མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟིན་བྲིས་པ་ཞིག་ཆགས་པར།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྤུན་ཟླ་མི་ཉུང་བ་ཞིག་གིས་ཟིན་བྲིས་པ་ཞིག་ཅི་ལྟར་ཡོང་མིན་ཐད་དུ་བསམ་ཚུལ་མི་ཉུང་བ་ཞིག་ལོ་ཟླ་རིམ་སོང་གི་ཁྲོད་དུ་མི་ཉུང་བ་ཞིག་གསུང་ཟིན་པ་རེད། བདག་གིས་དེ་རིང་ཟིན་བྲིས་པ་ཟེར་ན་ག་འདྲ་ཞིག་དགོས་མིན་བསྐོར་ལ་ཟིན་བྲིས་པ་ཡོངས་ལ་བསམ་ཚུལ་ཞིག་འབུལ་རྒྱུ་ཡིན་ན་སྤུན་ཟླ་ཡོངས་ཀྱི་དེའི་ཐད་དུ་རང་རང་གི་བསམ་ཚུལ་ཐུང་ཐུང་ཞིག་ལས་མ་བྱུང་རང་གསུང་རོགས་ཞུ།


རྒྱུ་མཚན་ནི་དེང་སང་འུ་ཅག་གི་རང་གི་ཁྱིམ་དང་འདྲ་བའི་དུས་བབ་ཟིན་བྲིས་ཚང་གི་རྩོམ་སྒྲིག་པ་ལགས་ཀྱི་ཟིན་བྲིས་པ་མི་ཉུང་བ་ཞིག་གིས་ཟིན་བྲིས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་ཟིན་པ་ཡིན་ལ། མི་རིང་བར་ཟིན་བྲིས་མི་ཉུང་བ་ཞིག་ད་དུང་སྒོ་རྒྱག་རྩིད་ཡོད་པའི་གསལ་བསྒྲགས་ཤིག་ཡོད་པ་སྤུན་ཟླ་མི་ཉུང་བ་ཞིག་གིས་མཐོང་ཡོད་ཤག་རེད་ལགས།


དེས་ན་འུ་ཅག་གིས་ཟིན་བྲིས་གཉེར་དོན་གཙོ་བོ་གང་རེད་ཟེར་ན་ང་རང་གི་དངོས་ནས་བཤད་ན། ང་རང་ནི་བོད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཟེར་ནས་བཤད་ཀྱང་ཆོག ང་རང་ཆུང་དུས་ནས་བཟུང་དེ་བོད་ཡིག་ལ་དུངས་པ་ཞིག་ཡོད་ལ་ཆུང་དུས་སློབ་ཆུང་དུ་ཡོད་སྐབས་ཀྱང་རྒྱ་ཡིག་སྤྱོང་རྒྱུར་མི་དགའ་བར་བོད་ཡིག་སྤྱོང་རྒྱུར་དགའ་བོ་ཡོད། དེ་ལ་དམིགས་བསལ་གྱིས་འབྲེལ་བ་ཞིག་ཀྱང་ལོས་ཡོད། རྟག་དུ་ཕ་མ་དག་གིས་རྒྱ་དགའ་ཟེར་བ་དང་། རྒྱ་སྤང་ཟེར་བ། ཁ་རྒྱ་ནང་དུ་བསྐོར་རྒྱོ་ཁྱོད། རྒྱུ་འབྲས་མེད་ལ་རྒྱ་མ་རེད་དམ་ཟེར་བ་སོགས་ཀྱི་མིང་ཚིག་མི་ཉུང་བ་ཞིག་གིས་བཞག་པའི་བག་ཆགས་ཀྱང་ཡིན་སྲིད། གང་ལྟར། ཟིན་བྲིས་པ་ཞིག་བྱེད་དོན་ནི་རང་གི་སྐད་ཡིག་འདི་བོད་ཡིག་ཡིན་སྟབས། བོད་ཡིག་འབྲི་སའི་ཁོར་ཡིག་ཞིག་རེག་པ་དེ་ལ་དགའ་ཞེན་གྱིས་ཟིན་བྲིས་གཉར་བ་ཡིན་ལ། ཞོར་དུ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་སེམས་ཁོང་གི་དགའ་སྐྱོ་ཆགས་སྡང་སོགས་གླེང་སའི་གར་སྟེགས་ཤིག་གི་སྟེང་ནས་རང་དང་ན་མཉམ་གྱི་སྤུན་ཟླ་འཛམ་གླིང་གི་ཁོར་ཡུག་གང་སར་གནས་པ་དག་གིས་རང་གི་སྐད་ཡིག་ལ་བཅིངས་པའི་བརྩེ་བ་དེ་ལ་རིན་ཐང་ཆེ་རུ་གཏོང་བར་ཕན་ཅུང་ཙམ་རེ་ཐོག་མ་སྙམ་ནས་དུས་བབ་ཚང་གི་ཟིན་བྲིས་ཤིག་ཡོད་པ་གོ་མ་ཐག་ས་ཁ་ཐག་རིང་བ་དང་ཁོར་ཡུག་གི་ཆ་རྐྱེན་སོགས་ཅི་ལ་ཡང་མ་འཛེམ་པར་དགའ་སྣང་གིས་འདི་རུ་ཞུགས་པ་ཡིན།


ངས་བསམ་ན་ཟིན་བྲིས་པ་མི་ཉུང་བ་ཞིག་ཀྱང་དེ་ལྟར་ཡིན་ངེས་སྙམ། རེད་དེ། ཟིན་བྲིས་པ་ཞིག་བྱེད་རྒྱུ་དེ་ལ་རྩོམ་སྒྲིག་པས་སྔོན་ཆད་ཅིག་ལ་འདི་འདྲ་ཞིག་གསུང་མྱོང་ཡོད་པ་རེད། ཟིན་བྲིས་ཟེར་བ་ནི་མི་ཞིག་གི་ཉིན་ཐོ་ལྟ་བུ་ཡིན་ཞེས་གསུང་བ་ད་ལྟ་ཡང་ང་རང་གིས་དྲན་གསོས་ཀྱི་འདུག དེ་འདྲ་ཞིག་ཡིན་ན། ཟིན་བྲིས་པ་ཞིག་བྱེད་པ་ལ་ཤེས་ཡོན་གྱི་ཆུ་ཚད་ཆེས་མཐོན་པོ་དེ་འདྲ་ཞིག་དགོས་ཚོད་མེད་ངེས་ཡིན། གང་ཡིན་ཟེར་ན། ཉིན་ཐོ་འབྲི་རྒྱུ་ནི་ཀ་ངོ་ཡིག་ངོ་ཤེས་མཁན་སུ་ཞིག་ཡིན་ཡང་བྲིས་ཆོག་པ་ཞིག་ཡིན་ལ། དེ་ལ་གཏན་ནས་ས་མཚམས་ཤིག་ཡོད་མི་སྲིད་པ་ཡིན། ད་ནི་ཞིབ་དུ་བརྟག་ནས་འོང་དུས་ཟིན་བྲིས་པ་ཟེར་བ་འདི་ནི་ཤེས་ཡོན་གྱི་ཚད་གཞི་ཡོད་པ། སྐད་ཡིག་རྨིང་གཞི་འཐིག་པོ་ཡོད་པ། དག་ཆ་དང་སྡེབ་སྤྱོར་སོགས་ལ་བྱང་ཆུབ་པ་ཞིག་མིན་ན་འདི་རུ་ཡོང་མི་ཉན་པ་ལྟ་བུ་ཞིག་བཤད་དེ་འོང་གི་འདུག་ན། ཟིན་བྲིས་པ་མི་ཉུང་བ་ཞིག་གིས་དེ་ལྟར་གསུང་དེ་ཕྱི་ནུར་བརྒྱབ་ཟིན་པ་རེད་ལ། ད་དུང་མི་ཉུང་བ་ཞིག་བློ་རྩེ་གཉིས་ཀྱི་སྒང་དུ་འགྲོ་བསྡོད་ཀྱི་བར་དུ་ལུས་དེ་ཡོད་པ་རེད།


དོན་དངོས་སུ་ཟིན་བྲིས་པ་ཞིག་བྱེད་པ་ལ། ང་རང་གི་བསམ་ན་ཐོག་མར་བོད་ཡིག་ལ་དགའ་བའི་བོད་པ་ཞིག་ཡིན་དགོས་པ་དང་། བོད་དོན་ལ་བཅིངས་པའི་སེམས་པ་དཀར་ཞིང་། བོད་དོན་དུ་སྐད་ཆ་བཟང་ངན་གང་ཞིག་བཤད་ཀྱང་འགྲིག་གི་འདུག་ལ། དེ་ལ་ལན་ཡང་ཡག་བཙོག་གང་ཡིན་ཡང་ཡོང་ཆོག་གི་འདུག་སྙམ། དེ་ལ་གཏན་ནས་གཏན་འགོག་དང་ཚིག་ངན་སོགས་བེད་སྤྱད་དེ་རྒྱའི་ཉུལ་མ་དང་། འདྲེ་ཤུགས་ལྡན་བརྟེན་མཁན་སོགས་ཟེར་ནས་དམོད་ཚིག་འཕེན་དགོས་དོན་དེ་བས་ཀྱང་མི་འདུག ལྷག་པར་དུ་སྤུན་ཟླ་སུ་ཞིག་ཡིན་ཡང་། ནང་ཁུལ་དུ་དོན་མེད་དུ་ཕྲག་དོག་དང་དམའ་འབེབས་སོགས་རྒྱུ་མཚན་སྣ་གཅིག་ཀྱང་མེད་པར་དེ་ལྟར་བྱེད་པ་རང་གི་ཤ་བཅད་དེ་ཁྱི་ལ་སྟེར་གྱི་ཡོད་པ་དང་མཚུངས་པས་ན་དེའི་རིགས་ལ་སྤུན་ཟླ་སུ་ཡིན་ཡང་འཛེམས་ན་ཡག་པོ་འདུག་ཟེར་ནས་ཞུ་འདོད་བྱུང་།

དངོས་ནས་དགོས་པ་རྒྱུ་མཚན་དང་གནས་ལུགས་སོགས་ཁུངས་ལྡན་ཞིག་ཡིན་ན་སྤུན་དང་ཉེ་རིང་། ཕྱོགས་་རུས་སོགས་ཀྱི་དབང་དུ་མ་སོང་བར་དྲ་ཚིགས་འདིའི་རྩོམ་སྒྲིག་པ་དང་ལས་བྱེད་ཡོངས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་བོད་ཀྱི་སྐད་ཡིག་གི་དར་རྒུད་ལ་ཞབས་འདེགས་ཆེས་མི་དམན་པ་ཞིག་གནང་བ་འདི་ལ་ཞབས་འདེགས་ཞུ་མ་ཐུབ་རང་། ཞབས་འདྲེན་མ་ཞུས་པ་ཡིན་ན་དངོས་ནས་ཟིན་བྲིས་པ་ཞིག་ཆགས་པར་འདོད།
ཟིན་བྲིས་པ་ཞིག་ཆགས་པར་བསམ་ཚུལ་འདི་ཙམ་ཞུ་དོན་ནི། ད་ལྟའི་འཆར་དུས་བབ་ཚང་ནི་དངོས་ནས་བཙན་བྱོལ་ནང་དུ་སྐད་གྲགས་ཡོད་པ་དེ་ནི་ཁ་ཡག་བརྗོད་པ་ཙམ་མིན་པར་བོད་མི་མང་གི་གསར་ཤོག་གལ་ཆེ་ཤོས་ཤིག་ཆགས་མྱོང་ཡོད་པ་དེ་ད་ནི་རྒུད་ས་རེད་སྙམ་ནས་བྲིས་པ་ཡིན་ལགས། དེ་མིན་ཟིན་བྲིས་པ་དག་འདི་རུ་ཡོང་མིན་དེའི་གོ་རིམ་དང་ཟིན་བྲིས་པ་ཚད་ལྡན་ཡིན་མིན་གྱི་རིམ་པ་ཞིག་ཕྱེ་ནས་ཚད་ལྡན་མིན་པ་དག་སྒོ་རྒྱག་གི་ཡིན་པས་གསུང་ཞིག་རྩོམ་སྒྲིག་པའི་གནང་མ་ཐག་ཡིན་དུས། ཁོ་རང་ལ་ཁོ་རང་གིས་དམིགས་ཡུལ་ལེགས་པོ་ཞིག་ཡོད་པར་རེ་བ་ཡོད་ལ། དུས་བབ་ཚང་གི་ཟིན་བྲིས་ལེགས་པོ་བཅུ་ལས་མ་བྱུང་རང་དེ་ལྟར་མུ་མཐུད་དུ་རྒྱུན་སྐྱོང་རྒྱུའི་གསལ་བསྒྲགས་བྱས་ཟིན་པ་ཡིན་དུས། སྤུན་ཟླ་སུ་ཞིག་གིས་ཟིན་བྲིས། རྩོམ་སྒྲིག་པ་མཆོག་གིས་སྒོ་རྒྱག་པའི་སྐུལ་མ་གནང་མ་ཐག དང་ལེན་བྱེད་རྒྱུ་དང་མཉམ་དུ་ཟིན་བྲིས་འདི་ལས་ཕྱིར་འཕུད་པ་ཡིན་ཡང་། རང་ཉིད་བོད་ལ་སྐྱེ་བའི་བོད་པ་ཞིག་ཡིན་པའི་དངོས་ནས་བོད་ཡིག་ལ་བཅིངས་པའི་བརྩེ་དུང་། སྐད་ཡིག་ལ་བཅིངས་པའི་སེམས་ཤུགས་སོགས་ལ་གཏན་ནས་འགྱུར་བ་མ་བཏང་བར་གང་དུ་བསྡོད་པ་དེ་ནས་རང་གི་འབྲི་དེབ་རེ་བཟུང་དེ་ཟིན་བྲིས་དུས་ཚོད་གང་ཡོད་ལ་འབྲི་རོགས་ཞུ།


ཟིན་བྲིས་པ་མི་ཉུང་བ་ཞིག་ནི་དུས་བབ་ཚང་གི་ཟིན་བྲིས་སྒོ་ཕྱེ་འདུག བང་ཆེན་ཚང་གི་ཟིན་བྲིས་སྒོ་ཕྱེ་འདུག ཁ་བརྡ་ཚང་གི་ཟིན་བྲིས་སྒོ་ཕྱེ་འདུག ད་དུང་མང་བོ་ཡོད་ཀི བོད་ཡིག་འབྲི་སའི་དྲ་རྒྱ་མི་ཉུང་གི བོད་ཡིག་ཀློག་སའི་དྲ་རྒྱ་མི་ཉུང་གི་བསམ་ནས་དགའ་ཞེན་གྱིས་ཡོང་ནས་ཐོ་འགོད་བྱས་པ་ནི་གདོན་མི་ཟ་བ་ཡིན་ཡང་། ཆ་རྐྱེན་སོགས་གང་ཅིའི་དབང་གིས་ཉིན་ལྟར་དྲ་ཐོག་དུ་འཁོར་རྒྱུའི་ཨམ་ཕྲག་སྟོང་བ། དུས་ཚོད་ཀྱི་ཁོམ་ལོང་མེད་པ། ཁོར་ཡུག་གི་མཐུན་རྐྱེན་མི་འཛོམ་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་ནི་བཤད་མ་དགོས་པ་རེད་ལགས། གང་ལྟར། འུ་ཅག་སུ་ཞིག་འདི་ནས་འགྲོ་དགོས་བྱུང་ན། བོད་ཀྱི་དུས་བབ་ཀྱི་མཚོན་པའི་བོད་ཡིག་གི་དྲ་རྒྱ་ཡོད་ས་གང་སར་ཁོམ་དུས་སུ་བོད་ཡིག་ཀློག་དུ་འགྲོ་རྒྱུ་མ་བརྗེད་ཅིག
ད་ནི་མཐའ་སྡོམ་ཞིག་ཞུས་པ་ཡིན་ན། སེམས་ཀྱི་དམར་དམར་དེ་བཤད་པ་ཡིན་ན། ཟིན་བྲིས་པ་ཞིག་ཆགས་པ་ལ། དྲ་ཐོག་གཅིག་བུར་འཐམ་ནས་འདུག་དགོས་དོན་མེད་ལ། དྲ་ཐོག་ནས་ཟིན་བྲིས་པ་ཞིག་བྱེད་པ་ལ། སྐད་ཡིག་གི་ཆུ་ཚད་མཐོ་བ། དག་ཆ་གཙང་མ་འབྲི་ཐུབ་པ། རྩོམ་པ་པོ་དང་སྙན་ངག་པ་སོགས་ཀྱི་མིང་ག་གེ་མོ་ཞིག་ཡོད་མཁན་ཞིག་ཡིན་མི་དགོས་པར་འདོད་ལ། སློབ་ཆུང་གི་སློབ་མ་ཚུན་ཆད་ཞུགས་ཐུབ་པ་ཡིན་ན། ད་ནི་ཁ་ཡོད་ལག་ཡོད་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་ངེས་ཡིན་ལ། སློབ་ཆུང་གི་སློབ་མ་དག་གིས་ཉིན་རེའི་ནང་གི་འཚོ་བའི་བསྐོར་སོགས་འབྲི་མཁན་ཞིག་ཡོད་ན་དེ་ལ་ཟིན་བྲིས་པ་ཞེས་འབོད་རུང་བར་འདོད།


ཟིན་བྲིས་པ་ཞིག་ཆགས་པར་སྙན་ངག་རྐྱང་རྐྱང་འབྲི་མཁན་ཡིན་མི་དགོས་ལ། ཟིན་བྲིས་པ་ཞིག་ཆགས་པར་དཔྱད་རྩོམ་རྐྱང་རྐྱང་འབྲི་མཁན་ཞིག་ཡིན་མི་དགོས་དོན་མེད། ཟིན་བྲིས་པ་ཆགས་པར་སྒྲུང་རྩོམ་རྐྱང་རྐྱང་འབྲི་མཁན་ཞིག་ཡིན་དགོས་དོན་མེད། ཟིན་བྲིས་པ་ཞིག་ཆགས་པར་ཆབ་སྲིད་ཀྱི་བསྐོར་རྐྱང་རྐྱང་འབྲི་མཁན་ཞིག་ཡིན་དགོས་དོན་མེད། ཟིན་བྲིས་པ་ཞིག་ཆགས་པར་ཆགས་སྲེད་རྐྱང་རྐྱང་གི་བསྐོར་འབྲི་མཁན་ཞིག་ཡིན་དགོས་དོན་མེད། གང་ལྟར། ཟིན་བྲིས་པ་ཞིག་ཆགས་པར་ཆ་རྐྱེན་འདི་ཡིན་ཟེར་ནས་ཐག་བཅད་ཆོག་པ་ཞིག་གཏན་ནས་མེད་ཟེར་ན་འགྲིག


གལ་སྲིད་ཟིན་བྲིས་པ་ཟེར་བའི་བསྐོར་ལ་བྲིས་པ་འདིས་མི་སུ་ལ་འཕོག་ཐུག་འདྲ་ཤོར་མི་ཡོང་སྙམ་གྱི་ཡོད་མོད། འོན་ཀྱང་། ཁ་ཤས་ཀྱི་སྒྲ་བསྐོར་ལོག་ལ་འཁྱེར་ནས་དོན་བསྐོར་ལོག་རེ་བྱུང་ན་བདག་གིས་ཐོག་མར་སྤུན་ཟླ་དེར་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན་ལགས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 40

  1. thupa12 says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཀྱིས་གསུངས་པ་བཞིན་བྱས་ན་ཟིན་བྲིས་པ་ཞིག་ཆགས་པར་ཆ་རྐྱན་མང་པོ་མེད་ཀྱང་ཟིན་བྲིས་པ་ཞིག་ཆགས་ཐུབ་པ་འདྲ། དེ་འདྲ་ཡིན་ན་ཕྲན་ཡང་ཟིན་བྲིས་པ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་པ་འདྲ།
    དེ་བས་ན་ངས་ཀྱང་ཟིན་བྲིས་ཀྱི་གར་སྟེགས་སྟེང་འཛེགས་ཐུབ་པ་བྱེད་ངེས་ཡིན།
    མཁྱེན་དཔྱོད་ཡངས་པའི་དྲ་གྲོགས་ཡོངས་ཀྱིས་ཕྲན་རྒྱབ་སྐྱོར་ཡོང་བར་མཁྱེན།

    Reply
  2. thupa12 says:
    ལོ་ 15 སྔོན།

    དེ་ལྟར་ཡིན་ང་ཡང་ཟིན་བྲིས་པ་ཆགས་ཐུབ་པའི་རེ་བ་ཡོད་པ་འདྲ།

    Reply
  3. thupa12 says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཀྱིས་གསུངས་པ་བཞིན་བྱས་པ་ཡིན་ན་ཟིན་བྲིས་པ་ཞིག་ཆགས་པ་་ལ་ཆ་རྐྱེན་མང་པོ་མེད་ཀྱང་ཟིན་བྲིས་པ་བྱེད་ཆོག་ན། ང་དང་ང་འདྲ་བའི་ཤེས་ཚད་དམའ་བའི་བོད་ཕྲུག་མི་ཉུང་བ་ཞིག་ཀྱང་ཟིན་བྲིས་པ་ཆགས་ཐུབ་པའི་རེ་བ་ཡོད་པ་འདྲ། དེ་ལྟ་བྱུང་ན་ང་དང་ངའི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་ཟིན་བྲིན་གྱི་གར་སྟེགས་སྟེང་འཛེགས་ངེས་ཡིན། དྲ་གྲོགས་ཡོངས་ཀྱིས་ཕྲན་ལ་རྒྱབ་སྐྱོར་ཡོད་པར་ཞུ་།

    Reply
  4. thupa12 says:
    ལོ་ 15 སྔོན།

    གྲོགས་པོ་ཁྱོད་ཀྱིས་གསུངས་པ་བཞིན་བྱས་ན་ཕྲན་ཡང་ཟིན་བྲིས་པ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་པ་འདྲ། དེ་འདྲ་ཡིན་ན་ང་དང་ང་འདྲ་བའི་ཤེས་ཚད་དམན་པའི་བོད་མི་མི་ཉུང་བ་ཞིག་ཀྱང་ཟིན་བྲིས་ཀྱི་གར་སྟེབས་སྟེང་འཛེགས་ཐུབ་པ་ཡིན་པ་འདྲ། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན། ང་དང་ངའི་གྲོགས་པོ་མི་ཉུང་ཀྱང་ཟིན་བྲིས་ཀྱི་གྲལ་གཞུང་དུ་ཞུགས་ངེས་ཡིན་

    Reply
  5. Tentsetso says:
    ལོ་ 16 སྔོན།

    བོད། ཤ་ཁྲག་རུསགསུམ་ལགས། བཀླགས་ཟིན།

    Reply
  6. kharnag wa says:
    ལོ་ 16 སྔོན།

    གྲོགས་པོ་ཚོས་གསུང་བ་དངོས་གནས་རྒྱུ་མཚན་འདུག།

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ང་ལ་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་མེད་པ་རེད་ལགས། ཐུགས་རྗེ་ཆེ་ཞུ་ས་དེ་ནི་སྐུ་ཉིད་ལྟ་བའི་སྤུན་ཟླ་དག་ཡོད་པ་རེད། སྐུ་ཉིད་ལྟ་བའི་སྤུན་ཟླ་མེད་པ་ཡིན་ན། ངས་ག་ཚོད་ཀྱང་བོད་ཡིག་དག་ལ་མི་དག་ལ་ཞིག་འབྲི་འདོད་ཤུགས་ཅི་ཙམ་ཆེ་ཡང་ཕན་ཐོག་ཡོད་ནི་མ་རེད་ལགས། དེའི་སྟབས་ཀྱི་ངས་རྒྱུན་དུ་རང་གི་སྤུན་ཟླ་སྐུ་ཉིད་ལྟ་བུ་དག་ལ་བཀའ་དྲིན་ཆེ་ཞུ་ན་འདོད་ལགས།

    Reply
  8. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་དངོས་གནས་སྐད་ཆ་གནས་ལ་ཁེལ་པོ་བྱུང་ཐུགས་རྗེ་ཆེ།།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། སྐུ་ཉིད་ཟིན་བྲིས་པ་ཆགས་པར་ལྟ་སྟངས་འདི་ལ་དངོས་ནས་དགའ་བོ་བྱུང་ལགས། རེད་དེ། ད་ལྟ་ང་རང་དྲ་ཐོག་ནས་འགྲོ་དགོས་ཀྱི་ཡོད། དུས་ཚོད་བཞིའི་རྗེས་ཏག་ཏག་ལ་ང་རང་ཕྱིར་འདིར་འབྱོར་ངེས་ཡིན་ལགས། དྲི་བ་འདྲ་ཡོད་ན་འདི་རུ་བཞོག་དང་རང་གིས་ཤེས་ཚོད་ཀྱི་ལན་ཞིག་འདེབས་ཆོག་ལགས།

    Reply
  10. samkhar says:
    ལོ་ 16 སྔོན།

    བོད་ཡིག་ཟིན་བྲིས་པ་ཞིག་ཆགས་དགོས་ན། བོད་ཡིག་འབྲི་ཀློག་གཉིས་ཀ་དཀའ་ངལ་གང་ཡང་མེད་པ་ཞིག་དང་། ཡིག་ནོར་ཡོད་མིན་གང་ཡིན་རུང་། མཐོང་ཐོས་མྱོང་གསུམ་དང་། དགའ་སྡང་ཆགས་ཞེན་གྱི་ཚོར་འདུ་ཡོད་ཚད་ཀར་ཀོར་མེད་པར་འབེབ་ཐུབ་མཁན་ཞིག་བྱུང་ན་ད་ལྟའི་ཟིན་བྲིས་པ་ཞིག་ཆགས་པར་ངོས་འཛིན་བྱེད་ཀྱིན་ཡོད།།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    ཁ་བའི་འདབ་མ་ལགས། སྐུ་ཉིད་ཀྱིས་དངོས་ནས་ཐ་མག་ལ་རྒྱུས་ཡག་པོ་ཞིག་ལོན་འདུག ངས་ཀྱང་སྐུ་ཉིད་ཀྱི་བསམ་ཚུལ་དེར་དངོས་ནས་རྒྱབ་སྐྱོར་ཡོད་ལགས། མི་ཟེར་བ་འདི་དངོས་ནས་སྐྱག་ལངས་དུ་ཤོར་ཚར་དུས། མཚམས་འཇོག་རྒྱུར་དཀའ་ལས་ཁག་པོ་ཞིག་ཆགས་ཡོད་པ་ལས། ཐ་མག་འཐེན་ན་བསམ་བློ་གཏོང་རྒྱུར་ཕན་སྲིད་ཟེར་བ་དེ་ནི་བརྒྱ་ཆ་བརྒྱ་བདེན་པ་རེད་ཟེར་ནས་ཁས་ལེན་བྱེད་ཐུབ་ཅིག་གཏན་ནས་མེད་ཀྱང་། ཐ་མག་སྐྱག་ལངས་དུ་ཤོར་བ་ཞིག་གིས་ཐ་མག་འཐེན་ན་བསམ་བློ་གཏོང་བར་ཕན་སྲིད་པ་ཡང་ཡོད་ངེས་ཡིན། འོན་ཀྱང་། དེ་ནི་ཐ་མག་གིས་ནུས་པ་ཞིག་གིས་བསམ་བློ་གཏོང་རྒྱུར་ཕན་ཐོག་བྱས་པ་མ་ཡིན་པར། ཐ་མག་གི་ནུས་པའི་རང་གི་རྩ་ལམ་དུ་བདག་བཟུང་བྱས་ཟིན་པའི་རྟགས་ཤིག་སྟོན་བཞིན་ཡོད་པ་རེད་ཟེར་ན་ག་འདྲ་འདུག་ལགས། དེ་མཚུངས་ཀྱི་ཆང་རག་འཐུང་མཁན་ཚོ་ནི་དེ་བས་ཀྱང་ཉེན་ཁ་ཆེན་པོ་རེད། ཆང་གི་བསྐོར་ལ་བདག་གི་ཟིན་བྲིས་ནང་དུ་ཟིན་བྲིས་ཤིག་སྔོན་ཆད་་སྤེལ་མྱོང་ཡོད། དེ་ནི་བདག་གི་ཉམ་མྱོང་བརྒྱུད་དེ་ཞུས་པ་ཞིག་ཡིན་ལགས། དེ་རིང་སྐུ་ཉིད་ཀྱིས་ཀྱང་རང་གི་ཉམ་མྱོང་སྤུན་ཟླ་དག་ལ་གསུངས་པ་འདིས་གང་ཙམ་ཞིག་ཕན་ངེས་ཡིན་པ་མ་ཟད། བདག་གིས་ཀྱང་སྐུ་ཉིད་ཀྱི་བསམ་ཚུལ་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལགས།

    Reply
  12. sha tak ri sim says:
    ལོ་ 16 སྔོན།

    གཉན་མདང་ཕོ་ཉ་ལགས། སྐུ་ཉིད་དུས་རྒྱུན་དུ་ཕེབས་ནས་བདག་གི་སྐད་ཆ་དག་ལ་ཉན་པ་ནི་དངོས་ནས་དགའ་ནི་ཡིན་ལ། རྗེས་ཕྱོགས་ཀྱང་ཕེབས་ནས་སྐད་ཆ་ཉན་རྗེས་བསམ་ཚུལ་གང་ཡོད་ལྷུག་པོར་བརྗོད་རོགས་ཞུ།

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    བསྟན་འཛིན་འཚེ་འཚོ་ལགས། ངས་ད་ལྟའི་བར་དུ་མིང་འདི་འདྲ་ཞིག་གོ་མྱོང་མེད་ཀྱང་། དངོས་ནས་ཡིན་ན་ནི་དགའ་འོས་པ་ཞིག་རེད་ལ། ང་རང་གིས་དེ་ལྟར་བསམ་མ་མྱོང་བ་ཞིག་བུ་མོ་ཁྱེད་རང་གིས་གསུངས་སོང་མོད། སྐྱོན་མེད་པ་རེད། དགའ་འོས་པ་ཞིག་ལ་ཉིད་ཀྱིས་ཕ་བཀའ་དྲིན་ཅན་དེའི་རང་གི་བུ་མོ་བོད་ཡིག་ལ་དགའ་བ་ནས་བོད་ཡིག་འབྲི་ཤེས་མཁན་ཞིག་བསྐྱེད་སྲུང་བྱས་པ་དེ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ཞོར་དུ་ཁྱེད་རང་ལྟ་བུའི་བོད་ཀྱི་བུ་མོ་མི་ཉུང་བ་ཞིག་དྲ་ཐོག་འདིས་གཙོ་བའི་ཟིན་བྲིས་འདེབས་ས་གང་སར་རྐང་རྗེས་ཤིག་སྤར་ཐུབ་པར་རེ་སྐུལ་བྱེད་ཀྱི་ཡིན་ལགས།

    Reply
  14. snowflake says:
    ལོ་ 16 སྔོན།

    བོད་ཚང་ལགས་ཀྱི་ཟིན་བྲིས་འདིའི་དཔར་ནང་དུ་ཐ་མག་ཤོག་སྒམ་ཞིག་ཀྱང་འདུག སྤྱིར་ངས་ཡག་སྡུག་གི་སྐད་ཆ་མི་ཤོད་རྒྱུ་ཡིན། ངས་ཀྱང་སྔོན་མ་ཐ་མག་འཐེན་ན་བསམ་བློ་གཏོང་རྒྱུ་ལ་ཕན་གྱི་ཡོད་པར་བསམ་བློ་འཁོར་མྱོང་། དེ་ནོར་འཁྲུལ་ཡིན་པ་ངས་འདི་དང་འབྲེལ་བའི་དཔྱད་བརྗོད་མང་པོ་བཀླགས་པ་ཡིན་ལ་དངོས་སུ་མྱོང་བས་ཀྱང་བསྒྲུབས་སོང་།
    ཐ་མག་འཐེན་པ་འདི་སྐྱག་ལངས་ཤོར་བ་ཞིག་རེད། འདི་སྐྱག་ལངས་ཤོར་ལས་སླ་བོ་ཞེ་དྲག་རེད། ཚོད་ལྟའི་ཚུལ་གྱིས་ཐ་མག་འཐེན་ཐེངས་རེ་གཉིས་ཀྱིས་སྐྱག་ལངས་ཤོར་འགྲོ་བ་མང་པོ་ཡོད།
    ངེད་ཚོས་སེམས་གསོའི་ཚུལ་དུ་མུ་མཐུད་ནས་འཐེན་གྱིན་པ་ནི་སྐྱག་ལངས་ཤོར་བའི་སེམས་ཚོར་ཤུགས་ཆེན་པོ་དེ་འཇགས་ཐབས་བྱེད་ཀྱི་ཡོད། ཚོར་བ་ཤུགས་ཆེན་པོ་འདི་ལ་སེམས་གསོ་ཐུབ་པ་བྱུང་ན་བསམ་བློ་གཞན་གཏོང་རྒྱུའི་གོ་སྐབས་ཆེ་བ་ཙམ་རེད།
    མདོར་དེད་ནས་བཤད་ན་ཐ་མག་འཐེན་པ་ནི་སྐྱག་ལངས་ཀྱི་གཞན་དབང་དུ་གྱུར་བའི་ཚོར་བ་འདི་ལ་སེམས་གསོ་གཏོང་བ་ཙམ་མ་གཏོགས། སྐྱག་ལངས་འདི་འདོར་ཐུབ་པའི་རྗེས་སུ་ཐ་མག་འཐེན་ནས་བསམ་བློ་གཏོང་རྒྱུ་ལ་ཕན་པ་གཅིག་ཀྱང་མེད་ཞུའོ།
    ངས་འདིར་ཆེད་དུ་ཞུས་པའང་ངེད་ཚོའི་རྩོམ་པ་པོ་མང་པོས་རྩོམ་འབྲི་བ་དང་ཐ་མག་དང་ཨ་རག་སོགས་ལ་འབྲེལ་བ་ཡག་པོ་ཞིག་ཡོད་བསམ་གྱི་མེད་དམ་སྙམ་བྱུང་ལ་འབྲེལ་བ་ཡག་པོ་ཡོད་པ་མ་རེད་ཞུའོ།

    Reply
  15. tashi gonpo says:
    ལོ་ 16 སྔོན།

    བོད་ཚང་གི་སྐད་ཆ་ལ་ནམ་རྒྱུན་ནས་ཉན་གྱི་ཡོད།
    ཁྱེད་ཀྱི་ལྷག་བསམ་གྱི་ཕྱོགས་ཆ་ཞིག་ཀྱང་མཐོང་སྣང་ཡོད།
    དེ་ལུགས་ཀྱིས་ད་ཐེངས་སྤེལ་བའི་ཟིན་བྲིས་འདི་ལའང་རྒྱབ་སྐྱོར་བྱེད་འོས་པ་ཞིག་མཐོང་བྱུང་། དེ་ཙམ་ལས་དུས་ཚོད་མ་བྱུང་།

    Reply
  16. Tentsetso says:
    ལོ་ 16 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ངའི་མིངཆ་ཚང་ལ་བསྟན་འཛིན་འཚེ་འཚོ་ཟེར། ང་འདི་གར་སྐྱེས་བུའི་བུ་མོ་ཞིག་ཡིན་ལ་སྤྱིར་ཁྱེད་ཀྱི་འདི་ལྟར་བསམ་སྲིད། འདི་ནས་འཚར་བ་དག་གིས་བོད་ཡིག་ལ་དོ་སྣང་བྱེད་མི་སྲིད་བསམ་མོད། ཡིན་ཡང་ང་རང་ཆུང་དུས་ནས་བོད་ཡིག་དུང་མཁན་ཞིག་ཡིན། རྒྱུན་མཚན་ནི་ངའི་པ་ལགས་བོད་ཡིག་ལ་འགའ་བས་རྐྱེན་ཡིན། ང་ལ་གྲོགས་གང་མང་ཞིག་གིས་དུས་བབ་ཀྱི་དྲ་ཚིགས་སྐོར་གླེང་སློང་དང་སྐུལ་མ་གནང་སྟབས་ང་རང་ལམ་འདི་ལ་ཞུགས་པ་ཡིན།

    Reply
  17. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས་སྐུ་ཉིད་འདི་རུ་ཕེབས་ནས་བསམ་ཚུལ་ལྷུག་པོར་གསུང་བ་དེ་ནི་དངོས་ནས་སེམས་གཏིང་ནས་དགའ་ནི་ཡིན་ལགས། ཉིད་ཀྱིས་ཟིན་བྲིས་པ་ཞིག་ཆགས་པར་ག་འདྲ་ཞིག་དགོས་ཀྱི་ཡོད་པར་དགོངས་ཀྱི་ཡོད། དེའི་ཐད་དུ་བསམ་ཚུལ་ཐུང་ཐུང་ཞིག་གསུང་རོགས་ཞུ། ད་ནི་ང་རང་ལས་ཀ་འགྲོ་བའི་དུས་ཚོད་ལ་སླེབས་འདུག་སྟབས། ང་རང་དུས་ཚོད་བཞི་ཙམ་གྱི་རྗེས་སུ་བར་གསེང་ཞིག་ཡོད་པ་རེད་དེ་དུས་སྐུ་ཉིད་ཀྱི་བསམ་ཚུལ་ཀློག་ངེས་ཡིན་ལགས།

    Reply
  18. samkhar says:
    ལོ་ 16 སྔོན།

    དྲ་གྲོགས་ཉིད་ཀྱིས་སྤེལ་བའི་ཟིན་བྲིས་ཆ་ཚང་བཀླགས་པ་ཡིན་ལ། གོང་དུ་བཀོད་པའི་མཆན་ཆ་ཚང་ཡང་བཀླགས་པ་ཡིན།
    ངའི་བསམ་པར་ང་རང་ལ་མཐུན་རྐྱེན་ཞིག་འཛོམས་ན། ངས་དུས་བབ་ཀྱི་གསར་འགྱུར་དང་ཟིན་བྲིས་སོགས་ནས་ཡིག་ནོར་གང་མཐོང་བ་རྣམས་ལ་ཞུ་དག་གཏོང་རྒྱུ་ཡིན་བསམ་པའི་ཀུན་སློང་ཡང་སྐྱེ་མྱོང་ཡང་། ཁོ་བོར་དྲ་རྒྱའི་མཐུན་རྐྱེན་གྱི་ཆ་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་ལ། དུས་ཚོད་ཁོམ་དང་མི་ཁོམ་གྱི་ཆ་ནས་ཀྱང་དཀའ་ངལ་འཕྲད་ཀྱི་འདུག

    བོད་ཤ་ཁྲག་རུས་གསུམ་དང་སྐར་ཁྲི་བཙན་གཉིས་ཀྱིས་ཕྲན་ལ་གདེང་འཇོག་གནང་བ་ནི་ཁོ་བོར་བསྔགས་བརྗོད་ཀྱི་མཐེ་བོང་ཀེར་བ་རེད་ནམ་ཡང་བསམ་གྱི་མེད། དེ་ནི་ཁྱེད་གཉིས་ཀྱིས་བོད་ཡིག་ལ་བཅངས་པའི་འདུ་ཤེས་ལྷད་མེད་དེ་མཚོན་གྱི་ཡོད་སྙམ།

    ད་དུང་ཁོ་བོ་ནི་བྱིས་པའི་ནང་གི་བྱིས་པ་ཞིག་སྟེ། བོད་ཡིག་ལ་དགའ་མཁན་ཞིག་ལས་བོད་ཡིག་མཁས་པའི་མཁས་པ་ཞིག་ནི་དེ་བས་ཀྱང་མིན་ཞེས་ཞུ་འདོད་བྱུང་།

    ད་ལྟའི་ཆར་དྲ་ཐོག་ནས་དག་ཆའི་ཐད་ཐུགས་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ནི་ང་ལ་མཚོན་ན། ཤ་ཁྲག་རུས་གསུམ་ཁྱེད་ཀྱིས་ཟིན་བྲིས་ལ་ཞུ་དག་གཏོང་དུ་བཅུག་པ་ཙམ་མ་ཟད། ནོར་བ་དང་ལེན་གནང་བ། གསར་འགོད་པ་སོགས་ཀྱིས་ཀྱང་ནོར་བ་ངོས་ལེན་གནང་བ་ཤུགས་རྐྱེན་གང་ཙམ་ཐེབས་ཡོད་སྙམ་གྱིན་འདུག

    ད་དུང་དྲ་གྲོགས་ཚོས། ལུང་རིགས་ལགས་ཀྱི་ཟིན་བྲིས་ཁོངས་སུ་ཡོད་པའི་(ནོར་ཉེན་ཆེ་བའི་ཐ་སྙད་)ཞེས་པའི་ནང་དུ་གཟིགས་ན། ཁོ་བོ་སོགས་ཀྱིས་དེའི་ནང་རྒྱུན་ལྡན་ནོར་ཉེན་ཡོད་པའི་ཐ་སྙད་མང་པོ་ཞིག་གསོག་སྒྲུབ་བྱས་ཡོད་པས། དེའི་ནང་གི་ཐ་སྙད་ཁག་ལ་ཞིབ་གཟིགས་གནང་ན་ཡིག་ནོར་གྱི་དཀའ་ངལ་གང་ཙམ་སེལ་ཐུབ་ཀྱི་རེད་སྙམ།།

    Reply
  19. sha tak ri sim says:
    ལོ་ 16 སྔོན།

    འཇམ་མགོན་ལགས། སྐབས་སྐབས་སུ་དུས་ཚོད་གང་ཡོད་ལ་འདི་རུ་ཕེབས་ནས་རྒྱབ་སྐྱོར་གནང་བ་དེར་དངོས་ནས་དགའ་ནི་ཡིན་ལགས། སྐུ་ཉིད་ཀྱིས་བྱིས་པ་གྲྭ་ཚག་དེ་ཚོ་ལ་སློབ་གསོ་ཡག་པོ་རེ་རྒྱག་ཐུབ་རྒྱུ་དང་ཁོང་ཚོས་ཀྱང་སྐུ་ཉིད་ཀྱི་གསུང་ལ་ཉན་རྒྱུར་བདག་གིས་རེ་བ་བྱེད་ཀྱི་ཡོད་ལགས།

    Reply
  20. jamgon says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། བོད།་ཤ་ཁྲག་རུས་གསུམ་ལགས། དོན་དངོས་ཀྱི་ཟིན་བྲིས་འདི་ལྟར་འདི་དགོས།

    Reply
  21. sha tak ri sim says:
    ལོ་ 16 སྔོན།

    རི་སྤྱང་སྔོན་མོ་ལགས། བདག་གིས་སྤུན་ཟླ་དག་ལ་མཆན་ལན་འབྲི་བཞིན་པའི་བར་རོལ་དུ་སྐུ་ཉིད་འདི་རུ་ཕེབས་ནས་བདག་གི་སྐད་ཆ་འདི་ལ་རྒྱུ་མཚན་འདུག་གསུང་ནས་རྒྱབ་སྐྱོར་གནང་བ་དེར་བཀའ་དྲིན་ཆེ་ལགས། འུ་ཅག་ཚང་མ་བོད་རིགས་གཅིག་པ་ཡིན་པས་རང་གི་རིགས་ལ་རང་གི་ཤ་ཚ་བྱེད་རྒྱུ་དེ་ནི་འུ་ཅག་ཚང་མས་འགན་འཁུར་དུ་སྙམ་ནས་བདག་གི་ཁ་ཁོག་པའི་མ་གསང་བར་འདི་རུ་སྤེལ་བཞིན་ཡོད་ལགས།

    Reply
  22. sha tak ri sim says:
    ལོ་ 16 སྔོན།

    འཕྲིན་ལས་ལགས། བསམ་ཚུལ་ལ་མོས་མཐུན་གནང་བ་དེར་ཐུགས་རྗེ་ཆེ་ལགས། ཡིན་ཡང་། ཟླ་ངོ་ཁ་ཤས་རིང་དུ་ཟིན་བྲིས་མ་སྤེལ་བ་དེ་ཚོ་དོར་ན་རེད་གསུང་གི་འདུག་ལགས། དེ་ལྟར་དུས་བབ་ཚང་གི་མིང་ཐོག་ནས་སྒོ་རྒྱག་པ་ལས་ཟིན་བྲིས་པ་སུ་ཞིག་གིས་རང་ཉིད་ལ་ཁོམ་པ་མེད་པ་དང་ཟིན་བྲིས་སྤེལ་བར་གང་ཅིའི་ཐད་དུ་དཀའ་ངལ་ཡོད་ན་དེ་རིགས་དུས་བབ་ཚང་ལ་འགྲེལ་བཤད་གནང་དེ། རང་ཉིད་ཀྱིས་སྒོ་རྒྱག་རོགས་ཟེར་ནས་སྙན་ཞུ་ཕུལ་བ་དང་ཆ་རྐྱེན་འཛོམ་ན་སླར་ཡང་དུས་བབ་ཚང་ལ་སྙན་ཞུ་ཕུལ་བ་ཡིན་ན་དངོས་ནས་ཟིན་བྲིས་པ་དག་གིས་རང་གི་ཁྱིམ་ཚང་ལྟ་བའི་དུས་བབ་ཀྱི་གཙོ་བའི་ཟིན་བྲིས་སྤེལ་ས་དག་ལ་འགན་འཁུར་བ་རེད་སྙམ་ལགས། སྐུ་ཉིད་ཀྱིས་གཟིགས་ཚུལ་གང་འདྲ་ཞིག་ཡིན་ལགས།

    Reply
  23. sha tak ri sim says:
    ལོ་ 16 སྔོན།

    ཟླ་བ་གཞོན་ནུ་ལགས། དེ་ལྟར་རེད་ལགས། སྐད་ཆེན་པོ་ཞིག་རྒྱག་རྒྱུ་དེ་ནི་གལ་ཆེན་པོ་མིན་པར། ནང་ཁུལ་ལ་མཐུན་ལམ་ཡོད་པ་དང་བརྩེ་སེམས་ཡོད་པ། རང་རིགས་ལ་སེམས་འཁུར་ཡོད་པ་བཅས་ཀྱི་འགན་ཞིག་འཁུར་ནས་ཟིན་བྲིས་པ་སྤེལ་བ་ཡིན་ན་བོད་ཀྱི་སྐད་ཡིག་གི་རིན་གོང་ཇེ་ཆེར་དང་ཟིན་བྲིས་པ་ཇེ་མང་དང་བོད་པ་རང་གི་རང་གི་རིགས་ལ་ཤ་ཞེན་ཆེ་ཆེར་འགྲོ་བ་དང་ཡིད་ཆེས་ཆེ་ཆེར་འགྲོ་བ་སོགས་ལ་ཕན་ངེས་ཡིན་པ་ནི་གདོན་མི་ཟ་བ་རེད་ལགས།

    Reply
  24. sha tak ri sim says:
    ལོ་ 16 སྔོན།

    བརྟན་ཚེ་འཚོ་འམ། བསྟན་འཚེ་འཚོ། གང་རུང་དུ་འབོད་པའི་དབྱིན་མིང་བ་ལགས། ཉིད་རང་དེ་རིང་བདག་གི་ཟིན་བྲིས་ཀློག་མཁན་ཞིག་དུ་གྱུར་བ་དེར་སེམས་གཏིང་ནས་འཚམ་འདྲི་དང་དགའ་བསུ་ཞུ་ལགས།

    Reply
  25. sha tak ri sim says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། ཉིད་ཀྱིས་བདག་གི་བསམ་ཚུལ་འདིར་རང་གི་ལྟ་ཚུལ་ཤར་མར་བརྗོད་པ་དེར་ཐུགས་རྗེ་ཆེ་ལགས། བདག་གིས་ཀྱང་འདི་ལྟར་ལམ་འཕྲེང་དོག་མོ་འདི་བརྒྱུད་དེ་གང་ཐུབ་ཅིག་འགྲོ་ངེས་ཡིན། རེད་དེ། ཟིན་བྲིས་པ་ཞིག་གི་ཐད་ནས་དུས་བབ་ཚང་གི་སྐུ་ཚེ་བརྟན་རོགས་བར་དུ་འདུག་བསྡོད་ཡོད་ལ་རང་གིས་ཐུབ་ཚོད་ཅིག་འབད་བརྩོན་བྱེད་པར་སྤྲོ་བ་དང་ཡིད་ཆེས་ཤིག་ཀྱང་རང་གིས་རང་ལ་བྱེད་ཀྱི་ཡོད་ལགས།

    Reply
  26. sha tak ri sim says:
    ལོ་ 16 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོ་ལགས། ཉིད་ཀྱིས་བདག་གི་བསམ་ཚུལ་མོས་མཐུན་བྱས་པ་དང་རང་ཉིད་ཀྱང་མྱི་སྐད་བཤད་ཤེས་པ་ནས་མྱི་སྐད་དེ་ཡང་བོད་པ་ཚང་གི་མྱི་སྐད་བཤད་མཁན་ཞིག་གི་ཚུལ་དུ་འདི་རུ་ཕེབས་ནས་བསམ་ཚུལ་གནང་བ་དེར་གུས་པས་ཡི་རུང་དང་བཅས་དགའ་བསུ་ཞུ། འུ་ཅག་གིས་མུ་མཐུད་དུ་མྱི་སྐད་བཤད་དགོས་པ་མ་ཟད། མྱི་སྐད་དེ་ཡང་སྡང་སེམས་དང་འཁོན་འཛིན་སོགས་མེད་པའི་སྒོ་ནས་བཤད་ཡ་་་

    Reply
  27. sha tak ri sim says:
    ལོ་ 16 སྔོན།

    སྤྲ་དཔལ་ལྡན་ལགས། བདག་གི་ཟིན་བྲིས་པ་ཞིག་ཆགས་པར་ཟེར་བ་འདི་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ལགས། དེ་ལྟར་དུ་འུ་ཅག་སྤུན་ཟླ་གང་ན་སུ་ཡོད་པ་ཚང་མས་རང་རང་ཟིན་བྲིས་པ་ཞིག་ནས་བོད་ཀྱི་གནད་དོན་ལ་སེམས་འཁུར་ཡོད་མཁན་དང་སྤུན་ཟླ་ནང་ཁུལ་ལ་བྱམས་བརྩེ་དང་ལ་རྒྱ་ཡོད་པ་ཞིག་དུ་འགྱུར་བར་སྨོན།

    Reply
  28. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། ངེད་ཚང་དུ་དུ་བ་ལྷོག་ལྷོག་ཞིག་བཞུར་བཞིན་ཡོད་པ་མཐོང་མ་ཐག་འདི་རུ་ནངས་ཇ་ཞིག་འཐུང་དུ་ཡོང་བ་དགའ་ནི་ཡིན། བདག་གིས་ཉིད་ཀྱི་བསམ་ཚུལ་དེ་ལ་མོས་མཐུན་ཡོད། དེང་སང་གི་སྤྱི་ཚོགས་འདིའི་ནང་དུ་དམིགས་བསལ་གྱིས་འུ་ཅག་བོད་པ་ཚང་ལ་ཁ་ཡོད་ལག་ཡོད་ཀྱི་སེམས་པ་དཀར་བ་དང་བོད་དོན་ལ་ཤ་ཚ་བའི་ཟིན་བྲིས་པ་དག་དགོས་ཀྱི་ཡོད་པ་ལས། རང་གི་ང་རྒྱལ་ལས་སྤུན་ཟླ་གཞན་དག་གི་སྐད་ཆ་ལ་གཏན་ནས་དོ་སྣང་མི་བྱེད་མཁན་དེ་དག་ནི་དངོས་ནས་འུ་ཅག་ལ་དགོས་ཚོད་ཅིག་མིན་ཚོད་རེད་ལགས། ལྷག་པར་དུ་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་ཤིག་ལ་མཚོན་ན་རང་གི་ཡི་གེ་འདི་ཁ་ཡོད་ལག་ཡོད་ཀྱི་ཕྱུག་པོ་གཏོང་བ་ལ་བེད་སྤྱོད་བྱེད་མཁན་གནམ་མཁའི་སྐར་ཚོགས་བཞིན་ཇེ་མང་དུ་གཏོང་དགོས་པ་ཞིག་རེད། ཉིད་ཀྱིས་གསུང་བ་བདེན་པ་རེད། སྤུན་ཟླ་བསེ་རུ་ལགས་ནི་དངོས་ནས་ཁ་ཡོད་ལག་ཡོད་ཅིག་ཡིན་པ་མ་ཟད་། སྤུན་ཟླ་དག་ལ་འགན་འཁུར་ནས་ཟིན་བྲིས་པ་ཡོངས་ལ་གཟིགས་ཚུལ་དང་ལྟ་སྟས་གཅིག་པ་དང་། རང་གིས་གང་ཐུབ་བྱེད་ཀྱི་ཡོད་པ་དེ་ལ་བདག་གིས་དུས་རྟག་དུ་རྗེས་སུ་ཡི་རུང་ཡོད་ལགས།

    Reply
  29. tendartashi says:
    ལོ་ 16 སྔོན།

    དྲགྲོགས་ཤ་ཁྲག་ལགས་ཁྱེད་ཀྱིས་བཤད་ནོ་རྒྱུ་མཚན་འདུག་

    Reply
  30. sha tak ri sim says:
    ལོ་ 16 སྔོན།

    མཆན་པུ་གཉིས་པ་འདེབས་མཁན་གཅན་བཟོད་རྒྱམ་ལགས་ལ་འཚམ་འདྲི་ཡོད།

    Reply
  31. sha tak ri sim says:
    ལོ་ 16 སྔོན།

    ཁ་བའི་འདབ་མ་ལགས། ཁྱེད་རང་ལ་ངས་ལག་ཟུང་རྡེབ་ཆོག འདི་རུ་ཕེབས་ནས་བསམ་ཚུལ་ཐུང་ཐུང་ཞིག་ལས་གསུང་མེད་ཀྱང་། དེ་ལ་བསམ་ཚུལ་ཟེར་ནས་གླེང་ཆོག་པ་ཡིན་དུས་ལག་ཟུང་ཡང་བསྐྱར་རྡེབ་ཆོག་ལགས།

    Reply
  32. thinley says:
    ལོ་ 16 སྔོན།

    གྲོགས་པོ་ཤ་ཁྲག་ལགས།
    ང་ལ་ཡང་ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། ང་ལ་མཚོན་ན་འདིར་བོད་ཡིག་གི་ཁོར་ཡུག་ཅིག་ལ་ཚོར་སྙེག་བྱེད་ཀྱིན་ཡོད། ངས་ལོ་ངོ་བཞིའི་རིང་དུ་བོད་ཡིག་འབྲི་བ་ཕར་ཞོག བཀླགས་ཀྱང་མེད། ད་ལྟ་གཞི་ནས་ཟིན་བྲིས་པའི་གྲས་སུ་གོམ་པ་འཁྱལ་འཁྱོལ་ཞིག་སྤོ་བཞིན་ཡོད། ཟིན་བྲིས་པ་ལ་ཚད་འབྱེད་གཏན་ནས་མི་རུང་མོད། ཟླ་ཤས་ཀྱི་རིང་དུ་ཚིག་གཅིག་ཀྱང་མི་འབྲི་མཁན་དེ་ཚོ་དོར་ན་ཧ་ཅང་འཐད།

    Reply
  33. daniel says:
    ལོ་ 16 སྔོན།

    གསུངས་པ་ལ་མངོན་པར་བསྟོད་དོ།།

    ངས་བསམས་ནའང་ཟིན་བྲིས་པས་རང་རང་ས་ནས་འགན་ཞིག་འཁྱེར་ནས་ཟིན་བྲིས་རེ་སྤེལ་རྒྱུ་གལ་ཆེན་རེད་འདོད། སྐད་ཆེན་པོ་རང་གིས་མི་ཐུབ་པ་རེ་རྒྱག་རྒྱུ་མི་གཙོ་བར་ཀུན་སློང་གཙང་མ་རེ་དགོས་པ་གཙོ་བོ་ཡིན།

    Reply
  34. Tentsetso says:
    ལོ་ 16 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། དངོས་གནས་དཔེ་མི་སྲིད་པ་ཞིག་བྲིས་འདུག དེ་རིང་ནས་ང་ཁྱོད་ཀྱི་ཟིན་བྲིས་ཀློག་པ་པོ་ཞིག་ཡིན།

    Reply
  35. kkalsang says:
    ལོ་ 16 སྔོན།

    གྲོགས་ཤ་ཁྲག་ལགས། ཚད་ལྡན་གྱི་ཟིན་བྲིས་པ་ལ་ས་མཚམས་ཁྱོན་ནས་མེད། ངས་འདིའི་ཐད་དུ་ཚད་ལྡན་རིགས་གཉིས་སུ་བགར་ནས་བཤད་ཀྱིན་ཡོད། གཅིག་ནི་རྩོམ་སྤུས་དག་པའི་ཚད་ལྡན་དང་གཅིག་ནི་ཟིན་བྲིས་རྒྱུན་འཁྱོངས་ཀྱི་ཚད་ལྡན་གཉིས་ཡིན། སྐུ་ཉིད་ནི་རྩོམ་ཡིག་གི་སྤུས་ཀའི་ཐད་ནས་ཡར་རྒྱས་སུ་འགྲོ་བཞིན་པའི་སྒང་ལ་རྒྱུན་འཁྱོངས་ཀྱི་ཚད་ལྡན་ཞིག་ཡིན་པ་སུས་ཀྱང་ཁས་ལེན་མི་བྱེད་ཐབས་མེད་ཡིན། དེའི་སྟབས་ཀྱིས་ཡིག་ནོར་མེད་མཁན་ཞིག་དང་རྩོམ་ཡིག་ལེགས་པོ་རྐྱང་རྐྱང་འབྲི་དགོས་པའི་རྒྱུ་མཚན་སུ་ལ་ཡང་མེད།
    ཟིན་བྲིས་མུ་མཐུད་དུ་སྤེལ་རོགས་མཛོད། བདག་གི་གྲོགས་པོ།

    Reply
  36. thewosherab says:
    ལོ་ 16 སྔོན།

    ཁྱེ་ཀྱི་བསམ་ཚུལ་ལ་ང་རང་ཧ་ཅང་མོས། ངས་རང་ཉིད་ཀྱི་ཟིན་བྲིས་འགྲེལ་བཤད་དུ་མྱི་སྐད་བཤད་ས་ཡིན་ཞེས་བཤད་ཡོད། དེའི་གོ་དོན་གཅིག་ནི་རང་ཉིད་ཀྱིས་ཅི་ཞིག་བཤད་འདོད་ཀྱང་དེ་བཤད་རྒྱུ་དང་ཅི་ཞིག་འབྲི་འདོད་ཀྱང་དེ་འབྲི་རྒྱུ་དེ་ཡིན།
    གོ་དོན་གཅིག་ནི་ཟིན་བྲིས་ནང་དུ་སླེབས་ཉིན་ནས་ང་མྱི་གཅིག་གི་སར་བསྡད་ཡོད། མྱི་སར་གྲལ་རིམ་གྱི་དབྱེ་བ་མེད་པས་ངས་དབྱེ་བ་ཅན་གྱི་སྐད་ཆ་མི་བཤད།

    (འོན་ཀྱང་གཞན་ལ་དངོས་ཡོད་མ་ཡིན་པའི་སྐྱོན་བརྗོད་དམའ་འབེབ་སོགས་མི་བྱེད།)

    Reply
  37. ngawa_palden says:
    ལོ་ 16 སྔོན།

    དྲ་གྲོགས་་བོད་ ཤ་ཁྲག་རུས་གསུམ་ལགས། ངོ་མ་སྐུ་ཉིད་ཀྱི་བྲིས་བའི་ཟིན་
    བྲིས་པ་ཞིག་ཆགས་དོན་ཞེས་པའི་བསམ་བློའི་རང་བཞིན་ཀྱི་སྐད་ཆ་འདི་ཡག་པོ་
    བྲིས་འདུག་བདག་གིས་ཁྱོད་ཀྱི་རྩོམ་ཡིག་འདི་ཐེངས་གཉིས་ལ་ཀློགས་ཚར་
    ཡིན། ངོ་མ་ཉིད་ཀྱིས་གསུངས་བ་བཞིན་ཟིན་བྲིས་པ་ཞིག་ཡིན་ན་སྙན་ངག་
    རྐྱང་རྐྱང་དང་དཔྱད་བརྗོད་རྐྱང་རྐྱང་ཡིན་མི་དགོས་ལ།ཐ་ན་ཉི་མ་རེ་རེའི་ཉིན་
    ཐོ་ནམ་དག་ཅིག་བྲིས་ནས་བཀོད་པ་ཙམ་ལས་འགྲིག་པར་འདོད།

    Reply
  38. Baichung says:
    ལོ་ 16 སྔོན།

    ད་ནང་ཡར་ལང་ནས་སྒོ་ལྟས་ཞིག་བྱས་པ་ན་ཁྱེད་ཚང་དུ་བ་ལ་ལྟ་ན་ཆུ་ཚ་ཞིག་རེག་གི་རེད་བསམ་ནས་ཡང་ཡོང་བ་ཡིན། དྲིན་ཅན་བཟའ་གཉིས་ཀ ཡ་རབས་དུ་ད།
    གུས་པ་དྲ་ཐོག་ཏུ་སླེབས་ནས་ད་ལྟ་བར་དྲ་ཐོག་གི་བྱུང་རིམ་ལ་ཞིབ་འདང་ཞིག་བྱ་བ་ཡིན་ན། དྲ་ཐོག་འདིར་བདག་ལྟ་བུའི་གཞི་ནས་ཟིན་བྲིས་ཀྱི་འགོ་འཛུགས་མཁན་ཡིན་ན། དེ་མིན་རྩོམ་པ་པིའི་མིང་འཛིན་པ་འགའ་རེས་ཞ་ཞོར་ནས་རང་གི་བསམ་ཚུལ་སྤེལ་མཁན་ཡིན་ཡང་། ཀུན་སྤྱོད་གཙང་མ་ཞིག་གི་་རྨང་གཞི་དེ་ཆེས་གཙོ་བོ་ཞིག་ཏུ་མཐོང་སོང་ལ། དང་པོ་སྒོ་ཕྱེ་བ་ནས་ད་ལྟ་བར་སྡུར་ན་ཡར་རྒྱས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱ་ན་འདོད། ཕན་ཚུན་སྤུན་ཟླ་ཡི་འདུ་ཤེས་ངོ་མའི་ཐོག་ནས་གཅིག་གིས་གཅིག་ལ་རོགས་རམ་བྱས་དང་བྱ་བཞིན་པ་དཔེར་ན་དྲ་གྲོགས་བསེ་རུ་ལྟ་བུ་ཡིག་ནོར་ཡོད་པའི་རིགས་ལ་ཡིག་ནོར་བཅོས་བ་དང་ཕན་ཚུན་བར་བསམ་ཚུལ་འདོན་སྐབས་ང་རྒྱལ་གྱིས་སློང་བའི་ཚིག་རྩུབ་ཉུང་བ་སོགས། ཡང་གཅིག་བཤད་ན་ཁྱད་པར་ཟིན་བྲིས་བ་དང་པོའི་རྨང་གཞིའི་སྐབས་ནས་ཀུ་དོག་གི་ལྟ་བ་དེ་སྤང་མ་ཐུབ་པ་ཡིན་ན་རྗེས་སུ་རྩོམ་ཡག་ཞིག་པོ་བྲི་ཤེས་པའི་དབང་དུ་གཏང་ཡང་སྤྱི་ཚོགས་ལ་འགལ་ཟླ་ཞིག་དང་དཀྲུག་ཤིང་ཞིག་གི་ནུས་པ་ཙམ་ལས་ཁ་ཡོད་ལག་ཡོད་ཀྱི་མི་རིགས་ལ་ཞབས་ཞུ་སྤས་དག་བསྒྲུབ་མི་ཐུབ་པ་དངོས་ཡོད་དུ་སྣང་། སྐབས་འདི་ནས་གུས་པས་དངོས་ཡོད་ཀྱི་བྱུང་བ་ཞིག་གླེང་ན་འདོད་བྱུང་། དུས་བབ་དྲ་ཁང་འདི་སྒོ་མ་ཕྱེས་པའི་སྔོན་ང་བོད་ནང་གི་དྲ་ཁང་གསར་བ་ཞིག་གི་ནང་དུ་སོང་བ་ན། སྐབས་དེར་རྩོམ་རྩལ་གཅིག་ལས་གཅིག་འཕགས་པ་རྐྱང་རྐྱང་དང་ཕྲད་སོང་བས་གུས་པས་ཟིན་བྲིས་སྤེལ་བའི་སྤོབས་པ་རྩ་བ་ནས་མི་འདུག རེད་དེ་ཉི་མ་ཞིག་འབྲི་རྩལ་ཧ་ཅང་མཐོན་པོ་ཞིག་ལ་ངས་མཆན་ཞིག་བྲིས་པས་ན། ཁོས་ལྟ་བ་ཀུ་དོག་དྲག་པས་ངའི་མཆན་ནང་གི་ཡིག་ནོར་བེད་སྤྱད་ནས་སྙིང་ལ་གྲི་བཙུག་པ་ནང་བཞིན་གྱིས་དམའ་འབེབ་དང་མཐོང་ཆུང་ཚད་ལས་བརྒལ་བ་བྱས་སོང་། ངེད་གཉིས་རྩོམ་རྩལ་ཁོ་ང་ལས་ནམ་མཁའ་ན་ཡོད་མོེད། ཚིག་རྩུབ་བེད་སྤྱད་རེས་བྱས་སྐབས་ང་ཁོ་ལས་དམན་པ་མི་འདུག རྗེས་མ་ཁོ་སྨྱོན་པ་ནང་བཞིན་ཆགས་ནས་ས་བཤད་རྡོ་བཤད་མང་པོའི་རྗེས་སུ་འབྲོག་པ་ཚོ་གྱོད་བཤད་ལ་བྱང་བས་གཡག་གི་ལྟ་བ་དེ་དག་ངས་མི་ཐུབ་གི་ཁྱེད་རང་རྒྱལ་བ་བྱོས་ཤེས་ནས་མཚམས་་བཞག་སོང་། དོན་ངོ་མ་ངས་འབྲོག་པའི་གྱོད་བཤད་ས་ཞིག་ཐོན་མྱོང་མེད་པའི་ང་ལ་ཁོས་འདི་ལྟར་གནས་ལུགས་མེད་པའི་ཚིག་རེ་སྤྱད་ཡོང་བར་ཡིད་ལ་དྲན་ན་མཚམས་རེར་དགོད་རྒྱུ་ཡོང་གི དེས་དེ་ནས་གལ་སྲིད་ང་ཀུ་དོག་གི་ལྟ་བ་ཁུར་བའི་རྩོམ་པ་པོ་ཞིག་ལས་ངོ་མ་འབྲོག་་པའི་གྱོད་བཤད་མཁན་ཞིག་ཡིན་ན་སྤྱི་ཚོགས་ལ་ཕན་ཐོག་གི་རེད་འདོད་པའི་ཚོར་བ་ཞིག་སྐྱེས་བྱུང་། གུས་པས་རང་ངོས་ཀྱི་བྱུང་བ་འདི་གླེང་དགོས་པའི་རྒྱུ་མཚན་ཟིན་བྲིས་པགསུ་ཡིན་རུང་རང་གི་སྐད་ཡིག་ལ་ཞབས་ཞུ་གཞིར་མ་འོངས་བར་རང་ཉིད་རྩོམ་པ་པོ་ཚད་ལྡན་ཞིག་དང་ཡང་ན་ཀློག་པ་པོ་ཡག་པོ་ཞིག་ཆགས་འདོད་ཡོད་རྒྱུ་རེད་འདོད་བྱུང་། གང་ལྟར་ཀུ་དོག་གི་ལྟ་བ་སྤང་ནས་ཀུན་སྤྱོད་གཙང་མ་ཞིག་གཞིར་བཞག་གིས་ང་ཚོ་མཉམ་དུ་འགྲོ་དང་དྲ་བདག་དང་ཟིན་བྲིས་ཡོངས་ཀྱི་ཕུགས་བསམ་ངོ་མར་བར་ཆད་ཡོང་གི་མ་རེད་འདོད་པ་དེ་ཡིན།

    Reply
  39. chentsasopa says:
    ལོ་ 16 སྔོན།

    ང་མཆན་བུ་འདེབས་མཁན་གཉིས་པ་རེད་འདུག

    Reply
  40. snowflake says:
    ལོ་ 16 སྔོན།

    བོད་ལགས། དེ་རིང་ཡིན་ན་མཆན་བཏབ་མཁན་ང་དང་པོ་རེད་འདུག དཔེ་མི་སྲིད་དགའ་སོང་།
    ངའི་བསམ་ཚུལ་ཞུའོ། ངས་ཟིན་བྲིས་བ་སུ་ཡིན་མིན་ལ་དོ་སྣང་དེ་ཙམ་མི་བྱེད། བརྗོད་བྱེད་ཚིག་ལའང་དེ་ཙམ་གལ་ཆེ་མི་བརྩི། བརྗོད་བྱའི་ནང་དུ་བསམ་བློ་གཏོང་སྟངས་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལགས། ཚང་མས་ང་ལ་ཕྱག་རྡེབ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese