་འགྲོ་ཡི དགེ་བ་ཞིག་ཡོད་ཀྱི།

    Reply
  34. sha tak ri sim says:
    ལོ་ 16 སྔོན།

    ཁ་བ་དཀར་པོ་ལགས། དངོས་ནས་དེ་འདྲ་རེད་ཡ། ངེད་ཅག་བོད་པ་ཡིན་ཟེར་ནས་བཤད་དུས། ཁོང་ཚོས་ཚུར་ལ་ཏྰ་ལའི་བླ་མ་ཟེར་ནས་གསུང་གི་འདུག དེ་རིང་ང་རང་སྨན་ཁང་དུ་སོང་དུས། སྨན་ཁང་གི་སྒོ་འགྲམ་ནས་ཕོ་གསར་ཞིག་གིས་ཐོག་མར་ང་རང་ཉི་ཧོང་གི་མི་རིགས་ཤིག་རེད་འདོད་པ་འདྲ། ཁོས་ང་ལ་ཉི་ཧོང་གི་སྐད་ནས་བཀྲ་ཤིས་བདེ་ལེགས་ཞུས་སོང་། དེ་དུས་ངས་ཁོང་ལ་ང་རང་ཉི་ཧོང་བ་མིན་ལགས་ཟེར་ནས་བཤད་པ་ཡིན། དེ་དུས་ཁོང་གིས་དེས་ན་ཁྱེད་རང་གང་གི་ཡིན་ཟེར་ནས་དྲིས་པའི་ལན་དུ། ངས་ང་རང་བོད་པ་ཡིན་ཟེར་ནས་བཤད་དུས། ཁོང་གིས་གདོང་ལ་འཛུམ་གྱིས་བཀང་ནས། ཨོ་རེད། ཏྰ་ལའི་བླ་མ་ཟེར་བཞིན་ང་རང་ལ་འཛུམ་མདངས་ཤིག་སྟོན་ཞོར་དུ་འབུད་སོང་། ད་དེ་འདྲ་རེད། འུ་ཅག་གི་༧མགོན་པོ་མཆོག་གིས་སྐྱེ་བོ་མཐོ་དམན་མེད་པར་དགའ་གུས་ཀྱི་སྤྲོ་སྣང་ཞིག་གནང་འདུག་པ་དག་མི་རྒྱུས་མེད་དག་དང་འཕྲད་ཐེངས་རེ་ཤེས་ཀྱི་འདུག

    Reply
  35. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། དུས་རྒྱུན་དུ་འུ་ཅག་གིས་སྤུ་རག་རེ་ལྷོད་ལྷོད་ཅིག་འཐུང་རྒྱུའི་གོ་སྐབས་ཤིག་མེད་ཀྱང་། ང་ཚོ་ཁོམ་དུས་ཁོམ་དུས་སུ་སྤུ་རག་གི་ཚབ་དུ་སེམས་བསམ་པའི་སྐད་ཆ་རེ་གླེང་དེ་སེམས་པ་བཟི་རུ་བཅུགས་དེ་སེམས་དོན་དྲོན་མོ་ཞིག་རྙེད་པ་ཡིན་ན་ག་འདྲའི་འདུག་ལགས།

    གཅེན་པོ་ལགས། སྤུ་རག་གི་བྲོ་བ་ནི་དངོས་ནས་ཁྱེད་རང་གི་མྱོང་གི་ཡོད་པ་འདྲ། གསུང་ཚུལ་བལྟས་དུས། ཡིན་ཡང་། སྤུ་རག་འདི་འཐུང་ཤེས་རྒྱུ་ནི་དངོས་ནས་གལ་ཆེན་རེད་ཡ། དེ་མིན་སྤུ་རག་གིས་མི་འཐུང་བ་ཡིན་ན་ལྟད་མོ་ཡོད་ནི་རེད།

    ཆུ་ཐིགས་སྔོན་མོ་ལགས། ངས་ཉེ་སྔོན་ནས་བཟུང་དེ་ཉིད་ཀྱིས་ནོར་འཛིན་མ་ཆགས་པའི་སེམས་ཁམས་ཀྱི་མྱོང་བྱང་དེ་དུས་ཐོག་དུ་བཀླགས་ཟིན་པ་ཡིན། སྐབས་དེར་བདག་ལ་ཟིན་བྲིས་ནང་དུ་མཆན་པུ་འདེབས་རྒྱུའི་གོ་སྐབས་ཤིག་ལྡན་མ་སོང་། གང་ཡིན་ཟེར་ན་བདག་གིས་རང་གི་གློག་ཀླད་མ་འཁྱེར་བར་གུང་གསེང་ལྷོད་ལྷོད་ཅིག་བྱས་ཁུལ་ཡིན། འོན་ཀྱང་། བར་གསེང་བར་གསེང་དུ་གུང་གསེང་ལ་འགྲོ་སའི་ཁྱིམ་ཚང་དེ་ནས་སྤུན་ཟླ་དག་གི་ཉིན་རེ་ཉིན་རེ་ཡི་ཟིན་བྲིས་ཚང་མ་བཀླགས་ཚར་ཡིན།

    Reply
  36. sha tak ri sim says:
    ལོ་ 16 སྔོན།

    ཆུ་འཁྱག་ཕོར་བཀང་མཆོད་དང་ཆང་ཚབ་ཡིན།།
    ཐིགས་པ་རེ་རེ་མུད་ཅིག་བྲོ་བ་རྙེད།།
    སྔོན་ལས་གང་ཞིག་བསགས་པའི་ལས་དབང་གིས།།
    མོ་རིགས་མཛེས་མ་མང་བོའི་ངེད་གཉིས་བསྐོར།།

    Reply
  37. sha tak ri sim says:
    ལོ་ 16 སྔོན།

    གཅེན་ཆུང་ངེད་གཉིས་མི་ཚོགས་སྟོང་འདུས་ཁྲོད།།
    པོ་ཏ་ལ་ཡི་རྒྱབ་ལྗོངས་མ་མཐོང་ཡང་།།
    སྣ་འདུས་སྤྲོ་དགའི་བཟི་བའི་མཚན་མོ་དེར།།
    རང་གི་རིགས་ལ་དུངས་པ་ཟབ་མོ་བྱུང་།།

    Reply
  38. sha tak ri sim says:
    ལོ་ 16 སྔོན།

    སྐར་ཚོགས་སྟོང་ཕྲག་མཁའ་ན་རྒྱུ་དུས་སུ།།
    ཁྲི་མ་འབུམ་གྱིས་བྲོ་བ་མྱོང་དུས་སུ།།
    བཙན་པོ་དབང་ཡོད་བྱེད་མཁན་མེད་དུས་སུ།།
    སྤུ་རག་ཧུབ་བཀང་ང་ཡིས་འཐུང་མེད་དོ།།

    Reply
  39. kawakarpo says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། ཀློག་སྤྲོ་བ་ཞིག་བྲིས་འདུག ཉེ་ཆར་ང་རང་ཨ་རིའི་ས་ཆ་ཅུང་ཟད་ཁུག་ཀྱོག་ཅིག་ལ་སོང་བ་ཡིན་ལ། ཞིང་གྲོང་ཞིག་ན་རྒད་པོ་ཞིག་གིས་གཉེན་སྟོན་བྱེད་ཀིན་འདུག དེ་རུ་ང་རང་བོད་པ་ཞིག་ཡིན་ལུགས་བཤད་མ་ཐག་ཏྰ་ལའི་བླ་མ་ཟེར་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ་ལག་པ་ཐལ་མོ་སྦྱར་ནས་དགའ་བའི་རྣམ་འགྱུར་དང་ཆ་ཡེ་ན་ཟེར་བཞིན་ཁྲོ་བའི་རྣམ་འགྱུར་སྟོན་བཞིན་འདུག

    Reply
  40. Baichung says:
    ལོ་ 16 སྔོན།

    ཨ་འཐས་རྟུལ་པོ་ཞིམ་མངར་དབུ་ཆང་འདིས་སངས་སོང་།།
    ཨ་རིའི་བུ་མོའི་ལུས་ཀྱི་འཇམ་ཤ་དེ་མྱངས་སོང་།།
    ཨ་སྒོར་ལྗང་གུ་ཁ་ཁེར་ཁུག་མ་ན་བཅུག་སོང་།།
    ཨ་རིར་འགྲོ་བའི་གནམ་གྲུའི་གླ་ཆ་དེ་སྤྲད་སོང་།།

    Reply
  41. tsekyis says:
    ལོ་ 16 སྔོན།

    སེམས་པ་གྲུང་པོ་སྦི་རག་སྐྱུར་མོ་དེས་དཀྲུགས་སོང་།།
    གཡོ་དང་སྒྱུ་མའི་ཀླད་པ་གསོན་པོ་ཞིག་བཅུགས་སོང་།།
    སང་དང་གནངས་ཀྱི་བྱ་བ་ཕྱི་ཕྱིར་ལ་བསྐྱལ་སོང་།།
    སྦི་རག་ཡོན་ཏན་ངོ་མཚར་དེ་ལྟར་མི་ཆེ་འམ།།

    Reply
  42. Baichung says:
    ལོ་ 16 སྔོན།

    འབྲི་མར་སེར་པོའི་ཁ་དོག་མིག་ལ་ཞིག་མཛེས་ཀྱང་།།
    ཚ་བའི་ལུང་བར་སླེབས་དུས་རྙིང་དྲི་ཞིག་ཁ་ཡི།།
    བསྐ་བ་མངར་སྐྱུར་གསུམ་ལྡན་དབུ་ཆང་འདི་འཐུང་བས།།
    སེམས་ཀྱི་གཡོ་དང་སྒྱུ་མ་མཁའ་ལ་ཞིག་ཡལ་ཐལ།།

    Reply
  43. tsekyis says:
    ལོ་ 16 སྔོན།

    ཐུལ་དཀར་འབྲི་མོའི་མར་གསར་གསེར་པོ་དང་སྦྱར་བའི།།
    གསེར་ལོ་པ་ཏྲའི་གཏུང་བ་ཞིམ་པོ་དེ་དྲན་སྐབས།།
    སྦིརག་སྐྱུར་དྲི་བྲོ་བའི་མྱོས་བྱེད་དེའི་གཏུང་བར།།
    སེམས་ཀྱི་གཏིང་ནས་ཞེན་པའི་རྣམ་དོག་ཞིག་ཤར་བྱུང་།།

    Reply
  44. mekor says:
    ལོ་ 16 སྔོན།

    ཨོ་་་བརྗེད་སོང་ཟིག གྲོགས་པོ་ངེད་ཚང་ལ་ཤོག་དང་། འདས་ཟིན་པའི་ལོ་ཟླ་འི་ཁྲོད་ནས་ང་ནོར་འཛིན་མར་ཆགས་ནས་སྡུག་སྨྲེ་བཏོན་པ་དེར་བཞག་ཡོད་པས་ཉིད་ཀྱིས་ངའི་སྨྲེ་སྔགས་ལ་ཐེངས་གཅིག་ཉན་རོགས།

    Reply
  45. Baichung says:
    ལོ་ 16 སྔོན།

    སྣ་ཚོགས་བྲོ་བ་ལྡན་པའི་རྦི་རག་དང་འགྲོགས་པས།།
    ཐུལ་དཀར་འབྲི་མོའི་འོ་མ་རྩ་བ་ནས་བརྗེད་ཐལ།།
    འདྲ་མིན་འཁྲིག་རྩལ་ཅན་གྱི་དབྱིན་མོ་དང་ཐུག་པས།།
    ཨ་ཅེ་བོད་མོའི་རུམ་ནས་སྐྱིད་སྣང་ཞིག་མེད་ཀྱི།།

    Reply
  46. mekor says:
    ལོ་ 16 སྔོན།

    གྲོགས་པོ་ལགས་ སྤུ་རག་གླེང་དུས་ངས་མཆི་མ་དབང་མེད་དུ་མིད་དགོས་བྱུང་། ང་སྤུ་རག་ལ་ཧ་ཅང་དགའ་་་་དེར་བརྟེན་ངས་རྒྱུན་དུ་སྤུ་རག་འཐུང་ན་འདོད། ས་འདི་ནས་འཚོ་བ་སྐྱོན་བའི་རྐྱེན་གྱིས་དམ་པེ་གང་ཡང་འཐུང་རྒྱུ་རེག་མ་སོང་།
    ་་གྲོགས་པོར་གསལ་བཤད་ཅིག་ལ། ཉིད་ཀྱིས་པར་འཇོག་དུས་ཨང་གྲངས་ཆུང་ཆུང་བྱས་ནས་འཇོག་རོགས། དེ་ལྟར་བྱས་ན་མགྱོགས་པོར་ལྟ་ཐུབ་ཀྱི་འདུག ཨེ་གོ་ཐལ།

    Reply
  47. tsekyis says:
    ལོ་ 16 སྔོན།

    སྦི་རག་དུས་སྟོན་ཆེ་མོར་ཕེབས་པ་ལས།།
    རང་ཉིད་མཛེས་མར་ཆགས་པས་བོད་པ་བརྗེད།།
    ཕྱི་མིས་བོད་ལ་དུངས་པའི་ལས་བཟང་དེས།།
    ཁྱེད་ཐུགས་བསྟོར་བའི་དྲན་པ་བརྙེད་པ་རྨད།།

    ཨ་ཙི་རྩེད་ཚར་ཙམ་ལས་དོན་དངོས་ཐོག།
    གངས་ཕྲུག་ངེད་ཚོ་ཉལ་ནས་མ་བསྡད་པར།།
    རང་དབང་ཚོལ་བའི་ལམ་བུར་བསྐྱོད་ཅིག་ཅེས།།
    དྲན་གསོ་ཅོང་བརྡའི་དབྱངས་ཞིག་ཡིན་ལས་ཆེ།།

    Reply
  48. Baichung says:
    ལོ་ 16 སྔོན།

    དྲ་གྲོགས་ཁྱོད་ཀྱིས་ངའི་ཕུ་ནུ་ཚང་མའི་མིང་ནོར་འདུག དང་པོ་གོ་བ་ལོན་མ་སོང་མོདཚིག་གི་གོ་རིམ་བརྒྱུད་སྐབས་གཞི་ནས་གསལ་བོ་ཆགས་སོང་།། ངའི་ཕུ་བོའི་མིང་ལ་དབུ་ཆང་དང་ནུ་བོའི་མིང་རྦི་རག་ ནུ་བོ་ཆུང་བའི་མིང་ག་ཝུ་ཆང་འབོད་་མཁན་ཡང་ཡོད། ཨ་ཤུ་རེ་གོ་སྐབས་དེར་ང་ཡོང་ཡོད་ན་ངེད་ཕུ་ནུ་ལྷན་འཛོམས་བྱུས་ཡོད་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese