མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་དགུའི་རྗེས་སུ། <དབྱིན་ཡིག་ལས་ཚུར་སྒྱུར།>

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྗོན་གྱིས་ཁོང་གི་གྲོགས་པོ་ཁེ་ཐུ་དང་ལྷན་དུ་རླངས་འཁོར་ནང་དུ་འཁྱག་རྩེད་ཤིང་ལེབ་སོགས་བསྡུ་སོགས་བརྒྱབ་དེ་ནུབ་ཕྱོགས་སུ་ཤར་བསྐྱོད་བྱས་པ་རེད།

དུས་ཚོད་ཁ་ཤས་ཀྱི་རིང་དུ་ཁོ་གཉིས་ཀྱི་རླངས་འཁོར་བཏང་རྗེས་སུ། ལམ་བར་དུ་གནམ་གཤིས་ཇེ་སྡུག་དུ་སོང་དེ་ཁོ་གཉིས་མུ་མཐུད་བསྐྱོད་ཐབས་བྲལ་རྐྱེན་ལམ་བར་གྱི་ཞིང་གྲོང་ཞིག་དུ་བུད་མེད་དར་མ་ཞིག་ལ་གནས་ཚང་གཡར་དུ་བྱིན་པ་རེད།

གནས་ཚང་གཡར་དུ་འགྲོ་སའི་བུད་མེད་དེ་ནི་ཡུག་ས་མ་ཞིག་ཡིན་སྟབས། ཁོ་མོས་ཁོང་གཉིས་ལ་ལན་འདི་ལྟར་བཏབ་པ་རེད། ཁྱེད་གཉིས་ངའི་ནང་དུ་ཉལ་བ་ཡིན་ན་ཉེ་འཁྲིས་ཀྱི་མི་དག་ལ་བཤད་རྒྱུ་གཏམ་རྒྱུ་མང་བོ་ཡོད་སྟབས། ཡག་པོ་ཡོད་པ་མ་རེད། དེ་ལས་ཁྱེད་གཉིས་རྟ་ར་ནང་དུ་ཉལ་ན་འགྲིག་གི་རེད་ཅེས་བཤད་པ་རེད།

དེ་ནས་རྗོན་ལགས་ཀྱིས་སེམས་འཁྲལ་མ་བྱེད། ངེད་གཉིས་རྟ་ར་ནང་དུ་ཉལ་རྒྱུ་བྱུང་ན་ཡང་དགའ་བོ་ཡོད་ལགས། གལ་སྲིད་ཞོགས་པ་གནམ་གཤིས་ཡག་པོ་ཞིག་བྱུང་ཡོད་ན་ངེད་གཉིས་སྔ་བོ་ལངས་དེ་འབུད་འགྲོ་ཞེས་ལན་བཏབ། གནས་ཚང་མས་རྗོན་གྱིས་སྐད་ཆ་དེར་མོས་མཐུན་བྱས་པ་རེད། དེ་ནས་ཁོ་གཉིས་དགོང་མོ་དེ་ནས་ཞག་བསྡོད་བྱས་པ་རེད།

ཞོགས་པ་སྔ་བོ་གནམ་གཤིས་ཧ་ཅང་དྭངས་ཤིང་གཙང་བའི་ཁོ་གཉིས་སྔ་བོ་ལངས་དེ་ལམ་དུ་ཆས་པ་རེད།

ཁོ་གཉིས་ཀྱི་གཟའ་མཇུག་ལ་དངོས་ནས་སྤྲོ་བོ་བྱུང་བ་རེད། ཡིན་ཡང་། ཟླ་དགུའི་རྗེས་སུ། རྗོན་ལགས་ཀྱི་མིང་ཐོག་དུ་ཁྲིམས་རྩོད་པ་ཞིག་གིས་ཡི་གེ་ཞིག་འབྱོར་བ་རེད། ཁོ་རང་གིས་སྐར་མ་ཁ་ཤས་རིང་དུ་ཁོ་རང་གིས་དེ་གསལ་བོ་ཤེས་ནས་ཐག་གཅོད་སོང་བ་རེད། དེ་ནི་བུད་མེད་གནས་ཚང་མ་ཡུག་ས་དེ་དང་གཟའ་མཇུག་དུ་སྤྲོ་གསེང་ལ་བྱིན་དུས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་པ་རེད།

ཁོས་རང་གི་གྲོགས་པོ་ཁེ་ཐུ་ལགས་སུ་སྐད་ཆ་འདི་དྲིས་པ་རེད། ཁྱེད་རང་གིས་འུ་གཉིས་ཟླ་དགུའི་གོང་དུ་འུ་གཉིས་གཟའ་མཇུག་དུ་འཁྱག་རྩེད་སྤྲོ་གསེང་ལ་བསྐྱོད་པའི་ལམ་བར་དུ་གནས་ཚང་མ་ཡུག་ས་མ་མཛེས་མ་ཞིག་གི་གནས་ཚང་གཡར་བ་དེ་དྲན་གྱི་འདུག་གམ།
ཁེ་ཐུ་གྱིས། ལགས་སོ་དྲན་གྱི་འདུག
ཁྱེད་ཀྱིས་མཚན་མོར་དེར་ཁོ་མོའི་ནང་དུ་སོང་དེ་ཁོ་མོ་དང་ལྷན་དུ་ཉལ་ནས་མཚན་མོར་དེར་སྐྱིད་པོ་བཏང་ངམ།
ཁེ་ཐུ་ཡིས། ཨུན། ཡིན་ལགས། ཅུང་ཙམ་ངོ་ཚ་བོ་ཞིག་རེད། ཡིན་ཡང་། ངས་ཁྱེད་རང་ལ་བཤད་འདོད་ཀྱང་དེ་ནས་བརྗེད་སོང་བ་རེད།

དེ་ན་ཁྱེད་རང་གིས་གནས་ཚུལ་དེ་བྱུང་སྐབས་སུ་ཁྱེད་རང་གི་མིང་ཚབ་དུ་བུད་མེད་དེ་ལ་ང་ཡིས་མིང་སྤྲད་པ་ཡིན་ནམ།

ཁེ་ཐུ་གྱིས་ངོ་གདོང་ཅུང་ཙམ་དམར་པོ་ཆགས་ནས། ཁོས། གྲོགས་པོ། ལགས་ཡིན། བལྟས་དང་། དངོས་ནས་དགོངས་དག་ཞུ། ང་རང་གིས་ང་རང་གིས་གང་བྱས་པ་དེར་སྐྲག་ནས་དེ་འདྲ་ཤོར་སོང་བ་རེད་ལགས། ཁྱེད་རང་གིས་ང་ལ་ག་རེ་བྱས་ནས་འདྲི་བཞིན་ཡོད་ལགས་ཟེར་ནས་ཕར་རྗོན་ལ་དྲིས་དུས།

མོ་རང་གྲོངས་ཚར་འདུག ཁོ་མོ་ཅ་དངོས་རྒྱུ་ནོར་གང་ཡོད་པ་ཚང་མ་ང་རང་གི་མིང་ཐོག་དུ་བསྐོར་འདུག

(ཁྱེད་རང་གིས་བསམ་ན་དེ་ནི་ཚར་སོང་བ་ཞིག་རེད་བསམ་ཡོད་པ་རེད། ཡིན་ཡང་དེ་ནི་མ་འདྲ་བ་ཞིག་ཆགས་ཡོད་པ་རེད། ཁྱེད་རང་གིས་མཚར་མེད་པ་ཞིག་བྱས་པ་ཤེས་སམ།
ཤོར་ཚར་བའི་འཛུམ་མདངས་དེ་དག་ཤུལ་དུ་ལུས་པའི་ཉི་མ་དེ་དག་གི་ཆེད་དུ་གསོག་གཉར་བྱེད་རོགས།)

འདི་ནི་དབྱིན་ཡིག་གི་སྒྲུང་ཐུང་ཞིག་བདག་གི་དགའ་རོགས་མའི་གྲོགས་མོ་ཞིག་གིས་ཁོ་མོ་ལ་བཏང་འདུག་པ་དེ་ང་རང་གིས་ཁོ་མོ་འདྲི་ཞོར་དུ་སྒྱུར་བ་ཡིན། འདི་ནི་བདག་གི་མི་ཚེ་ནང་དུ་སྒྱུར་རྩོམ་ཐོག་མ་དེ་ཡིན་པས་མི་འགྲིག་ས་དང་མི་སྙན་ས་ནས་སྤུན་ཟླ་དག་ལ་དགོངས་དག་ཞུས་པ་ཡིན་ལགས།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 40

  1. kawakampo says:
    ལོ་ 15 སྔོན།

    དགའ་རོགས་ཟེར་བ་ཡག་པོ་ཞིག་ཡོད་ས་རེད་ལ་་་ཧཧཧ
    ཡག་པོ་འདུག་ལོ།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྐུ་ཉིད་ལ་ནད་ཡམ་དེ་མེད་པར་འདོད། གང་ཡིན་ཟེར་ན་ག་དུས་ཡིན་ཡང་རང་རིགས་ལ་ཤ་ཞེན་ཡོད་པའི་བསྐོར་རྐྱང་རྐྱང་ལ་སེམས་འཁུར་ལེན་མཁན་ཞིག་ཡིན་པ་མ་ཟད། རང་རིགས་ཆེད་དུ་སྐད་ཆ་ཡག་བཙོག་གཉིས་ཀ་གསུངས་ཐུབ་མཁན་ཞིག་རེད་འདུག་ལགས།

    Reply
  3. arigman says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་གང་ལ་ཞུགས་ཡོད་མེད་མི་ཤེས་ཀྱང་བོད་པ་སྤྱི་ལ་ཁྱབ་པའི་ནད་ཡམས་དེ་སྔར་ནས་ང་ལ་འགོས་འདུག
    མདུན་ལམ་གསར་གཏོད་ལ་མི་འབད་པར་མདུན་སྤྱོད་བཀག་འགོག་གི་སྐྱོན་བརྗོད་བྱེད་རྒྱུ་དེ་རེད་

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན་ལགས། སྐུ་ཉིད་བདག་གི་ཟིན་བྲིས་སུ་ཆིབས་ཁ་བསྒྱུར་བ་ཕལ་ཆེར་དང་བོ་ཡིན་པས་སྐུ་ཉིད་ལ་འཚམ་འདྲི་ཞུ། ཉིད་ཀྱིས་གོམ་པ་ཆུང་ཆ་ནས་སྤོ་དགོས་པར་སྐུལ་བ་བཞིན་བདག་གིས་ཀྱང་དེ་ལྟར་བསམ་པའི་འདུར་ཁུལ་བྱེད་ཀྱི་ཡོད་ལགས། རེད་དེ། ད་དུང་མི་འདང་སའི་ཆ་ཧ་ཅང་མང་བས་འཛུབ་སྟོན་རེ་མུ་མཐུད་དུ་གནང་རྒྱུ་མ་བརྗེད་ཅིག་ལགས། དབྱིན་ནས་ནས་ཚུར་བསྒྱུར་ཞེས་པ་སྙན་པོ་མེད་པ་ཞིག་མཐོང་གི་ཡོད་ན། དེ་ལ་ག་འདྲ་ཞིག་བོས་པ་ཡིན་ན་ཡག་པོ་ཞིག་མཐོང་གི་འདུག་ལགས།

    Reply
  5. arigman says:
    ལོ་ 16 སྔོན།

    ཏག་ཏག་ཤི་མ་ཐུབ་པའི་སྔོན་ལ་རྐང་རྗེས་ཡག་པོ་ཕབ་འདུག་གོམ་པ་ཆུང་ས་ནས་སྤོས་བ་ཐབས་མཆོག་རེད།
    ༼དབྱིན་ཡིག་ནས་ཚུར་བསྒྱུར་༽ཞེས་པ་སྙན་པོ་རང་མི་འདུག

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    ཟླ་བ་གཞོན་ནུ་ལགས། ཕེབས་པ་ཐུགས་རྗེ་ཆེ་་་

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་ལགས། ད་ནི་གོ་ཐལ་ལགས། ཡག་པོ་གོ་སོང་། གསལ་བོ་གསུང་འདུག
    མཚན་དཀྱིལ་དུ་འདྲེ་ལ་གྱུར་མཁན་ཁྱེད་རང་གཅིག་བུ་ཡིན་ནི་མ་རེད་ལགས། མཚན་མོ་ཁུ་སིམ་པའི་ཀློག་ན་ཁུ་སིམ། བྲིས་ན་ཁུ་སིམ། ཁོར་ཡུག་ཁུ་སིམ།

    Reply
  8. daniel says:
    ལོ་ 16 སྔོན།

    བཀླགས་ཟིན། རྗེས་མ་ཡང་བསྐྱར་བཀླག་གི་ཡིན། བོད། ཤ་ཁྲག་མིང་ཅན་ལ་ཐུགས་རྗེ་ཆེ་ཞུ།

    Reply
  9. free sopu says:
    ལོ་ 16 སྔོན།

    བོད་མིང་ཅན་ཁྱོད་ཀྱིས་ངའི་བསམ་འཆར་ལ་ཡག་པོ་བལྟས་མེད་པ་འདྲ། ཁྱོད་ཀྱི་ཧི་གཟུགས་ཟིན་བྲིས་སྒོ་འབྱེད་ཐུབ་ཀྱི་མི་འདུག་ཟེར་བ་ལས་གཞན་འདི་རུ་བལྟ་ཐུབ་པ་མ་ཟད་ཧ་ཅང་སྙན་མོ་འདུག་ཟེར་གྱི་ཡོད། ད་ཨུ་གོ་ཐ།
    _ད་མཚན་མོའི་ཆུ་ཚོད་དང་པོ་རེད་ཉལ་གི་འགྲོ་རྒྱུ་ཡིན་བདེ་མོ།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    གཡུ་སེང་ཨ་ལགས། ད་ལྟའི་བར་དུ་གོ་མ་མྱོང་བའི་མིང་ཚིགས་ཤིག་སྐུ་ཉིད་ཀྱིས་འདི་རུ་དྲངས་འདུག བོད་ཀྱི་མིང་ཚིགས་གང་ཞིག་དུ་མཚན་གྱི་ཉི་མ་ཟེར་བ་འདུག་ལགས། དེ་ནི་སྙན་ངག་གི་སྐད་ཆ་གསར་བ་ཞིག་རེད་དམ། ཡང་ན། ཆབ་སྲིད་སྐད་ཆ་གསར་བ་རེད། དེ་མིན་ན་ཆོས་ལུགས་ཀྱི་སྐད་ཆ་གསར་བ་བཤད་ལུགས་ཤིག་་རེད་ལགས། གང་ལྟར་དངོས་ནས་ཐ་སྙད་གསར་བ་ཞིག་བཀོད་འདུག ཨོ་རེད་སྐུ་ཉིད་འདི་རུ་ཕེབས་ནོ་དངོས་ནས་དགའ་ནི་ཡིན་ལགས།

    Reply
  11. chok zyl says:
    ལོ་ 16 སྔོན།

    བཀླགས་ཟིན་ཡིན་ངས་མཚན་གྱི་ཉི་མ་བལྟ་དགོས་ཆགས་སོང་།

    Reply
  12. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། དང་བོ་ལྟར་ན་ཉིད་ཀྱིས་བདག་གི་སྒྲུང་ཐུང་སྙིང་རྗེ་བོ་ཞིག་སྒྱུར་འདུག་ཟེར། གཉིས་པ་ལྟར་དེ་ནས་མཐོང་གི་མི་འདུག་ཟེར་ལགས། དོན་དངོས་ཐོག་གནད་དོན་གང་ལ་གསུང་བཞིན་ཡོད་ལགས། ལན་ཞིག་ཡོད་པ་མཁྱེན།

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    hï-ºi-»Ûm-Mã-m-P-ÁÛm-bà-hGº-¾GÅü ºôm-ˆP-zôh-q-n¤Å-ˆÛ-ÁÝGÅ-¤-Mz-m-Ç~G-Ç~G-ºhÛ-VGÅ-Bôm-Áô¼-mü ±¼-¼ïhü

    བྲག་འགོ་ལགས། ཉིད་ཀྱིས་ཡིག་གཟུགས་འདི་འདྲ་ཞིག་ལ་འགྱུར་འདུག་ལགས། ཀློག་ཐུབ་ཀྱི་མི་འདུག ཡིན་ཡང་འདི་རུ་ཕེབས་པ་དགའ་ནི་ཡིན་ལགས།

    Reply
  14. free sopu says:
    ལོ་ 16 སྔོན།

    སྒྲུང་ཐུང་ངོ་མ་སྙིང་རྗེ་པོ་བསྒྱར་འདུག་ད་དུང་བཤད་རྒྱུ་ཞིག་ལ་ཁྱོད་ཀྱི་ཧི་གཟུགས་ཟིན་བྲིས་ལ་བལྟ་མི་ཐུབ་གི་ཕར་ཆེར་གྲངས་གསར་བརྗེ་བྱས་མེད་པ་འདྲ།

    Reply
  15. Dre Sha Zen says:
    ལོ་ 16 སྔོན།

    hï-ºi-»Ûm-Mã-m-P-ÁÛm-bà-hGº-¾GÅü ºôm-ˆP-zôh-q-n¤Å-ˆÛ-ÁÝGÅ-¤-Mz-m-Ç~G-Ç~G-ºhÛ-VGÅ-Bôm-Áô¼-mü ±¼-¼ïhü

    Reply
  16. sha tak ri sim says:
    ལོ་ 16 སྔོན།

    གཉན་མདང་ཕོ་ཉ་ལགས། འདི་ནི་སྒྲུང་ཐུང་ཞིག་ཡིན་ལ་སྒྲུང་ཐུང་གི་མཇུག་རྫོགས་ཟིན་པ་རེད་ལགས། ཡིན་ཡང་། རྗེས་ཕྱོགས་ང་རང་གིས་སྒྲུང་ཐུང་རང་གི་གོ་བ་དང་སྤུན་ཟླ་དག་ལ་ཡང་བསམ་བློ་གཏོང་རྒྱུ་ཡོད་པའི་བསྐོར་ཉུང་ངུ་རེ་སྒྱུར་བར་འབད་བརྩོན་བྱེད་ངེས་ཡིན་ལགས། སྒྲུང་ཐུང་འདི་ལ་ཞིབ་དུ་བསམ་བློ་གཏོང་ཐུབ་ན་དངོས་ནས་གཏོང་རྒྱུ་ཡོད་ས་རེད་ལགས།

    Reply
  17. tashi gonpo says:
    ལོ་ 16 སྔོན།

    བོད་ཤ་ཁྲག་ལགས།
    ཁྱེད་ཀྱིས་འགྱུར་འདིའི་བསྒྱུར་དཔེ་འདྲ་བཤིག་བསྡུར་བྱེད་ས་མེད་དུས་གང་འདྲ་བྱུང་མེད་ཡོད་བཤད་རྒྱུ་ཁག་པོ་རེད།
    ཡིན་ནའང་སྒྲུང་དེའི་ངོ་སྤྲོད་སྟངས་ནས་བརྗོད་གཞི་གསོན་ཉམས་དོད་པོ་ཞྀག་རེད།
    རེད་དེ་ཁྱེད་ཀྱིས་སྒྲུང་དེའི་འཇུག་འབྲས་སོགས་ནས་ད་རུང་ཏོག་ཙམ་བྲིས་ཡོད་ན་ཡག་པོ་འདུག་སྙམ་སོང་།
    ངའི་རེ་བར་ཁྱེད་ཀྱིས་ཕྱི་སྣུར་མེད་པ་ལ་ནས་ལར་འཛེགས་རོགས་ཞུ།

    Reply
  18. sha tak ri sim says:
    ལོ་ 16 སྔོན།

    འཕྲིན་ལས་ལགས། སྐྱོན་གང་དུ་མེད་ཀི སྤག་སྤག་གཏོང་མཁན་ལ་མེད་ཀི སྣུན་འཁུར་མཁན་ལ་མེད་ཀི ཡང་ན། བདག་གི་དབྱིན་སྒྱུར་འདི་ལ་མེད་ཀི

    Reply
  19. sha tak ri sim says:
    ལོ་ 16 སྔོན།

    སྤག་སྤག་གི་སྣུམ་རྫོགས་སོང་བ་ནི་ཡིན་རྒྱུ་མ་རེད། ཐག་རིང་ཞིག་ནས་རྒྱབ་དུ་འཁུར་ནས་འགྲོ་བཞིན་པ་དེ་འགོ་མཆོག་དར་རྒྱས་ལགས་ཀྱི་རྒྱབ་དུ་འཇོག་དོན་གང་ཡིན། སྤག་སྤག་ཁྱེད་རང་གིས་བཏང་། སྣུམ་ཁོ་ལ་འཁུར་དུ་བཅུགས །སྤག་སྤག་གི་བདག་པོ་འདི་རྒྱ་གར་གྱི་ཕྱུག་བདག་ཕོ་འདྲུད་ཅིག་ཡིན་ས་རེད་ད་་་་་

    Reply
  20. thinley says:
    ལོ་ 16 སྔོན།

    སྐྱོན་ཙིག་མེད་གི

    Reply
  21. Kongthup says:
    ལོ་ 16 སྔོན།

    ཨ་རོགས་དྲ་གྲོགས་བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ཁ་ཉིན་སྣུམ་ཞིག་རྒྱབ་ཏུ་ཁུར་ཏེ་འགྲོ་གི་ཡོད་པ་དེ་སུ་རེད་ཟེར་ཉེན་རྟོག་པས་འཚོལ་གི་འདུག ཡིན་ནའང་ཁྱེད་ང་ལ་ཐུག་ན་གནས་ཚུལ་དེའི་སྐོར་གསལ་བོ་བཤད། དེ་མིན་ཉིན་ཞིག་ལ་འཛིན་རྒྱུའི་རེ་བ་འདུག་ད། ཨོ་མིན་ཉེན་ཁ་འདུག་ད་ཧ་ཧ་ཧ

    Reply
  22. sha tak ri sim says:
    ལོ་ 16 སྔོན།

    རི་སྤྱང་སྔོན་མོ་ལགས། ཁོམ་པ་ཡོད་དུས་ཡོད་དུས་ཕེབས་རོགས་ཞུ། བདག་གིས་ཀྱང་སྤུན་ཟླ་དག་ཁོམ་ལོང་ཡོད་དུས་སུ་འདི་རུ་ཕེབས་ངལ་རེ་གསོ་བར་རེ་བ་ཡོད་ལགས།

    Reply
  23. sha tak ri sim says:
    ལོ་ 16 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། སྤག་སྤག་འདི་ནི་བོད་པ་ཚང་གི་གསར་དུ་བཟོས་པའི་སྤག་སྤག་ཞིག་ཡིན་པས་ད་དུང་སྐད་ཆེ་སྲིད་ཀྱང་། ཡར་རྒྱས་མུ་མཐུད་དུ་འགྲོ་རྒྱུར་ཐེ་ཚོམ་མེད་ངེས་ཡིན་ལགས།

    Reply
  24. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། བདག་གིས་ཀྱང་ཐུབ་ཚོད་ཀྱིས་འདུར་ངེས་ཡིན་ལགས། འབོད་སྐུལ་ཞུས་པ་ལྟར་བདག་གིས་ཀྱང་འཇོན་དུས་རེ་དབྱིན་ཡིག་གི་སྒྲུང་ཐུང་རེ་འདི་རུ་འདྲེན་ཐུབ་བྱེད་ངེས་ཡིན།

    Reply
  25. sha tak ri sim says:
    ལོ་ 16 སྔོན།

    ཁ་བའི་འདབ་མ་ལགས། དེ་འདྲའི་གདེང་འཇོག་གནང་བ་དེར་ཐུགས་རྗེ་ཆེ་ལགས། རེད་དེ། ང་རང་གིས་མི་ཚེ་འདིར་དབྱིན་ཡིག་ནས་བོད་ཡིག་དུ་སྒྱུར་བ་ཐོག་མ་ཡིན་སྟབས། མ་འགྲིག་མ་འཐུས་ས་མང་བོ་ཞིག་ཏན་ཏན་ཡོད་ངེས་ཡིན་ན། སྒྱུར་རྩོམ་ལ་མཁས་པའི་སྤུན་ཟླ་སུ་ཞིག་ཡིན་ཡང་ལམ་སྟོན་རེ་གནང་རྒྱུ་མ་བརྗེད་ཅིག

    Reply
  26. sha tak ri sim says:
    ལོ་ 16 སྔོན།

    སྤག་སྤག་ལགས་བདག་གིས་ཉིད་ཀྱིས་ཁ་བརྡ་དེ་དག་སེམས་སུ་བཟུང་ཟིན་པ་ཡིན་ལ། ཉིད་ཀྱིས་རེ་སྐུལ་ལྟར་བཀླགས་ཚར་མ་ཐག་གསུབ་པ་ཡིན་ལགས། རྗེས་ཕྱོགས་ཀྱང་དེ་ལྟར་འཛུབ་མོ་རི་སྟོན་རེ་བྱེད་རྒྱུ་ནི་བདག་གིས་རེ་བ་ཉེག་གཅིག་ཡིན་ལགས།

    Reply
  27. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ཕེབས་ནས་བསྟོད་བསྔགས་གནང་བ་དེར་ཐུགས་རྗེ་ཆེ་ལགས། རྗེས་ཕྱོགས་མུ་མཐུད་དུ་སྤུན་ཆུང་དག་ལ་གཟིགས་དུ་ཕེབས་རྒྱུ་མ་བརྗེད་ཅིག

    Reply
  28. tendartashi says:
    ལོ་ 16 སྔོན།

    བོད་ཤ་ཁྲག་ལགས་
    ནམ་རྒྱུན་ཁོམ་པ་ཡོད་དུས་རྒྱུན་དུ་ཁྱེད་ཀྱི་ཟིན་བྲིས་ནང་དུ་ཡོང་གི་ཡོད་
    ངོ་མ་ཞེ་དྲགས་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ་རྗེས་མ་ཁོམ་པ་རེ་ཡོད་དུས་ཡང་ཡོང་གི་ཡིན།

    Reply
  29. tendartashi says:
    ལོ་ 16 སྔོན།

    བོད་ཤ་ཁྲག་ལགས།
    ་མུ་མཐུད་དུ་ཕྲིས་དང་སྙན་མོ་འདུག་་་།

    Reply
  30. Dre Sha Zen says:
    ལོ་ 16 སྔོན།

    ཨ་ཁུ་སྦག་སྦག་ལགས་མཆན་རྒྱབ་ཚར་དུས་གསུབ་རྒྱུ་ཁག་པོ་རེད།་་་་དང་པོ་སྔར་ཞུགས་ལ་བསམ་བློ་བཏངས་ནས་འབྲི་རྒྱུ་གལ་ཆེན་རེད་།་་་་སྦག་སྦག་སྐད་ཅོར་ཅུང་ཟད་ཆེ་ན་ཡང་་་་་དེང་སང་རྒྱ་གར་སྦག་སྦག་སྐད་ཆེན་པོ་ཞེ་དྲགས་རེད་སྐྱོན་མེད་་་་་་་་་་་་་་་སྐྲག་སྣང་མི་དགོས་།

    Reply
  31. free sopu says:
    ལོ་ 16 སྔོན།

    བོད་ཤ་ཁྲག་བལྟས་ཡོང་ན་གླིང་ཚ་ཡིན་པ་འདྲ་རེད་དམ། སྦག་སྦག་གི་དུ་ཟེར་གི་
    གང་ལྟར་ངོ་མ་ཡག་པོ་བསྒྱུར་འདུག་མུ་མཐུད་འབོད་དང་རེ་བ་ཧ་ཅང་ཆེ་གི

    Reply
  32. snowflake says:
    ལོ་ 16 སྔོན།

    བོད་ལགས་ཀྱིས་འགྱུར་འདི་ལ་འཇམ་ཤ་ཞིག་འདུག སྒྲུང་ནང་གི་མིང་དེ་དག་མ་གཏོགས་འགྱུར་ཆོས་རང་ནི་བོད་རྩོམ་ནང་བཞིན་རེད། མུ་མཐུད་མང་ཙམ་སྤེལ་རོགས།

    Reply
  33. Kongthup says:
    ལོ་ 16 སྔོན།

    གོང་གི་མཆན་དེ་ཀློག་ཚར་དུས་གསུབ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ལགས།

    Reply
  34. tsekyis says:
    ལོ་ 16 སྔོན།

    གངས་ཅན་པའི་ཕོ་རྒོད།
    མུ་འཐུད་བསྒྱུར་དང་སྙན་པོ་འདུག

    Reply
  35. sha tak ri sim says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། འདི་རུ་དབྱིན་ཡིག་གི་སྟེང་ནས་བརྡ་ཞིག་བཞག་པ་དེར་ཐུགས་རྗེ་ཆེ་ལགས། སང་ཉིན་ཐུག་ཡོང་། རབ་ན་རྗེས་ཕྱོགས་སུ་དབྱིན་ཡིག་འདི་རུ་འབྲི་མ་དགོས་པ་ཡིན་ན་ཡག་པོ་འདུག་ལགས། རེད་དེ། ཉིད་ཀྱིས་དགོངས་དག་ཞུས་འདུག དྲང་མོ་བཤད་ན་དགོངས་དག་ཞུ་དགོས་ས་དེ་ནི་ང་རང་མིན་པར་རང་གིས་རང་ལ་ཞུ་དགོས་པ་རེད་སྙམ་ལགས། དོན་སྣང་ཆེན་པོའི་འདི་རུ་ལན་ཞིག་བཞག་པ་དགའ་ནི་ཡིན་ལགས།

    Reply
  36. sha tak ri sim says:
    ལོ་ 16 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོ་ཀློག་དུ་ཕེབས་པ་དགའ་ནི་ཡིན། རྗེས་ཕྱོགས་ཀྱང་ཁོམ་དུས་ཡོང་གི་བསྡོད།

    Reply
  37. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། འཇོན་ཚོད་ཅིག་ཤུ་རེ་བྱེད་ངེས་ཡིན་ལགས།

    Reply
  38. chentsasopa says:
    ལོ་ 16 སྔོན།

    there haven’t Tibean.see you Tomorrow.sorry for writie English in your blog.

    Reply
  39. thewosherab says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  40. Baichung says:
    ལོ་ 16 སྔོན།

    མུ་མཐུད་དུ་ཕྲིས་ཨ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese