མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

H1N1ནད་ཚ་འདི་འགོག་ཐབས་ཤིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ང་རང་ལས་ཀར་འགྲོ་བའི་རླངས་འཁོར་ནང་དུ་འབུད་དེ་ལས་ཀར་འགྲོ་བཞིན་པའི་ལམ་བར་དུ། ཁ་པར་གྱི་སྒྲ་དབྱངས་གངས་དཀར་ཤེལ་གྱི་གཤོག་པ། སྤང་རྒྱན་མེ་ཏོག་ལ་ཡེ་ཟེར་ནས་གྲགས་དེ་འོང་དུས་ང་རང་གིས་སུ་ཡིན་ནམ་སྙམ་ཞོར་དུ་ཁ་པར་ཨམ་ཕྲག་ལས་ཕྱི་རུ་བཏོན་ནས་བལྟས་དུས། ཁ་པར་གཏོང་མཁན་ནི་ང་རང་གི་དགའ་རོགས་མ་གངས་དཀར་ལྷ་འཚོ་རེད་འདུག ངས་ཨ་རོགས་ཟེར་ནས་ཕར་དྲི་བ་ཞིག་བཏང་དུས། ཁོ་མོས་ཁྱེད་རང་ད་ལྟ་རླངས་འཁོར་ནང་དུ་འབུད་ཟིན་པ་ཡིན་ནམ་ཟེར། ངས་ཡིན། གནས་ཚུལ་ག་རེ་ཡོད་ཅེས་དྲིས་དུས། ཁོ་མོས་ཁྱེད་རང་ལ་འདུག་སྟེགས་རེག་སོང་ངམ་ཟེར། དེ་དུས་ངས་རྩེད་མཚར་གྱིས་ལན་དུ། རེག་མ་སོང་། ཡར་བླངས་དེ་འགྲོ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་རྐུབ་སྟེགས་མེད་པར་ཡར་བླངས་དེ་བསྡད་ན་རྐུབ་ན་ཡི་འདུག་གམ་ཟེར། ངས་རྐུབ་ན་ཡི་མི་འདུག་མོད། རླངས་འཁོར་ནང་དུ་གཤོང་གི་མི་འདུག་ཟེར་ནས་སླར་ཡང་རྩེད་མཚར་བྱས་པ་ཡིན། དེ་དུས་ཁོ་མོས་གཙོ་་བཤད་རྒྱུ་ཞིག་ལ། H1N1 ནད་ཚ་འདི་མི་འགོས་པའི་ཐབས་ལམ་དྲ་རྒྱ་ཁག་དུ་ཆེད་ལས་མཁས་པ་དག་གིས་བཤད་ཚུལ་ཡིན་ན། སྤྱི་སྤྱོད་རླངས་འཁོར་དུ་འགྲོ་བ་དང་། ཕྱི་ལོག་དུ་མི་ཚོགས་ཡོད་སར་འགྲོ་བ། ཅ་དངོས་གཞན་དག་ལ་ལག་པ་འཆིང་རྗེས་སུ། ལག་པ་མ་འཁྲུས་པར་རང་གི་ལག་པས་ཁ་དང་ངོ་སོགས་ལ་རེག་པར་བརྟེན་ནས་H1N1 ནད་ཚ་འདི་འགོས་སླ་བར་བཤད་འདུག་ན། ཁྱེད་ཀྱིས་ཅིས་ཀྱང་རང་གི་ལག་པ་ཡང་ཡང་འཁྲུ་དགོས། འདག་རྫས་ཞུགས་དེ་འཁྲུ་དགོས། གལ་ཏེ། ཆུ་མེད་ས་ནས་ངལ་གསོ་བ་སོགས་བྱེད་དུས་ངས་ཁྱེད་རང་ལ་སྤྲད་པའི་འདག་རྫས་གཤེར་ཁུ་ཆུང་ཆུང་དེ་བེད་སྤྱོད་གཏོང་དགོས་ཟེར་ནས་བཤད་སོང་།

དེ་དུས་ངས་ཡ་ཡ་སེམས་འཁྲལ་མ་བྱེད། ང་རང་གིས་ལག་པ་ག་དུས་ཡིན་ཡང་ལས་ཀར་འབྱོར་མ་ཐག་ལག་པ་གཙང་མ་འཁྲུ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་སླར་ཡང་H1N1ནད་ཚ་འདི་མ་འགོས་སྔོན་ལ་གཟབ་རྒྱུ་ལས། འགོས་ཚར་དུས་དཀའ་ལས་ཁག་ཙམ་རེད་ཟེར། དེ་དུས་ངས་ལགས་སོ། ཁྱེད་ཀྱི་ང་ལ་བཤད་དགོས་པའི་གནས་ཚུལ་དེ་ཡིན་ནམ་ཟེར་ནས་ཁ་པར་གྱི་སྒོ་བརྒྱབ་པ་ཡིན།
དེ་ནས་ང་རང་གིས་ཁ་སང་དེ་རིང་H1N1ནད་ཚ་འདི་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་སྐྲག་སྣང་བྱེད་མཁན་དང་གླེང་མཁན་མི་ཉུང་བ་ཞིག་ཡིན་ཡང་། སྔོན་འགོག་ཐད་དུ་བསམ་ཚུལ་བརྗེ་རེའི་བྱེད་མཁན་ཉུང་བས་རང་རེའི་སྤྱི་ཚོགས་ལ་དེའི་ཐད་ཀྱི་བསམ་ཚུལ་ཐུང་ཐུང་འདི་སྤེལ་ན་ཅུང་ཙམ་ཕན་དུ་སྙམ་ནས་བྲིས་པ་ཡིན།

གལ་སྲིད། ཐ་མག་འཐེན་མཁན་གྱི་རིགས་ཀྱིས་ཕན་ཚུན་གྲོགས་པོའི་བར་དུ་ཐ་ནག་ལྷན་འཐེན་མི་བྱེད་པ། ཆང་རག་འཐུང་མཁན་ཚོས་ཨར་ཁང་སོགས་སུ་སོང་ཆང་འཐུང་ན། ཨ་རག་འཐུང་བྱེད་ཀྱི་ཤེལ་ཕོར་གཙང་མིན་ལ་བརྟག་དཔྱད་བྱེད་དགོས་པ། ལྷག་པར་དུ་གནད་འགག་ཆེས་ཆེ་བ་ཞིག་ནི། སྤྱི་སྤྱོད་གཙང་སྤྱོད་ཁང་དུ་འགྲོ་བ་སོགས་བྱེད་དུས་གཙང་སྤྱོད་ནང་གི་འདུག་སྟེགས་སྟེང་དུ་རབ་ན་མི་བཙོག་པ། གལ་སྲིད་བཙོག་པ་ཡིན་ན་ཕྱིར་སླེབས་མ་ཐག་ལག་པ་གཙང་མ་འཁྲུས་དེ་ཤོག་བུའི་གཙང་མ་བཟོ་བ། གཙང་སྤྱོད་ཀྱི་སྒོ་དང་། མགྲོན་ཁག་སོགས་ཀྱི་སྒོ་ལ་མི་མང་གིས་ལག་པ་འཆིང་གི་ཡོད་སྟབས། དེ་དག་ལ་ལག་པ་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས་པ། བྱིས་པ་སོགས་སློབ་གྲྭ་འགྲིམ་མཁན་དག་ལ་ཕ་མ་དག་གིས་བྱིས་པ་ཚོ་ལ་ཕན་ཚུན་གྱི་ཕོར་བ་བསྲེས་དེ་ཟས་མཉམ་དུ་མི་སྤྱོད་པ་དང་། ཁ་ལག་མ་ཟོས་སྔོན་དུ་ཕོར་བ་འཁྲུ་དགོས་པ། ལག་པ་གཙང་མ་འཁྲུ་དགོས་པ་སོགས་ཡིན་གཅིག་མིན་གཅིག་བཤད་དགོས། ད་དུང་། སྲང་ལམ་སོགས་ནས་ཅ་དངོས་གཞན་གྱིས་ལག་པ་འཆིང་ཟིན་པའི་རིགས་ལ་ལག་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས། ཕ་མ་བྱིས་པ་དམར་འཇར་ཡོད་མཁན་གྱིས་དམིགས་བསལ་གྱིས་ལག་པ་གཙང་མ་མ་འཁྲུས་པར་བྱིས་པ་ལ་ལག་པ་མི་འཆིང་བ། དྲ་ཁང་དུ་འཛུལ་མཁན་དག་གིས་དྲ་རྒྱ་ཁག་ལ་ལག་པ་འཆིང་རྗེས་སུ་ལག་པ་འཁྲུ་བ། མདོར་ན་ཅ་དངོས་གང་ཞིག་ཡིན་ཡང་ལག་པ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་གཙང་མ་བཟོ་བ་ནི། H1N1ནད་ཚ་འདི་འགོག་ཐབས་ཀྱི་ཐབས་ལམ་ཡིན། གལ་སྲིད་ཆུ་མེད་ས་ནས་ལག་པ་ཅ་དངོས་སོགས་ལ་འཆིང་རྗེས་སུ་ལག་པ་འཁྲུ་རོགས་བར་དུ་ཁ་ངོ་སོགས་ལ་གཏན་ནས་རེག་མི་ཉན། ཡིན་གཅིག་མིན་གཅིག་ཅ་དངོས་སོགས་ལ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་འཁྲུ་བ་ནི་H1N1ནད་ཚ་འདི་སྔོན་འགོག་གི་ཐབས་ལམ་ཉེག་གཅིག་ཆགས་ཡོད་དུས། སྤུན་ཟླ་ཚང་མས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི། ཁྲི་ནས་འཛམ་གླིང་ཡོངས་སུ་ཐབས་ལམ་འདི་གསུང་ཐུབ་པ་ཡིན་ན། H1N1ནད་ཚ་འདི་ལས་ཐར་བའི་འགན་འཁུར་བཞེས་པར་བཤད་ཆོག་པར་འདོད་ལ། འགྲོ་བ་མི་གཅིག་གི་ཚེ་སྲོག་ཡིན་ཡང་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱས་པར་སྙམ་ནས་དེ་རིང་ལས་གསེང་དུ་ཤར་མར་ཡིག་ཐོག་དུ་ཕབ་པ་ཡིན།

ཨོ་རེད། དམིགས་བསལ་གྱིས་སྤུན་ཟླ་དག་ལ་ཞུ་རྒྱུ་ཞིག་ལ་བོད་པ་ཚང་ལ་ང་སྣང་བཞིན་འདི་འདྲ་བསམ་མཁན་མི་ཉུང་བ་ཞིག་ཡོད། ལས་དབང་རེད། སྐྲག་ནི་ཅི་ཡོང་། ཤི་དགོས་ན་ནམ་ཡིན་རང་ཤི་འགྲོ་ནི་རེད་ཟེར་ནས་དོ་སྣང་མི་བྱེད་མཁན་ཡང་ཡོད་ཚོད་ཡོད། དེ་ནི་ལས་དབང་མ་ཡིན་པར་རྐྱེན་ལ་ཐུག་པ་ཡིན་པས་རྐྱེན་དེའི་རང་གཞན་ཀུན་ལ་གནོད་པ་བྱེད་ཀྱི་ཡོད་པ་དེ་ལ་བསམ་བློ་བཏང་ནས་སྤུན་ཟླ་དག་གིས་གཟབ་པར་འཚལ། ༩།༩༠༩ ལས་ཀ་ནས་བྲིས།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 27

  1. sha tak ri sim says:
    ལོ་ 16 སྔོན།

    གཉའ་འབྲོང་ཐུ་བུ་ལགས། ཉིད་ཀྱིས་བདག་གི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་གནང་བ་དང་ཞོར་དུ་ངེད་གཉིས་ཀྱི་བསམ་ཚུལ་གཅིག་མཚུངས་ཀྱི་ལས་དབང་བསྐོར་ལ་འགྲེལ་བཤད་མདོར་བསྡུས་ཤིང་དོན་ཡོད་པ་ཞིག་གནང་འདུག་པ་དེ་ནི་དངོས་ནས་ཡག་པོ་རེད་ལགས།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། སྐུ་ཉིད་ཀྱིས་དེབ་དེ་ཀློག་མྱོང་ཡོད་སྟབས། ཡོད་ན་ནི་དེའི་ནང་དུ་བརྩེ་དུང་གི་རོ་བཅུད་དང་མི་ཞིག་ཕར་ལ་དགའ་ན་སྡུག་བསྔལ་དང་མི་ཞིག་ཚུར་ལ་དགའ་ན་བདེ་སྐྱིད་ཟེར་བ་དེའི་བསྐོར་ལ་བསམ་གཞིགས་རེ་བྱེད་རྒྱུ་བྱུང་ཡོད་ངེས་ཡིན། དེ་མིན་མི་དེ་ནི་དེ་འདྲའི་བརྩེ་དུང་ཅན་ཞིག་ཡིན་མིན་ནི་གཏན་ནས་བཤད་ཚོད་མི་ཐུག ཕལ་ཆེར། ངས་བསམ་ན་མི་དེ་ནི་ཁྲེལ་གཞུང་མེད་པའི་ཁྲམ་པ་ཞིག་དང་། ཁ་ལས་ལག་ལེན་མེད་པའི་སྤྱང་ཁྱི་ཞིག་དང་ཅིས་མི་མཚུངས་འདོད་ཀྱི་ཡོད་ལགས། ཡིན་ཡང་། སྐུ་ཉིད་ལྟ་བུའི་ཀློག་མཁན་དག་གི་ཁོང་ལ་རྒྱུས་མངའ་ཡོད་ན་དེའི་སྔ་གཞུག་གང་ཙམ་མཁྱེན་སྲིད་པ་ལས། ངས་ལྟ་ཚུལ་ཡིན་ན་ནི་མི་དེ་ནི་ཁྲམ་པ་དང་ལག་ལེན་མེད་པའི་ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཞིག་དུ་མཐོང་སོང་ལགས།
    རེད་དེ། གཏམ་རྒྱུད་དེ་ལ་དགའ་མཁན་མི་ཉུང་བ་ཞིག་བྱུང་ཡོད་རབས་གྲགས་མེད། བདེན་མིན་སུས་ཤེས། ངས་ལྟ་ཚུལ་དེ་འདྲ་ཞིག་ཡིན་ལགས། སྐུ་ཉིད་ཀྱིས་དེབ་དེ་ཀློག་མྱོང་ཡོད་ན་ནི་རང་གི་ལྟ་ཚུལ་ཤར་མར་ཟིན་བྲིས་ནང་དུ་ཅི་མ་ཇི་བཞིན་དུ་སྤེལ་ཐུབ་ན་ཡག་པོ་རེད་ལགས།

    Reply
  3. dongthe says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ཀྱིས་སློབ་སྟོན་ཡག་པོ་རེད། ནད་ཚའི་རིགས་ཀུན་ཡོངས་གྲུབ་ཚེ་ཡི་ནད་དང་། ཀུན་བཏགས་གདོན་གྱི་ནད། གཞན་དབང་སྔོན་ལས་ཀྱི་ནད་གསུམ་གྱི་ནང་འདུས་པར་བཤད། གློ་བུར་གྱི་ནད་ཚ་འགོས་ནད་ལྟ་བུ་སྔོན་གྱི་ལས་རེད་ཟེར་ནས་གཡུགས་ན་མི་འགྲིག་གི། སོ་སོས་ཐབས་ལམ་འཐེན་ན་བཅོས་ཐབས་ཡོད་པ་ཞིག་རེད། མ་གཞི་ནས་ལས་དབང་རེད་ཟེར་ནས་དཀའ་ལས་མ་བརྒྱབ་ན་ག་ལ་ཡོང་། བྱ་བ་བཟང་ངན་གང་བསྒྲུབས་ཀྱང་ལས་དབང་ལ་འགྱུར་བ་ཐེབས་ཀིན་ཡོད་པ་རེད། བྱ་བ་བཟང་པོ་སྒྲུབ་ན་ལས་དབང་ཡག་ཏུ་འགྲོ་བ་དང་བྱ་ངན་སྒྲུབ་ན་ལས་དབང་སྡུག་ཏུ་འགྲོ་རྒྱུ་རེད། དེ་ནི་རྒྱུ་འབྲས་ཆུད་མི་ཟ་བའི་ངང་ཚུལ་རེད། དེ་ཡིན་དུས་ཆམ་ཡམས་ཙམ་ལས་དབང་རེད་ཟེར་ནས་གཡུགས་པ་ནི་བླུན་རྟགས་ཡིན་སྟབས་ཤ་ཁྲག་ལགས་ཀྱི་གསུངས་པ་ལྟར་རང་གཞན་ཀུན་ལ་ཤ་ཚ་བྱས་ཏེ་སྔོན་འགོག་གི་ཐབས་ལམ་ལ་འབད་པར་རེ་སྐུལ་ཞུ།

    Reply
  4. samkhar says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ།
    དེ་ནི་བརྩེ་དུང་གི་རོ་བཅུད་ཀྱིས་གཏམས་པའི་སེམས་འཕྲིན་རིང་མོ་ཞིག་སྟེ།
    ལྷད་མེད་པའི་བརྩེ་དུང་གི་གཏམ་རྒྱུད་གཅིག་ཀྱང་རེད་ཅེས་གླེང་།
    དེ་ལྟར་ཨེ་རེད།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། མི་ཟེར་བ་འདི་ལ་འཚོ་བ་ཞིག་དགོས་ཀྱི་ཡོད་དུས། ཐོག་མར་རང་གི་འཚོ་བའི་ཆེད་དུ་བསམ་བློ་རེ་མི་གཏོང་ཐབས་མེད་ཡིན་དུས། སྐུ་ཉིད་ལ་སྐབས་རེར་བྲེལ་བ་ཡོད་པ་དེ་ནི་རྒྱུན་ལྡན་ཞིག་རེད་ལགས། འོན་ཀྱང་། སྐུ་ཉིད་དུས་ཚོད་གང་ཡོད་དུ་བདག་གི་ཟིན་བྲིས་སུ་ཕེབས་པ་དེ་ནི་དངོས་ནས་སྤུན་ཟླ་འགྱུར་མེད་ཅིག་གི་གཏན་ཚུགས་ཤིག་མཐོང་བ་དེ་ནི་དངོས་ནས་དགའ་འོས་པ་ཞིག་རེད་ལགས། འུ་ཅག་སུ་ཞིག་ཡིན་ཡང་འཚོ་བའི་ཞོར་གྱི་ཆེད་ལས་ནི་འདྲ་མིན་ཞིག་ཡོད་ཀྱང་། ང་རང་ལ་ད་ལྟའི་བར་དུ་ངས་ཆེད་ལས་འདི་ཡིན་ཟེར་ནས་ལག་རྗེས་ཤིག་གཏན་ནས་སྤུན་ཟླ་དག་ལ་སྟོན་རྒྱུ་མེད་ལགས། རེད་དེ། ནམ་ཞིག་ཟིན་བྲིས་འདི་ཆེད་ལས་ལྟ་བུ་ཞིག་ཆགས་སོང་བ་ཡིན་ན་དེ་ནི་དགའ་འོས་པའི་དོན་དག་ཞིག་ཅི་ལ་མིན་ལགས། རེད་དེ། ད་དུང་། དེ་ནི་ཧ་ཅང་གི་ཐག་རིང་བོ་ཞིག་ཡིན་ངེས་ལགས། དེ་ནི་ཕལ་ཆེར་ལུས་འདི་མ་སྐྱུར་བར་དུ་ཡིན་དགོས་ཀྱི་ཡོད་པ་མིན་འགྲོ་ལགས།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    ཁ་བའི་འདབས་མ་ལགས། ཉིད་རང་འདི་རུ་ཕེབས་པ་དང་ལྷན་དུ་་བདག་གི་ཟིན་བྲིས་འདི་ལ་ཡི་རུང་བྱས་པ་དེར་ཐུགས་རྗེ་ཆེ་ལགས། རྗེས་ཕྱོགས་ཀྱང་དུས་ཚོད་གང་ཡོད་ལ་རང་གི་བསམ་ཚུལ་ལྷུག་པོར་གནང་རྒྱུའི་རེ་བ་ཡོད་ལ་བཟང་ངན་གང་ཞིག་གཟིགས་ན་དེ་ལྟར་དུ་གསུང་རོགས་ཞུ།

    Reply
  7. samkhar says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    ང་མ་ཁོམ་པའི་སྐབས་སུ་ཉིད་ཀྱིས་ཟིན་བྲིས་རེ་གཉིས་སྤེལ་ཟིན་འདུག
    ད་ཡིན་ན་ཁྱེད་མི་ཁོམ་པའི་ཡུལ་དུ་གནས་ཡོད་ཀྱང་།
    ཟིན་བྲིས་སྤེལ་རྒྱུ་དེ་ཁྱེད་ཀྱི་ཆེད་ལས་མིན་ནམ་སྙམ་པའི་དོགས་པ་ཡང་ཤར་གྱི་འདུག

    ངས་ཟིན་བྲིས་ཁྲོད་ཀྱི་ཡིག་ནོར་མཐོང་དཀོན་པར་གྱུར་པས་ལྷག་པར་དགའ་མགུ་ཡི་རངས་ངང་གནས་བཞིན་ཡོད། དེ་ནི་དཔྱོད་ཤེས་ཀྱི་བློ་མིག་མ་ནོར་བར་ཡང་དག་པའི་ལམ་བུར་བགྲོད་པའི་འབྲས་བུ་ཞིག་རེད་སྙམ། གཏམ་དཔེར། ང་རྒྱལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཞེས་པའི་བསླབ་བྱའི་སྙིང་དོན་ཉམས་ལེན་གནང་བའི་འབྲས་བུ་ཡང་རེད་སྙམ།

    Reply
  8. samkhar says:
    ལོ་ 16 སྔོན།

    དྲ་གྲོགས་ཁ་བའི་འདབ་མ་ལགས།
    ཡང་ཡང་དྲ་རྒྱའི་ས་གཞི་ཆེན་པོར་འདབ་དྲུག་ཁ་བ་ཡང་ཡང་འབབ་རོགས།།

    Reply
  9. snowflake says:
    ལོ་ 16 སྔོན།

    གྲོགས་བོད་ཤ་ཁྲག་རུས་གསུམ་ལགས། དུས་དང་འཚམ་པའི་ཟིན་བྲིས་ཤིག་སྤེལ་འདུག དགུན་དུས་འགོ་བཙུགས་པ་དང་ནད་རིགས་འདི་རྣམས་ཁྱབ་ཆེ་བར་བཤད།
    ཁྱེད་རང་གིས་ནད་འདི་མིང་རང་འཇགས་དབྱིན་ཡིག་ཏུ་བཞག་པ་ལ་དགེ་མཚན་ཆེན་པོ་འདུག་སྙམ། བོད་སྨན་ནས་ཆམས་དང་རིམས་ཟེར་བ་སོགས་ནད་རིགས་གསར་བ་ཡོད་ཚད་ལ་སྦྱར་ན་འཁྲུག་གཞི་ལ་འགྲོ་བའི་ཉེན་ཁ་འདུག རྗེས་སུ་མཇལ་ཡོང་།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    འཇམ་མགོན་ལགས། ཉིད་རང་ག་དུས་ཁོམ་པ་བྱུང་ན་དེ་དུས་འདི་རུ་ཕེབས་ནས་བདག་གི་ཟིན་བྲིས་ཀློག་མཁན་ཞིག་ཡིན་སྟབས། དེ་ལ་སེམས་གཏིང་ནས་དགའ་བོ་ཡོད་ལ། རྗེས་ཕྱོགས་ཀྱང་མུ་མཐུད་དུ་ཕེབས་ཐུབ་པར་རེ་སྐུལ་ཡོད།

    Reply
  11. jamgon says:
    ལོ་ 16 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། རྐྱེན་གང་མང་ཞིག་གི་དབང་གིས་ཉིད་ཀྱི་ཟིན་བྲིས་རྣམས་དུས་ཐོག་ཀློག་མ་ཐུབ་པ་འགྱོད་སེམས་ཆེ། བཀླགས་ཟིན། འདི་ལྟ་བུའི་ལམ་སྟོན་སྤྱི་ཚོགས་ལ་ངེས་པར་དུ་དགོས།

    Reply
  12. sha tak ri sim says:
    ལོ་ 16 སྔོན།

    འཕྲིན་ལས་ལགས། བསྟོད་བསྔགས་དེ་ནི་དངོས་ནས་ང་ལ་རན་པོ་མེད་པ་རེད། ང་རང་གིས་ཕན་དུ་སྙམ་ནས་བྲིས་པ་ཡིན་ལགས། ཡིན་ནའི་བསྟོད་བསྔགས་བྱེད་རན་པ་དེ་འདྲ་གང་ཡང་ཡོད་པ་མ་རེད་ལགས། ཉིད་ཀྱིས་ཟིན་བྲིས་གསར་བ་དེ་མཐོང་སོང་། རྗེས་སུ་ཁ་བརྡ་བྱེད། ད་ང་འགྲོ་རན་སོང་། སླར་ཡང་འཇལ་ཡོང་་་་
    ཁོ་རེ་ ཅི་བརྫོ་ཞི་ཡོད་་

    Reply
  13. thinley says:
    ལོ་ 16 སྔོན།

    རིམས་ནད་སྔོན་འགོག་གི་ཐབས་ཟབ་ཅིང་གསལ་བ་གནང་འདུག
    ཡག་པོ་ཞེ་དྲག་རེད་་་་ཁོ་རེ།

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    རྩེ་སྐར་ལགས། ང་རང་གི་ཐོས་ཚུལ་ཡིན་ན་དངོས་ནས་ཁ་དབུགས་ཤིག་ལས་ཡོང་གི་མེད་པར་དེ་ནི་རེག་དུག་གི་ནད་ཚ་ཞིག་ཡིན་དུས། དེ་ནི་ཡིན་གཅིག་མིན་གཅིག་གི་ཅ་དངོས་དང་རེག་ནས་རང་གི་ལུས་པོ་ནད་ཚ་འདིའི་རིགས་འགོས་ཀྱི་ཡོད་པར་ཆེད་ལས་པར་གྲགས་པ་མི་ཉུང་བ་ཞིག་ཁ་གཅིག་གྲགས་དུ་བཤད་བཞིན་འདུག དེ་ནི་ང་རང་སྨན་པ་ཞིག་ཡིན་པས་མ་ཡིན་པར་བདག་གི་འདིའི་བསྐོར་ལ་རྒྱུས་ལོན་བྱས་པའི་ཡིན་ལགས། ལག་པ་འཁྲུས་ཤིག མ་བརྗེད་ཅིག་ཨ་་་

    Reply
  15. tsekar says:
    ལོ་ 16 སྔོན།

    ལས་ཀ་སོགས་ནས་ཕྱིར་ཡོང་སྟེ་ལག་པ་འཁྲུད་རྗེས། རང་རང་གི་ནང་དུ་ལྷམ་དང་གྱོན་གོས་ཕུད་རྗེས་ཡང་ལག་པ་འཁྲུད་དགོས་ཀྱི་རེད། ལྷམ་དང་གོན་པའི་སྟེང་ནད་དེ་འགོས་ཡོད་ན་ཐང་།
    ཨོ རེད། ནད་འདི་ཁ་དབུགས་བརྒྱུད་ནས་ཡང་འགོས་ཀྱི་ཡོད་པས་དེ་འགོག་ཐབས་སུ་དུས་རྒྱུན་ཁ་རས་རྒྱག་དགོས་པ་ཡིན་ནམ། གཞན་ཐབས་ཤེས་ཅི་ཡོད་དམ།

    Reply
  16. sha tak ri sim says:
    ལོ་ 16 སྔོན།

    ལྷ་ཆབ་ལགས། ཉིད་རང་དངོས་ནས་རྒྱ་གར་གྱི་རྩེད་རིགས་གྲགས་ཅན་ཤིང་འདེལ་འཁོར་ལོ་ལ་དགའ་བོ་ཡོད་པ་ང་རང་གིས་ཤེས་ཀྱི་ཡོད། ལྷག་པར་དུ་རྡ་ས་ནི་མི་མང་སྣ་འདུས་ཀྱི་ཁོར་ཡུག་ཞིག་ཆགས་ཡོད་དུས། ཁྱེད་རང་ན་བར་མི་སྐྲག་ཀྱང་། རང་གི་བུ་ཕྲུག་དང་ཆུང་མ་ལ་ནད་ཚ་དེའི་རིགས་ནང་དུ་འཁུར་ནས་མི་འགྲོ་བའི་ཆེད་དུ་ལག་པ་ཡང་ཡང་འཁྲུ་བར་ཁས་ལེན་གནང་བ་དངོས་ནས་དགའ་སོང་།

    Reply
  17. sha tak ri sim says:
    ལོ་ 16 སྔོན།

    གཉན་འདང་ཕོ་ཉ་ལགས། རེད་ལགས། ངས་ཉིད་ཀྱིས་གྲོགས་པོ་ལགས་ཀྱི་སྐྱོ་དངོས་དེ་ཁ་པར་ལས་ཐོས་པའི་བསྐོར་གྱི་རྩོམ་ཡིག་དེའི་འོག་དུ་མཆན་དུ་བཏབ་ཡོད་ལགས། རྒྱུ་མཚན་ནི་སྤུན་ཟླ་མི་ཉུང་བ་ཞིག་ལ་ཕན་དུ་སྙམ་ནས་གང་ས་གང་དུ་སྟོར་ཁུལ་ཞིག་བྱས་པ་ཡིན་ལགས། རེད་དེ་ཕན་ཐོག་མིན་དེ་ནི་སྤུན་ཟླ་དག་གིས་གཅིག་གི་གཅིག་ལ་གསུང་དེ་ལག་ལེན་འཁེལ་ཐུབ་མིན་དེ་རེད་ལགས།

    Reply
  18. sha tak ri sim says:
    ལོ་ 16 སྔོན།

    ཁྱུང་ཚང་ལགས། རེད་ལགས། ངས་ཀྱང་གཟབ་ཁུལ་བྱེད་ཀྱི་ཡོད། ང་ནི་གླེན་པ་ཁ་ནག་ཞིག་ཡིན་སྟབས། ནད་ཚ་དེའི་རིགས་ལ་གཏན་ནས་སྐྲག་མྱོང་མེད་ཟེར་ན་རྒྱག་གཏམ་བཤད་ཀྱི་འདུག་ཟེར་ན་ཐང་མོད། དོན་དངོས་ཐོག་ངས་ནད་ཚ་དེའི་རིགས་ལ་སྐྲག་སྣང་སྐྱེ་མ་མྱོང་བ་མ་ཟད། དོགས་པ་རྣམ་དོགས་ཀྱང་དེ་འདྲའི་ཤུགས་ཆེན་ཡོད་མཁན་ཞིག་མིན་ལགས། རེད་དེ། དེང་རབས་མི་དང་བསྟུན་ནས་འཕྲོད་བརྟེན་ལ་གཟབ་ཁུལ་བྱེད་ཀྱི་ཡོད་ལགས།

    Reply
  19. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ཉིད་ཀྱིས་དྲི་བ་ལ་སྐར་ཁྲི་བཙན་ལགས་ཀྱིས་ལན་འདེབས་གནང་ཟིན་འདུག་ལགས། སྔོན་ཆད་ཕག་ནད་ཟེར་ནས་ཡོངས་སུ་གྲགས་ཡོད་ཀྱང་ད་ལྟའི་འཆར་གནད་གཞི་འདི་ཕག་པ་ལས་བྱུང་བ་མིན་པར་ཐག་བཅད་སྟབས། ནད་ཚ་དེ་ལ་དེ་ལྟར་འབོད་ཀྱི་ཡོད་པ་རེད་ལགས། པ་པུར་མ་ཤེས་ན་སྐྱོན་མེད་པ་མིན་ཡང་། བོད་པས་བོད་ཡིག་མ་ཤེས་ན་དངོས་ནས་ཞབས་འདྲེན་ཡིན་ནི་རེད། སྐུ་ཉིད་་བོད་ཡིག་གི་ཤེས་ཚད་མི་དམན་པ་ཞིག་འདུག་སྟབས། དེ་ནི་བོད་མི་ཡིན་པས་གཟི་བརྗིད་ཅིག་དུ་ལྟ་ཆོག་པ་ཡིན།

    Reply
  20. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། མ་ཎི་དང་སྐྱབས་འགྲོ་ཤུ་རེ་བྱོས་དེ་འདོན་རོགས་རང་གཞན་ཀུན་ཀྱིས་ཆེད་དུ། དད་པ་དག་སྣང་རྩེ་གཅིག་དུ་བསྒོམ་རོགས་ཞུ། དེ་མིན་ནད་ཚ་འདི་ཁྱེད་རང་གི་ཉེ་འཁོར་དུ་ཡོང་མི་སྲིད་པ་རེད། དེ་ཉིད་སྐུ་ཉིད་ཀྱིས་ཡིད་ཆེས་རེད་ལགས། ཡིན་ཡང་། ཡིན་ཡང་། ནད་ཚ་འདིས་ནང་བ་ཡིན་མིན་དང་ཆོས་ལུགས་པ་ཡིན་མིན་ལ་ལྟ་རབས་ཤིག་མི་འདུག་སྐད།

    Reply
  21. lhachapjinpa says:
    ལོ་ 16 སྔོན།

    ཡ་ཡ་ཡ། ངས་ལས་ཀ་གྲོལ་རྗེས་དཀྱིལ་རམ་ཡག་ཐག་ཆོད་ཅིག་རྩེས་ནས་ནང་ལ་འགྲོ་ཁར་ལག་པ་གཙང་མ་ཞིག་བཀྲུ་ངེས་ཡིན། ཁྱོད་ཀྱིས་ལག་པ་བཀྲུ་དགོས་པའི་ཉེན་བརྡ་བཏང་བར་ཐུགས་རྗེས་ཆེ།

    Reply
  22. tashi gonpo says:
    ལོ་ 16 སྔོན།

    ཁྱེད་ཀྱི་ཟིན་བྲིས་འདི་ཁ་བརྡའི་ངའི་མཆན་དུ་བཀོད་འདུག་ག
    བཀླགས་ཟིན། འདི་ལྟར་སྒོ་ཀུན་ནས་ང་ཚོས་ལག་སྡང་བསྒྲེལ་བཞིན་སྤྱི་ཚོགས་འདི་སྲུང་དགོས
    ཡིན་ད་ཕ་བཟང་གི་བུ་
    རིགས་བཟང་གི་རྒྱུད་་་་་་་་་་་་་་་a༔
    ཨ་ལེ་་་་་་་་་་ཁྱེད་གཟོབ་ཨང་་་་་་་་་་་་་་་་་་་་་་་་་་ལག་པ་འཁྲུད་ནས་ཁ་དེ་མ་ཁྲུས་ན་མཚན་མོ་མཁུན་སྒྲའི་གསེབ་ནས། ཡང་ནད་འབུ་དེས་གོ་སྐབས་བཙལ་ཡོད་ངེས་་་་་་་་
    ཧཧཧཧཧཧཧ

    Reply
  23. tsekyis says:
    ལོ་ 16 སྔོན།

    དངོས་གནས་རེད་འདུག་སྐར་ཁྲི་བཙན་ལགས། པ་པིར་གྱི་སྐད་ཡིག་མ་ཤེས་ན་ཟ་མ་ཞིམ་པོ་རག་ཁག་པོ་འདུག ཟ་མ་ཞིམ་པོས་མི་ཚད་གྲོད་པ་ཡང་འབྲང་ཁག་པོ་འདུག

    Reply
  24. ChongTsang says:
    ལོ་ 16 སྔོན།

    བོད་ཤ་ཁྲག་ལགས། དེ་མིན་ཕན་ཚུན་ཁ་གཏད་དུ་གླེང་མོལ་བྱེད་པ་དང་། རླངས་འཁོར་སོགས་སུ་འཚང་ཁ་རྒྱག་སྐབས་ནད་རིམ་དེ་འགོས་སླ་བར་བཤད། དགའ་རོགས་མ་གངས་དཀར་ལྷ་འཚོས་བཤད་པ་ལྟར་ཁྱོད་ཀྱིས་ཀྱང་ལས་ཀར་འགྲོ་སྐབས་རླངས་འཁོར་ནང་གཟབ་པར་གལ་ཆེ། སྨན་རྩིས་ཁང་གི་རིམ་སྲུང་རིལ་བུ་ཡོད་ན་སྣ་སྒོར་བཏགས་ནས་འགྲོ་ཐུབ་ན་ཏོག་ཙམ་ཕན་མི་ཡོང་ངམ།

    Reply
  25. Baichung says:
    ལོ་ 16 སྔོན།

    ཕག་ནད ཕག་ནད ཕག་ནད ཕག་ནད ཕག་ནད དེའི་མ་ཆོག་ན བྱི་ནད བྱི་ནད བྱི་ནད བྱི་ནད ཧ་ཧ་ཧ འགྲིག་སོང་ང་དྲ་གྲོགས་གཅེན་པོ་ལགས ཧེ་ལོ་པེ་པེ་ཁ་ཁེར་སྦྱོང་མིན་ན་ཟ་མ་མི་རེག

    Reply
  26. tsekyis says:
    ལོ་ 16 སྔོན།

    བརྩེ་བའི་སྤུན་གྲོགས་ཤ་ཁྲག་ལགས། གོང་དུ་གསུངས་པའི་ན་ཚ་དེ་གང་ཞིག་རེད།
    གུས་པ་ནི་དབྱིན་ཡིག་ཤེས་གི་མེད་པས་ན་ཚ་དེ་ཉིད་ཤེས་མ་སོང་བས་དབྱིན་ཡིག་དེ་བོད་ཡིག་ཏུ་བསྒྱུར་ན་མི་འཐད་དམ། ད་ནས་འཕྲོད་རྟེན་ཐོག་ཟབ་ནན་བྱེད་དགོས་པའི་བསླབ་བྱ་དེ་ཉམས་ལེན་མི་བྱེད་ཐབས་མེད་དུ་གྱུར་འདུག། །།

    Reply
  27. Baichung says:
    ལོ་ 16 སྔོན།

    བཀླགས་ཟིན གཟབ་གཟབ་བྱ་་བཞིན་ཡོད་ལ། སྐྱབས་འགྲོ་འདོན་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese