ལྷ་ཆབ་སྦྱིན་པ།
ཟིན་བྲིས་བ་འདིས་སྤེལ་བའི་ཟིན་བྲིས་ཕལ་ཆེར་ཁྱབ་ཤོས་ཡིན་པར་མ་ཟད།ཁ་ཅིག་གི་ཟིན་བྲིས་ལྟར་ཤོག་གྲངས་དྲུག་ཡོད་ན་མཆན་ཕྱེད་ཀ་རང་གི་དེ་ཡིན་པ་ལྟ་བུ་མ་ཡིན་པར་དྲ་གྲོགས་ཚོར་བགྲོ་གླེང་གི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་ཟིན་བྲིས་སྤེལ་ཚད་སྤུས་དག་ལ་ཀློག་སྤྲོ་བ་འབའ་ཞིག་ཡིན།
འོ་ཐིགས།
ཟིན་བྲིས་མ་འདི་ནི་འུ་ཚོར་ཆེས་དཀོན་པའི་བུ་མོ་ཟིན་བྲིས་བའི་ནང་གི་གཅིག་རེད།འོ་ཐིགས་ཀྱིས་ཁ་ཡར་གདང་ན་བོད་དང་བོད་ཀྱི་སྐོར་ཡིན་ལ་ཁོ་མོས་སྤེལ་བའི་ཟིན་བྲིས་སུ་དྲ་གྲོགས་མང་པོས་འཚང་ཁ་ཤིག་ཤིག་གིས་འགྲོ་བ་དེ་བོད་ཀྱི་སྐོར་ཤེས་འདོད་ནས་འགྲོ་བ་ཞེ་གཅིག་ཡིན་མི་སྲིད་ཀྱང་བོད་ཀྱི་སྐོར་མང་པོ་ཞིག་ཤེས་སོང་བ་བདེན་པ་རེད།
བོད།ཤ་ཁྲག་རུས་གསུམ།
ཟིན་བྲིས་བ་འདི་ནི་འུ་ཚོས་མིག་དཔེར་བཟུང་ཆོག་བའི་ཟིན་བྲིས་བ་རྒན་རབས་ཤིག་རེད།ང་ཚོས་ཁོང་གི་ལྷག་བསམ་ལ་མིག་དཔེ་ལྟ་ཆོག་ལ་ངང་རྒྱུད་ལ་དེ་བས་མིག་དཔེར་བཟུང་ཆོག
ཨ་རིག་དགེ་མཐོང༌།
ཁོང་ནི་རབ་བྱུང་ཟིན་བྲིས་བ་ཞིག་རེད།ཁོང་གིས་སྤེལ་བའི་ཟིན་བྲིས་ཕལ་ཆེར་ཀུ་རེ་འདྲིས་ཡོད་པས་ཀློག་པ་པོར་ཉོབ་སྣང་དེ་ཙམ་མི་སྦྱིན་ལ་ཁ་མཚར་དང་ལྷན་དུ་དོན་དངོས་རེ་ངོ་སྤྲོད་བྱེད་པ་ནི་ཁོང་གི་ཁྱད་ཆོས་རྨ་མེད་པ་ཞིག་རེད།
མི་ནག་ཚང་ལུང་རིགས་རྒྱལ།
ཁོང་ནི་ཟིན་བྲིས་བ་རྒན་རབས་ཤིག་རེད།ཁོང་གིས་སྤེལ་བའི་ཟིན་བྲིས་ཡོད་ཚོད་གནོད་ལ་ཕིགས་པ་དང་ཁ་གསལ་བ་བཅས་ཀྱི་ཁྱད་ཆོས་ཡོད་པས་ཀློག་པ་པོར་སྤྲོ་སྣང་འབའ་ཞིག་སྤྲོད་འོང༌།
སྐར་ཁྲི་བཙན།
ཁོང་ནི་ཟིན་བྲིས་པ་རྒན་རབས་པ་བོད།ཤ་ཁྲག་རུས་གསུམ་ལྟར་སེམས་ཤུགས་ཉམས་པ་མེད་པའི་ཟིན་བྲིས་བ་ཞིག་ཡིན།ཁོས་སྤེལ་བའི་ཟིན་བྲིས་དང་ལྷག་པར་དུ་མཆན་དག་ལ་རྩེད་མཚར་འདྲིས་རུང་རྩེད་མཚར་འབའ་ཞིག་མ་ཡིན་པ།ལ་གཞས་འདྲེས་རུང་ལ་གཞས་འདྲིས་འབའ་ཞིག་མ་ཡིན་པ་བཅས་ཀྱི་ཁྱད་ཆོས་ཡོད་པས་དེང་གི་ལ་གཞས་ལེན་ས་མི་རྙེད་པའི་སྡུག་ཡུས་འཐེན་མཁན་ཚོས་ཁོང་ལ་མིག་དཔེ་བལྟས་ཆོག
སྦྲ་དཔལ་ལྡན།
ན་གཞོན་ཟིན་བྲིས་བ་འདི་ལ་ཟིན་བྲིས་ཀྱི་ཁ་གྲངས་དེ་ཙམ་མང་རྒྱུ་མེད་ལ་བྲིས་པ་ཕལ་ཆེར་སྙན་ངག་དང་སྙན་ངག་སྐོར་གྱི་དཔྱད་རྩོམ་ཡིན།སྙན་ངག་ལ་སྡང་བའི་སྡེ་འདི་ནས་ཁོའི་སེམས་ཤུགས་ཉར་ཐུབ་མིན་མི་ཤེས་ཀྱང་གལ་སྲིད་ཐུབ་ན་འུ་ཚོའི་བསྐུར་བར་འོས་བའི་ཟིན་བྲིས་བ་ཞིག་ཆགས་པ་ཐེ་ཚོམ་མེད།
ཟླ་བ་གཞོན་ནུ།
ཁོང་ནི་ན་གཞོན་ཟིན་བྲིས་བ་ཞིག་ཡིན་ལ་ཁོས་བྲིས་པ་དང་འབྲི་བཞིན་པའི་སྒྱུར་རྩོམ་དེ་དག་དུས་བབ་ཚང་ལ་ལེགས་སྐྱེས་རྨ་མེད་ཅིག་ཏུ་བརྩིས་ཆོག་སྙམ།ད་དུང་ཁོང་གི་སྙན་ངག་དག་གིས་ཀྱང་དུས་བབ་ཚང་ནས་གོ་ས་མི་དམན་པ་ཞིག་བཟུང་ཡོད།
ཁ་བ་དཀར་པོ།
ཟིན་བྲིས་པ་རྒན་རབས་པ་ཁོང་ནི་དུས་བབ་ཚང་གི་གཞོན་སྐྱེས་རྣམས་ལ་སྐུལ་མ་བྱེད་མཁན་དང་སེམས་ཤུགས་སྤར་མཁན་ཞིག་ཡིན་པས་མི་ཚད་རྩོམ་ལུས་གང་ཐད་ནས་ང་ཚོས་མིག་དཔེར་ལྟ་ཆོག་ཆོག་པའི་རྩོམ་པ་པོ་ཞིག་ཀྱང་ཡིན།
བདེ་ཆེན་སྒྲོལ་མ།
ཁོང་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་པའི་བུད་མེད་ཟིན་བྲིས་བ་ཞིག་ཡིན།ཁོང་གི་ལམ་སྔར་མ་ལྟར་ཕྱིན་ན་མུ་མཐུད་དགའ་བསུ་ཐོབ་པ་ཐེ་ཚོམ་མེད།ཡིན་ཡང་དེང་སང་ཁོང་གིས་མི་གཞན་གྱི་རྩོམ་རྙིང་འབའ་ཞིག་ཟིན་བྲིས་སུ་སྤེལ་བས་སྔར་མའི་བཀྲག་མདངས་བསྡད་མེད་མོད།སྔར་གྱི་ལམ་ལ་བསྐྱར་མཐུད་བྱེད་ཐུབ་ན་སྔར་བཞིན་དགའ་བསུ་ཐོབ་པ་ཐེ་ཚོམ་མེད།
ཉི་མ་མཚོ།
ཁོང་ནི་ཟིན་བྲིས་བ་གསར་བ་ཞིག་ཡིན་པས་བརྩམས་ཆོས་མང་པོ་མེད་མོད།ཁོང་གིས་ལམ་འདི་ནས་སྤོབས་པ་ཤོར་མ་སོང་ན་འུ་ཚོར་ཆེས་དཀོན་པའི་བུད་མེད་སྒྲུང་གཏམ་པ་ཞིག་ཆགས་ཐུབ་པའི་རེ་བ་མཆིས།
ངས་བལྟས་ན། རྩེ་ཕུད་བདམས་སྟངས་འདི་ཟིན་བྲིས་ཀྱི་ཁ་གྲངས་མང་ཉུང་ལ་གཙོ་བོར་བཞག་པ་འདྲ། དེ་ཙམ་གྱིས་ཡག་པོ་བྱུང་མི་འདུག ཟིན་བྲིས་པ་ཆོ་མེད་གཅིག་གཉིས་མ་རེད། མང་པོ་འདིའི་ནང་ལ་བཅུག་འདུག
དངོས་གནས་བྱས་ན། རྩེ་ཕུད་ཅིག་ཁང་གསར་རྡོ་རྗེ་རེད། དེ་ལ་རྩོད་པ་དགོས་དོན་མེད། ཟིན་བྲིས་ཀྱི་སྤུས་ཚད་དང་ནང་དོན་ཁྱབ་ཆེ་ཆུང་། ཐ་ན་མཆན་བཀོད་པ་ཁག་ལ་འགྲན་ཟླ་ཐུབ་མཁན་དཀོན་སེ་རེད།
དེ་ནས་བསེ་རུ་ཡག་པོ་འདུག ལྕགས་རྒྱ་འགྲམ་ནག་ཀྱང་ཡག་པོ་འདུག
རྒྱ་རགས་ལགས་ཚིག་པ་ཟ་ཡོད་པ་ འདྲ།དགོངས་དག་ངས་ཁྱེད་གཟས་ཏེ་ཁོག་ཁྲོ་སློང་བ་མིན།
ཡ་ཡ། ཡག་པོ་རེད་ཡག་པོ་རེད། ཡག་པོ་རེ་ཟུང་ལ་ངོ་བསྟོད་བྱེད་ཞོར་དུ་རང་གི་ཐབས་ཆག་དེ་ཚོ་ཡར་འཐེན་ཐབས་རེ་བྱོས་དང་དེ་ཡང་ཡག་པོ་རེད།
ཡ་ཡ་བདེན་མོ་རྗེས་སུ་ཁ་བརྡ་བྱེད་ཆོག།
གཡུ.དུག་སྦྲང་ལགས་ཕེབས་ཏེ་རང་གི་བསམ་ཚུལ་་ གསུངས་པར་ཐུགས་རྗེ་ཆེ།ངས་ཁང་གསར་རྩེ་ཕུད་དུ་མ་བདམས་པའི་རྒྱུ་མཚན་གོང་དུ་མཆན་འདེབས་པ་ཞིག་ལ་བཤད་ཟིན།དེ་ལས་རྒྱུ་མཚན་གམིགས་བསལ་ཞིག་མེད།
རི་བོང་ལགས་ཡང་ནས་ཡང་དུ་ཕེབས་ཏེ་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ།
གཅེན་པོ་ལའང་ཐུགས་རྗེ་ཆེ་ཞུ།
འོ་ཐིགས་ལགས་ངའི་ཟིན་བྲིས་སུ་ཕེབས་པ་ཐེངས་དང་པོ་ཡིན་པ་འདྲ།ཕེབས་ཏེ་སྐད་ཆ་འགའ་བཤད་པར་ཐུགས་རྗེ་ཆེ།
ཨ་རིག་ལགས་ཕེབས་ཏེ་བསམ་ཚུལ་གསུངས་པ་དང་སེམས་ཤུགས་སྤར་བར་ཐུགས་རྗེ་ཆེ།ངས་ཀྱང་དང་ཐོག་ནས་བསམ་ཚུལ་འདྲ་མིན་འོང་རྒྱུ་ཡིན་པ་ཤེས་ཡོད་ལ་དེ་དག་ལ་བཟོད་སྒོམ་བྱེད་དགོས་པའང་ངའི་ལས་འགན་དུ་བརྩིས་ཡོད།དེར་མ་ཟད་ང་ཟིན་བྲིས་སུ་ཞུགས་ནས་ཡུན་རིང་མ་སོང་བས་ངས་བདམས་སྟངས་ལའང་ནོར་བ་ཡོད་ཅི་ལ་མི་སྲིད།ཐུགས་རྗེ་ཆེ།
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། ཁྱེད་ཀྱིས་ཕྲན་ཟིན་བྲིས་སྤེལ་མཁན་ཡག་ཤོས་བཅུའི་ནང་དུ་བདམས་པ་དེས་ཕྲན་ལ་སྔར་ལས་མི་འདྲ་བའི་སེམས་ཤུགས་ཤིག་སྤྲད་སོང་། མི་སུ་ཡིན་ན་སྟོད་ན་དགའ་བ་ནི་སོ་སོའི་སྐྱེས་བོའི་རང་གཤིས་རེད། འོན་ཀྱང་དྲང་མོར་བཤད་ན་ང་ནི་དུས་བབ་ཚང་ནས་རྙོག་བཤད་རྒྱག་མཁན་ཞིག་ལས་ཅི་ཡང་མིན། མཆན་འདེབས་མཁན་ཚོས་ནམ་རྒྱུན་ཕྲན་གྱི་རྩོམ་རྙོག་ཚོ་ཀློག་པ་དེས་ང་ནམ་ཡང་དྲ་ཐོག་འདི་དང་ཁ་འབྲལ་མི་ཐུབ། ཁྱེད་ཀྱིས་འདི་ལྟར་བདམས་དུས་མི་མང་གིས་རང་གི་འདོད་མོས་དེ་མ་འདེམས་དུས་བསམ་འཆར་འདྲ་མིན་ཡོང་སྲིད་པ་རེད། དེ་དག་ལ་ཁྱེད་ཀྱིས་བཟོད་བསྲན་བྱེད་རོགས་གནང་། མ་གཞི་ཉིན་འགའ་གུང་གསེང་ཡིན་པས་ང་དེ་རིང་མ་གཏོགས་ཟིན་བྲིས་སུ་འཛུལ་མ་ཐུབ། དེ་རིང་ཁྱབ་ཤོས་ནང་ནས་ཁྱེད་ཀྱི་ཟིན་བྲིས་འདི་ཀློག་ནས་ལན་ཐུང་འདི་ཕུལ་བ་ཡིན་ལ། ཞོར་དུ་ཁྱེད་ཀྱིས་ཕྲན་ལྟ་བུའི་རྩོམ་རིག་ལ་དུང་མཁན་ཞིག་ལ་སྐུལ་ལྕག་ཐེངས་ཤིག་སྤྲད་པ་ནི་ནམ་ཡང་བརྗེད་མི་སྲིད། བཀའ་དྲིན་ཆེ།
དྲ་གྲོགས་ཤ་ཀླན་འཇམ་དབྱངས་གྲགས་པ་ལགས།
འོ་ཐིགས་ཟིན་བྲིས་པ་རྩེ་ཕུད་ཀྱི་གྲས་སུ་བཙུད་པ་ཡིན་ན།
དྲ་གྲོགས་ཚང་མ་རྩེ་ཕུད་ཡིན་ངེས་རེད། ངས་འདི་ནས་ལད་མོ་ལྟ་བུ་རེ་འབྲི་ཁུལ་གྱིས་
དྲ་གྲོགས་ཚོར་མིག་དཔེ་བལྟ་ཞོར་་་སྦྱོང་བརྡར་རེ་བྱེད་ཀྱིན་པ་ལས།
གཞན་ལས་ལྷག་པ་གང་ཡང་འབྲི་ཤེས་ཀྱི་མེད། འདི་ངོ་མ་ཡིན།
ཁྱེད་ཀྱིས་གདེང་འཇོག་བྱས་པར་ཐུགས་རྗེ་ཆེ།
ཞོར་དུ་དྲ་གྲོགས་འཁྱམ་པོ་དང་གནམ་སྔོན་པོ་ཟུང་ལ་ཞུ་རྒྱུར།
འོ་ཐིགས་མས་བུད་མེད་ཀྱི་ཐོབ་ཐང་མི་རྩོད་ལ་ཐོབ་སྐལ་ནི་དེ་བས་ཀྱང་མི་རྩོད།
འདི་ཐུགས་ལ་འཛིན་རོགས།
ངས་གང་འཇོན་པ་དེ་ལས་་་ང་ལ་གང་ཐོབ་པ་དེ་ངས་ནམ་ཡང་མི་ལེན།
ཧ་ཧ་འགྲིགས་དང་མི་འགྲིགས་ཞུ་མ་སྤོབས།།
ལྷ་ཆབ་དང་། ལུང་རིགས། ཁ་བ་དཀར་བོ་བཅས་འདེམས་པ་འགྲིག་གི་གཞན་པ་ཚོ་ཅང་མི་ཤེས།
ཁོང་ཅིའི་ཕྱིར་རྩེད་ཕུད་བཅུའི་གྲས་སུ་མ་གདམས་པ་ཡིན་ ?
སྐུ་ཞབས་་་འཇམ་དབྱངས་གྲགས་པ་ལགས་ཁྱོད་ཀྱི་དུས་བབས་ཚང་གི་ཆེས་ཕུལ་ཏུ་བྱུང་བའི་ཟིན་བྲིས་བ་གཅིག་བརྗེད་འདུག་། ཁོང་ནི་་ཁང་གསར་རྡོར་རྗེ་ལགས་རེད་། ཆ་རྒྱུས་མེད་མཁན་ཡོད་ན་ཐེངས་གཅིག་ཕེབས་དང་།ཁོང་གི་ཟིན་བྲིས་དག་ནི་སྙན་ངག་མིན་ལ་རྩེད་མཚར་ཀྱང་མིན་། ཁོང་གིས་དུས་རབས་འདིའི་སྤྱི་ཚོགས་ཀྱི་སྣང་བརྙན་ཡོད་ཚད་དམར་རྗེན་དུ་རི་མོར་ཕབས་ཡོད་། འཚོ་བའི་ཉམས་མྱོང་དང་ཞིབ་འཇུག་གང་གི་ཆ་ནས་ཀྱང་ཚད་ལྡན་རེད་།
གནམ་སྔོན་པོས་མི་འཁྱམ་གྱི་མཆན་དེ་བཟོ་བཅོས་ཅུང་ཟད་དང་བཅས་བཀོད་པ་ཐུགས་རྗེ་ཆེ།ད་དུང་ཞོར་དུ་བསམ་ཚུལ་གསུངས་པའང་ཐུགས་རྗེ་ཆེ།
ལྷ་ཆབ་སྦྱིན་པ།
ཟིན་བྲིས་ནང་རྩོམ་ཡིག་གི་ཁ་གྲངས་ཐད་ནས་ཡིན་ན་འགྲིག་འདུག སྤུས་ཀའི་ཆ་ནས་ཡིན་ན་ནོར་འདུག
འོ་ཐིགས།
བུད་མེད་ལ་དམིགས་བསལ་ཡིན་ན་འགྲིག་འདུག ཚད་གཞི་ཞིག་བཤད་ཀྱི་ཡོད་ན་ནོར་འདུག
བོད་ཤ་ཁྲག་རུས་གསུམ།
གྲངས་འབོར་གྱིས་བཞག་ཡོད་ན་འགྲིག་འདུག རྩོམ་རྩལ་གྱིས་ཡིན་ན་ནོར་འདུག
ཨ་རིག་དགེ་མཐོང༌།
མི་འགྲིག་ས་ཞིག་ཡོད་པ་ནི། ཁོང་གི་གཤིས་ཀ་འཚུབ་ཏོ་དེས་ཡིག་ནོར་ལ་སྣང་མེད་བྱེད་པ་དེ་རེད། དེ་མིན་འགྲིག་པ་འདྲ་ཞིག་རེད།
ལུང་རིགས།
འདི་འགྲིག།
སྐར་ཁྲི་བཙན།
ཁོ་རང་གིས་ཁོ་རང་གླེང་ནས་འདུག དེ་ཡིན་རྒྱུ་རེད། རེ་བ་ཅན་ཞིག་ཡིན།
སྦྲ་དཔལ་ལྡན།
ཡིག་ནོར་སྤེལ་མཁན་གྱི་ཆ་ནས་འདེམས་པ་ཡིན་ས་རེད། དེ་མིན་འདིས་གང་ཡང་བྲིས་མེད།
ཟླ་བ་གཞོན་ནུ།
འདི་འདྲ་ད་དུང་མང་པོ་ཡོད་པ་རེད། ཡིན་ནའང༌། ཁོང་ནི་འདམས་དགོས་ངེས་རེད།
ཁ་བ་དཀར་པོ།
འགྲིག
བདེ་ཆེན་སྒྲོལ་མ།
གཞན་རྩོམ་བཀོད་མཁས་ཀྱིས་འདེམས་ཡོད་ན་འགྲིག འགན་ཁུར་གྱི་ཆ་ནས་ཡིན་ན་ནོར།
ཉི་མ་མཚོ།
བུད་མེད་ལ་དམིགས་བསལ་གྱིས་ཡིན་ན་འགྲིག གཞན་འདི་འདྲའི་གྲས་ལ་བཞག་པའི་རྒྱུ་མཚན་མཐོང་དཀའ།
མི་འཁྱམ་ལགས་ཀྱི་གསུངས་ལ་ཡི་རངས་ཡོད།
ཅུང་བཟོ་བཅོས་དང་བཅས།
ཁང་གསར་དང་གནམ་ལྕགས་སོགས་མ་འདེམས་པ་ནི་འགྲིག་འདུག
ཁང་གསར་གྱིས་རང་གི་བུ་གུའང་བདག་བྱེད་ཐུབ་ཀྱིན་མི་འདུག་ལ་གནམ་ལྕགས་ཀྱིས་རང་གི་ལྟ་གྲུབ་ཡིན་པར་རློམ་པའི་རྫུན་མང་བོ་ཞིག་ཀྱང་བཤད་དང་ཤོད་བཞིན་པ་རེད།
གངས་གླིང་ལགས།མཁྲིས་ནད་ཅན་གྱིས་ཆོས་དུང་དཀར་པོར་མཐོང་དཀའ་ཡ།
གོང་དུ་འཁྱམ་པོས་བཤད་པ་དེ་བདེན་པ་བདེན་ཐོག་ལ་གནས་ཡོད་ཁུ། ཤེས་ཡོན་དང་རྩོམ་པ་པོ་སོགས་ལ་རྩེ་ཕུད་དང་བཟང་ངན་ལེགས་ཉེས་འབྱེད་རྒྱུ་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད་ལ་། ཁྱེད་འདྲ་བ་མི་བླུན་རྒན་ཞིག་གིས་འབྱེད་ཐུབ་པ་ཞིག་དེ་ལས་ཀྱང་མ་རེད། ཁྱེད་ཀྱིས་རང་གི་ཚད་གཞི་གང་འདྲ་ཞིག་ནས་ཡོད་པ་རྟོགས་པར་བྱེད་གལ་ཆེ།
བོད།ཤ་ཁྲག་རུས་གསུམ་ཕེབས་པ་དགའ་བྱུང༌།རང་ཉིད་དམན་ས་འཛིན་ཏེ་སྐད་ཆ་འགའ་བཤད་པ་ལའང་ཡི་རང་ཞུ།ཁྱེད་ཀྱིས་གསུངས་པ་བཞིན་ངས་ཁྱེད་༼རང་གི་སེམས་པ་བོད་ལ་འཁོར་བའི་སེམས་སྡུག་མ་ཆགས་པར་ལག་འགུལ་བཞིན་ཡོད་པས་༽བདམས་པ་ཡིན།ང་ཚོར་ད་དུང་ལག་པ་འདི་འདྲ་འགུལ་མཁན་མང་པོ་དགོས་ཡ།
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། དགོངས་དག་དེང་སང་དུས་བབ་ཚང་ལ་ཟིན་བྲིས་སྤེལ་མཁན་གྱི་ཟིན་བྲིས་པ་དང་། ཤེས་ཡོན་ཅན་དང་རྩོམ་པ་པོ། སྙན་ངག་པ་སོགས་ཇེ་མང་དུ་སོང་ཡོད་སྟབས། དེ་རིང་བར་དུ་སྐུ་ཉིད་ཀྱིས་ཟིན་བྲིས་པ་བཅུ་ཞིག་བདམས་ཡོད་པ་མཐོང་མ་སོང་། དེའི་ཁྲོད་དུ་ང་ལྟ་བུ་ཤེས་ཡོན་མེད་པ། དག་ཆ་མེད་པ། རྩོམ་ཡིག་འབྲི་མི་ཤེས། རྙོག་གཏམ་བཤད་དེ་ཉིན་མ་འཕུད་མཁན། རང་གི་སེམས་པ་བོད་ལ་འཁོར་བའི་སེམས་སྡུག་མ་ཆགས་པར་ལག་འགུལ་བཞིན་ཡོད་པ་ལས། གང་ཡང་མེད་མཁན་ཞིག་ཟིན་བྲིས་པ་བཅུའི་ནང་དུ་བདམས་པ་དེ་ནི་སྐུ་ཉིད་དངོས་ནས་ནོར་བ་རེད་ལགས། སྐུ་ཉིད་ཀྱིས་རང་གི་བསམ་ཚུལ་དེའི་ཁྲོད་ནས་བདག་གི་མིང་དེ་ཕྱིར་འཐེན་རྒྱག་རོགས་ཞུ། ཐ་ན་ང་རང་ལ་ཡི་གེའི་དག་ཆ་ཡག་པོ་ཞིག་ཀྱང་མེད་པ་ཡིན་ལགས།
འབུར་ཐོ་ལགས་ཕེབས་པ་དགའ་བསུ་ཞུ།བསམ་ཚུལ་གསུངས་པ་དེ་བས་དགའ་བྱུང༌།
ཆ་ཆད་འདུག་དགོངས་དག
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། སྤྱིར་ན་ཁྱོད་ཀྱིས་རྒྱ་ཆ་རྒྱབ་ཆོག་གི་རེད། ཡིན་ནའང་། འདི་ལས་སླ་བོ་མ་རེད། ངས་བལྟས་ན་ཁྱོད་ཀྱིས་དྲ་ཚིགས་ནང་གི་ཡག་ཤོས་དེ་ཚོ་སྐད་བཏང་ནས་ལས་དཀའ་དེ་དབུ་འཛུགས་གནང་ན་ཡག་པོ་རེད། ཕལ་ཆེར་ད་ལྟའི་རྒྱ་འདི་ལྟར་ན་རྩོམ་པ་པོ་རྩེ་ཕུད་མང་པོ་ལྷག་འདུག ཡང་ངས་ཁྱོད་ཀྱིས་བདམས་པ་དེ་ཚོ་ལ་ཤེས་ཡོན་མི་འདུག་ལབ་ཀི་མེད། དེ་གནད་གཅིག་རེད།
མགྲིན་ཟབ་ལགས་ཀྱིས་གསུངས་པར་རྒྱུ་མཚན་འདུག ཡིན་ཡང་ངས་སྔར་བཤད་ཟིན་པ་ལྟར་མོས་ཕྱོགས་ཙམ་ཞིག་དང་ཁྱབ་ཆེ་མིན་ལ་བལྟོས་ཏེ་བདམས་པ་ཡིན།བདམས་སྟངས་དེ་མི་འགྲིག་ཀྱང་སྲིད།དེ་ལ་ཁྱེད་ཀྱིས་བསམ་ཚུལ་འདོན་ཆོག གཞན་ཞིག་ཞུ་རྒྱུར་བོད་ཀྱི་ཨང་ཀི་དེ་ཇི་ལྟར་བཏགས་དགོས།ང་ལ་ཅིག་བསླབས་ན་ཅི་འདྲ་རེད།
དེ་འདྲ་ཡིན་ན་བཤད་ཡ་གང་ཡང་མེད། རྩེ་ཕུད་བཅུ་ཞེས་པ་ནི་དབྱིན་ཡིག་གི་ནང་དུ། Top Ten ཟེར་བ་དེའི་དོན་རེད་དམ། ཡིན་ཚེ་རྩེ་ཕུད་ཀྱི་རྩེ་དེ་སྒང་ན་ཡོད་དམ་འོག་ན་ཡོད། རྩི་སྟངས་གཉིས་འདུག དང་པོ་ནི། ༡། ༢། ༣། ༤། ༥། ༦། ༧། ༨། ༩། ༡༠། ལྟར་དང་། གཞན་པ་དེ་ ༡༠། ༩། ༨། ༧། ༦། ༥། ༤། ༣། ༢། ༡། འདི་ལྟར་རེད།
རྩི་སྟངས་འདི་གཉིས་ཀྱི་གཅིག་ཀྱང་མིན་པར་དཀྱུས་གཅིག་ཏུ་བྱས་ཡོད་ཚེ་དགའ་རབ་སྐོར་ཞིག་གི་ངོ་བོར་བཞག་ན་ལེགས་པར་འདོད། འདི་བསམ་ཚུལ་ཙམ་ཡིན།
ཉི་ཟླའི་མགྲོན་བདག་ལགས་ཕེབས་པས་དགའ་བྱུང་།ཡིན་ཡང་ཁྱེད་ཀྱི་མཆན་དེ་ལ་གོ་བ་ཅི་ཡང་མི་འདུག་པས་གསུབ་ཚར།ཉིན་འགའི་སྔོན་དུ་རྒྱ་རག་གིས་ཀྱང་མཆན་དབྱིན་མིན་བོད་མིན་གོ་བ་མེད་པ་འགའ་སྤེལ་བས་ངས་དེ་དུས་གསུབ་ཟིན།དགོངས་དག་གྲོགས་པོ་གཉིས།
མགྲིན་པ་ཟབ་མོ་ཕེབས་པས་དགའ་བྱུང་།ངའང་གནམ་ལྕགས་དང་ཁང་གསར་གཉིས་ཀྱི་རྩོམ་ལ་དགའ་བོ་ཡོད།ཡིན་ཡང་འདིར་མི་བཅུ་ཞིག་དཔེ་མཚོན་ཙམ་ཞུས་པ་ལས་ཁོ་ཚོའང་ངོ་མ་ང་ཚོ་དུས་བབ་ཚང་གི་མྱི་རུས་པ་ཅན་དག་དག་རེད།
གྲོགས་པོ་ལགས། ཁང་གསར་རྡོ་རྗེ་ཟེར་བ་དེ་བརྗེད་མི་ཉན། ཁོ་ཟིན་བྲིས་སྡེ་ཚན་འདིའི་ནང་གི་ཀ་བ་འདྲ་བོ་བྱས་ནས་ལངས་འདུག དུས་བབ་ཚང་གི་མཆན་མཁན་གྲགས་ཅན་གཉིས་ཀྱི་གཅིག་རེད་ཅེས་ཚང་མ་ཁ་མཉམ་གྲགས་རེད་འདུག
གནམ་ལྕགས་ཟེར་བ་འདི་ཡང་སྤྱི་ཚོགས་ཀྱི་གནད་དོན་སྒང་ལ་དཔྱད་པ་བྱས་ནས་རྩོམ་ཡིག་འབྲི་མཁན་ཞིག་རེད། སྣང་བ་སྐྱིད་པོའི་རྩོམ་ཡིག་ཀྱང་འབྲི་གིན་འདུག
ཨ་རིག་འགྱུར་མེད་ཟེར་བ་དེ་ཡང་རེ་བ་ཅན་གྱི་ཁོངས་སུ་ཡོད་པ་འདྲ།
དྲ་གྲོགས་གསར་བ་མི་འཁྱམ་ཕེབས་པར་རྟེན་འབྲེལ་ཞུ།བསམ་ཚུལ་གསུངས་པར་དེ་བས་དགའ་བྱུང༌།ང་ཚོས་ཕར་ཚུར་བསྟོད་ར་འབའ་ཞིག་བཏང་ནས་བསྡད་པ་ལས་བསམ་ཚུལ་རེ་གསུངས་ན་དགེ་ཕན་ཆེ་ཨང༌།
ལྷ་ཆབ་སྦྱིན་པ།
ཟིན་བྲིས་ནང་རྩོམ་ཡིག་གི་ཁ་གྲངས་ཐད་ནས་ཡིན་ན་འགྲིག་འདུག སྤུས་ཀའི་ཆ་ནས་ཡིན་ན་མོར་འདུག
འོ་ཐིགས།
བུད་མེད་ལ་དམིགས་བསལ་ཡིན་ན་འགྲིག་འདུག ཚད་གཞི་ཞིག་བཤད་ཀྱི་ཡོད་ན་ནོར་འདུག
བོད་ཤ་ཁྲག་རུས་གསུམ།
གྲངས་འབོར་གྱིས་བཞག་ཡོད་ན་འགྲིག་འདུག རྩོམ་རྩལ་གྱིས་ཡིན་ན་ནོར་འདུག
ཨ་རིག་དགེ་མཐོང༌།
མི་འགྲིག་ས་ཞིག་ཡོད་པ་ནི། ཁོང་གི་གཤིས་ཀ་འཚུབ་ཏོ་དེས་ཡིག་ནོར་ལ་སྣང་མེད་བྱེད་པ་དེ་རེད། དེ་མིན་འགྲིག་པ་འདྲ་ཞིག་རེད།
ལུང་རིགས།
འདི་འགྲིག་པ་དེ་རེད།
སྐར་ཁྲི་བཙན།
ཁོ་རང་གིས་ཁོ་རང་གླེང་ནས་འདུག དེ་ཡིན་རྒྱུ་རེད། རེ་བ་ཅན་ཞིག་ཡིན།
སྦྲ་དཔལ་ལྡན།
ཡིག་ནོར་སྤེལ་མཁན་གྱི་ཆ་ནས་འདེམས་པ་ཡིན་ས་རེད། དེ་མིན་འདིས་གང་ཡང་བྲིས་མེད།
ཟླ་བ་གཞོན་ནུ།
འདི་འདྲ་ད་དུང་མང་པོ་ཡོད་པ་རེད། ཡིན་ནའང༌། ཁོང་ནི་འདམས་དགོས་ངེས་རེད།
ཁ་བ་དཀར་པོ།
འདི་འདམས་པ་འགྲིག
བདེ་ཆེན་སྒྲོལ་མ།
སྤོབས་པ་དང་རྩོམ་རྩལ་གྱི་་ཆ་ནས་འདེམས་ཡོད་ན་འགྲིག འགན་ཁུར་གྱི་ཆ་ནས་ཡིན་ན་ནོར།
ཉི་མ་མཚོ།
བུད་མེད་ལ་དམིགས་བསལ་གྱིས་ཡིན་ན་འགྲིག གཞན་འདི་འདྲའི་གྲས་ལ་བཞག་པའི་རྒྱུ་མཚན་མཐོང་དཀའ།
གཉན་པོས་ང་ལ་གདེང་འཇོག་བྱས་པ་ཐུགས་རྗེ་ཆེ།ཡིནཡང་ངས་དེ་ལྟ་བུ་མི་འཇོན་པ་རང་བློ་རང་གི་ལྐོག་ཏུ་མ་གྱུར་བ་ཡིན་པས་ཁོ་བོས་ཤེས།ཨོ་དྲ་གྲོགས་ལགས་ངས་ཁྱེད་ལ་འཚམས་འདྲི་ཞུ་རྒྱུའང་བརྗེད་འདུག ཁྱེད་དང་གནམ་སྔོན་མོ་གཉིས་མི་གཅིག་ཡིན་ནམ།ཡིན་ན་ངས་མཉམ་དུ་འཚམས་འདྲི་ཞུ་ཆོག་པ་གྱིས།
ངས་བསམ་ན་ཤ་ཀླན་འཇམ་དབྱངས་གྲགས་པ་སྐུ་ཉིད་ཀྱང་ཟིན་བྲིས་པ་རྩེ་ཕུད་དུ་བགྲང་རུང་བར་འདོད་ཀི རྒྱུ་མཚན་ནི་རྩོམ་པ་པོ་ལུང་རིགས་རྒྱལ་དང་ཁ་བ་དཀར་བོ། ལྷ་ཆབ་སྦྱིན་པ་བཅས་མ་གཏོགས་ཁྱེད་ལ་འང་གཞན་པ་བ ོདེ་དག་དང་འདྲ་ས་མང་གི
ཨ་ཨ་ཨ་དྲ་གྲོགས་ལགས་ཁྱེད་ཀྱི་ནོར་འཁྲུལ་དེས་ངའི་ཕྲག་ཐོག་ཏུ་ཁུར་བོ་ལྗིད་སྙིང་ཅན་ཞིག་བཞག་ཐལ། ཨཡ་ཁྱེད་ངོ་མ་ནོར་ཐལ། ང་བོད་ཡིག་གི་རྨང་གཞི་སྲབ་པའི་མི་ཚད ངའི་ལྟ་བ་ཕྱིན་ཅི་ལོག་རེད་ཡ ངས་དུས་རྒྱུན་དྲག་པོའི་ལས་འགུལ་རྐྱང་རྐྱང་སེམས་ལ་དྲན་བཞིན་ཡོད་རེད ད་ལྟ་བར་དུ་ཟིན་བྲིས་དྲ་ཐོག་ཏུ་གཅིག་ཤོར་སོང་བ་ལས། གཞན་ཤོག་སྙིགས་ལུང་བ་གང་་ཉར་ཚགས་བྱས་ནས་བཞག་ཡོད་ནམ་ཞིག་གོ་རེ་ཨེ་ཆོད་སྙམ་སོང་། ཟིན་བྲིས་ཟེར་བ་འདི་ང་ལ་མཚོན་ན་རང་གི་གང་བསམ་བློ་གཏོང་གི་ཡོད་ན་དེ་ཚིག་སྦྱོར་སོགས་གང་ཅི་ཐད་ནས་ཡོང་མི་མ་གཏོགས། བསམ་བློ་གཞན་པ་ཞིག་ལ་ཨུ་ཚུགས་བྱ་དགོས་དུས་ཁྱོན་ནས་ཡོང་གི་མི་འདུག ད་ངས་རྗེས་མ་དྲ་གྲོགས་ཁྱེད་ཀྱི་རེ་བ་ཆུད་ཟོས་སུ་གཏང་གི་རེད། ཨ་ཡ་ཁྱོད་འདི།
ངས་བུད་མེད་ལ་དམིགས་བསལ་གང་ཡང་སྤྲོད་མེད།ཁག་གཅིག་ཀློག་པ་པོའི་དགའ་མོས་བྱས་མི་ལ་བལྟས་ཡོད་ལ་འགའ་ཞིག་ངའི་འདོད་ཕྱོགས་ལྟར་བདམས་ཡོད།ཡིན་ཡང་འདི་བཅུ་བོའི་ནང་ངའི་དགའ་ཉེ་གཅིག་ཀྱང་ཚུད་མེད།དེ་ནི་གསལ་བཤད་ཙམ་ཡིན།
བསམ་བློ་གནད་དུ་བབ་པའི་ཟིན་བྲིས་བླ་མེད་ཅིག་སྤེལ་འདུག མ་འོངས་མངོན་མཁྱེན་ལོས་ཡོད་སྙམ་པའི་ཟིན་བྲིས་རབ་ཅིག་སྤེལ་འདུག
ཨོ་རེད། མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་འབྲི་ཤེས་བ་དེ་། ཆོས་པ་བླ་ན་མེད་པ་དེའི་དགེ་མཚན་ཉག་གཅིག་ཏུུ་བགྲང་རྒྱུ་ན་ཁྱེད་ཀྱི་བཤད་སྟངས་འདིར་ཧ་ཅང་འགྲིག་པ་ལོས་ཡིན་འདོད་ཀི། ང་ཚོའི་ངོ་གདོང་ཇེ་གསལ་ཡིན་པ་འདིས་ནི་ང་ཧ་ཅང་དགའ་ནས་ཡོད། བསམ་བློ་གནད་དུ་བབ་པའི་ཟིན་བྲིས་བླ་མེད་ཅིག་སྤེལ་འདུག མ་འོངས་མངོན་མཁྱེན་ལོས་ཡོད་སྙམ་པའི་ཟིན་བྲིས་རབ་ཅིག་སྤེལ་འདུག
བདེ་ཆེན་སྒྲོལ་མས་བུད་མེད་ཅིག་གི་མིང་འཁྱེར་ནས་བཙན་བྱོལ་དུ་བུད་མེད་ལ་དམིགས་བསལ་ཡོད་པའི་ཁེ་སང་ཟ་འདོད་རེད།
བདེ་ཆེན་སྒྲོལ་མས་གཞན་རྩོམ་རྐུས་བཀོད་བྱེད་པས། ཁོང་རྩེ་ཕུད་དུ་ཚུད་པ་ལ་ཅུང་ཡ་མཚན་སོང༌།
ཁོ་རང་བུད་མེད་མིན་པ་ནི་མཁྱེན་ལྡན་རྣམས་ལ་གསལ་བོ་ཡིན།
ཁོང་གིས་བུད་མེད་ཅིག་གི་མིང་འཁྱེར་ནས་བཙན་བྱོལ་དུ་བུད་མེད་ལ་དམིགས་བསལ་ཡོད་པའི་ཁེ་སང་ཟ་འདོད་རེད།
གཞན་རྣམས་མི་འགྲིག་རྒྱུ་མི་འདུག་སྙམ།
བསམ་ཚུལ་བཏོན་པར་དགའ་བསུ་ཞུ། ལུགས་སྲོལ་འདི་མི་ཆོག་རྒྱུ་མེད་ཀི ཡིན་ནའང་བུ་ཚོ་དམིགས་བསལ་གིས་འདེམས་འདུག དེ་རྒྱུ་མཚན་ཅིག་ཡོད་ཀྱི་རེད།