ང་དགུ་ལོ་ནས་བཟུང་དེ། ༧གོང་ས་མཆོག་གིས་དབུ་སྣ་དྲངས་དེ། བོད་འདི་རྒྱལ་ཁབ་མེད་སྐྱབས་བཅོལ་བ་ཞིག་ཆགས་པ་དེ་ནི་ཁྱེད་ཅག་གི་ཐུགས་སུ་ཡོད་པ་ནི་བཤད་མ་དགོས་པ་ཞིག་ཡིན། སྐབས་དེའི་བོད་མི་རྒན་རབས་པ་དག་གི་མི་ཚེའི་འཚོ་བ་ནི། ལྟོ་གྲང་ན་རྒྱབ་མི་གྲང་བའི་ཚད་དུ་ལྷུང་བ་ནི། ད་ལྟའི་འཆར་གསོན་པར་བཞུགས་ཡོད་པའི་བོད་མི་རྒན་རབས་པ་དག་ལ་སྐད་ཆ་དྲིས་ཀྱང་། འདྲི་ས་ཡོད་པ་ཁྱེད་ཅག་གིས་མཁྱེན་གསལ་རེད། ལོ་ཟླ་དེ་དག་ལ་རྒན་རབས་པ་དག་གིས་གདོང་ལེན་གནང་དེ། ད་ལྟའི་ཁྱེད་ཅག་གི་རྐུབ་སྟེགས་དང་གོ་གནས་དེ་དག་རིམ་གྱིས་མངོན་གྱུར་བྱུང་བ་རེད།
ཁོང་ཚོས་རང་གི་ལྟོ་གྲང་མིན་དང་རྒྱབ་གྲང་མིན་ལ་མ་བལྟས་པར་བོད་ཟེར་བ་འདི་གཅིག་ལས་གཉིས་མེད་པའི་ལམ་སྣེར་དྲངས་པ་དེ་ཡང་། ཁ་སང་དེ་རིང་གི་སྤྱི་འཐུས་ཁྱེད་ཚོ་བཞིན། རྒྱལ་ཁབ་མེད་པར་བསམ་བློ་གཏོང་མི་ཐུབ་མཁན། སྐྱབས་བཅོལ་བའི་གཞུང་ཞིག་ལ་འགན་མི་འཁུར་བའི་མི་སྣ་བྱེད་གཅིག་ལ་དབང་བའི་ལས་ཁུངས་ཞིག་དུ་ཆགས་པར་རེ་བ་བརྒྱབ་མྱོང་མེད་ལ། རྨི་ལམ་ལ་ཡང་རྨིས་མེད་ཚོད་ཡིན།
ཁོང་ཚོས་རང་གི་རྒྱལ་ཁབ་སླར་གསོ་དང་། སྐྱབས་བཅོལ་བའི་ལས་དབང་འོག་ནས་ཐར་རྒྱུར་རེ་བ་བྱོས་ཡོད་ལ། རང་གི་རྒྱབ་ཁབ་སྐྱོང་མཁན་གྱི་རིགས་ཞེན་ཅན་ཤ་སྟག་ལས། ལུང་ཁུག་རེ་ཟུང་གི་ཕྱོགས་རིས་པ་བསྐོར་ཞིག་གིས་བོད་མི་མང་གི་ངོ་ཚབ་མཚོན་པའི་གཞུང་འདི། ཁྱེད་ཅག་ལྟ་བའི་ཁེངས་རློམ་དང་རིགས་ཞེན་ལ་བརྩེ་དུངས་ཟབ་མོ་མེད་མཁན་མི་ཉུང་བ་ཞིག་་གིས་སྐུ་རྩེད་བྱེད་ས་དང་ཉི་མ་འཕུད་ས་ཞིག་ཆགས་པར་ནམ་ཡང་དྲན་མྱོང་མེད་ངེས་ཡིན།
མཐའ་དོན་ནི། སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་བཞུགས་མཁན་དང་། སྤྱི་འཐུས་ལས་ཐོག་པ། འབྱུང་འགྱུར་གྱི་སྤྱི་འཐུས་པ་སུ་ཞིག་ཡིན་ཡང་། བདག་གིས་ལག་པ་ཐལ་མོ་སྤྱར་ནས་ཞུ་བ་ཞིག་བྱེད། བཙན་བྱོལ་བོད་གཞུང་གི་རྐུབ་སྟེགས་ཡོད་ཚད་མི་རིགས་ཤིག་གི་དར་རྒུད་དང་འཇིགས་ཉེན་དང་འབྲེལ་བ་ཡོད་དུས། རྐུབ་སྟེགས་དེར་བཞུགས་མཁན་སུ་བྱུང་ན། བོད་ཟེར་བའི་མིང་གི་སྤྱི་དོན་ལས་རང་སྒེར་གྱི་ཁེ་ཕན་ཕྲན་པུ་བེད་སྤྱོད་བྱེད་ས་མིན་པ་ཐུགས་སུ་འཇགས་པར་འཚལ་ལོ།
སྤྱི་འཐུས་ཀྱི་ཚོགས་འདུའི་བསྐོར་གྱི་གནས་ཚུལ་དེ་ལ་འདང་རྒྱག་གིན་རྒྱག་གིན་སེམས་ན་བ་ཞིག་འདུག་སྟབས། ལས་ཀའི་བར་གསེང་དུ་ཐབ་ཚང་ནང་དུ་ཤར་མར་བྲིས་དེ་ཕུལ། ༢༢།༠༩།༠༩
དེས་ན་དེ་ལྟར་བྱོས། རང་རང་གི་བསམ་ཚོད་ཅིག་གི་བདེན་པ་ཁུངས་འཁྱོལ་མིན་ཞིག་ལ་རྩོད་པ་རྒྱོབས་ཤིག ཨ་ལ་ཀུ་རེ་མིན་ན་དཀར་རོའི་དགེ་བ། ཁྱེད་རྣམ་པ་གཉིས་ཀྱིས་འདི་རུ་བགྲོ་གླེང་འདི་ལྟར་གནངས་པ་དེས་སྤུན་ཟླ་མི་ཉུང་བ་ཞིག་ལ་ཕན་ཡོད་ངེས་ཡིན་པ་གདོན་མི་ཟ་བ་ཡིན་ལགས།
བསེ་རུ་ར་མའི་རྭ་ཅོ། བཤད་པ་འགྲིག་གི སྦྱངས་མྱོང་ཡང་ཁ་ས་གཏད་ནས་འདུག་ས་གཅིག་རང་དུ་འདུག་དགོས་པའི་ངེས་པ་ཡོད་ནི་མ་རེད། ཨུ་ཚིགས་བྱས་ཏེ་ཡི་གེ་འབྲི་དུས་འགྲོ་སྟངས་དང་སྒྲིག་གཞི་ཞིག་དང་། སྐད་ཆ་བཤད་དུས་གཞན་ཞིག་བཤད་འདུག་པ་ལས་སྐད་དང་ཅུང་ཐག་ཉེ་བའི་ཡི་གེ་འབྲི་སྲོལ་རེ་ཡང་ལོབས་ཀི་བཅུག་ན་མི་བཟང་རྒྱུ་དང་མི་འགྲིག་རྒྱུ་ཅང་མེད་ཀི་འདོད། འདིའི་སྐོར་དྲ་ལམ་ནས་དར་ཁྱབ་གཏོང་སླ་མོ་ཡིན་ནི་རེད།
དྲ་ཐོག་ཏུ་ཡོད་མུས་ཡིིན་ཀྱང་མ་མཇལ་བ་ཡིད་རེ་སྐྱོ།
ཁྱེད་རང་དྲ་ངོས་གཞན་དང་གཞན་མྱུལ་ནས་བཞུགས་སྐབས།
ངས་སྐུ་ཉིད་ཀྱི་ཟིན་བྲིས་ཀྱི་ངོ་གདོང་ལ་ཡང་ཡང་སྐོར་བ་བརྒྱབས་པ་ཡིན།
གཅན་བཟོད་རྒྱམ་ལགས། ཁྱེད་ཀྱིས་འདིར་བཀོད་པའི་
ཡོད་ཀི མེད་ཀི བསམས་གི ཡང་ན་བསམ་གི སྙམ་གི འདོད་ཀི ཟེར་བ་འདི་རྣམས་བོད་ཀྱི་ཡུལ་སྐད་ཀྱི་གཤིས་ཀ་ལས་བྱུང་བ་ཞིག་རེད་མ་གཏོགས། འབྲེལ་སྒྲ་མ་རེད། ཕན་གྱི་འདུག བསམ་གྱི་ཡོད། བྱེད་ཀྱི་འདུག འཁུར་གྱི་ཡོད། སྦྱང་གི་རེད། རྣམས་ནི་འབྲེལ་སྒྲ་ཡིན་པ་ཙམ་མ་ཟད། ཚིག་སྔ་ཕྱིའི་འབྲེལ་བ་སྟོན་པའི་འབྲེལ་སྒྲ་ཟེར། དེ་ཁྱོད་ཀྱིས་ཀྱང་གོ་བ་ཙམ་མ་ཟད་སྦྱངས་ཀྱང་ཡོད་ཚོད་ཡིན།
ཡོད་ཀི མེད་ཀི བསམས་གི ཡང་ན་བསམ་གི སྙམ་གི འདོད་ཀི
ཕན་གྱི་འདུག བསམ་གྱི་ཡོད། བྱེད་ཀྱི་འདུག འཁུར་གྱི་ཡོད།
ཕན་གྱིན་འདུག བསམ་གྱིན་ཡོད། བྱེད་ཀྱིན་འདུག འཁུར་གྱིན་ཡོད། སྦྱང་གིན་ཡོད། ཅེས་པའི་བར་ཁྱད་པར་ཡོད་པ་དེ་སྔར་གྱི་མཁས་པ་ཁག་གི་གསུང་རྩོམ་དང་རང་ཉིད་ཀྱི་ལག་ལེན་དངོས་ལས་ཁྱད་པར་ཆེན་པོ་ཡོད་པ་མ་རྟོགས་སམ། དེའི་ཁྱད་པར་ཡོད་པ་རྟོགས་ངེས་རེད།
དཔྱད་གླེང་བྱེད་དགོས་ས་དེ།
ཕན་གྱི་འདུག བསམ་གྱི་ཡོད། བྱེད་ཀྱི་འདུག འཁུར་གྱི་ཡོད། སྦྱང་གི་རེད་ལ་སོགས་པའི་འབྲེལ་སྒྲའི་ཕྲད་ཀྱི་ཚབ་ཏུ་ཉིས་སྟོང་བརྒྱད་ལོ་ཙམ་དུས་བབ་ཚང་གི་ཡོངས་ཁྱབ་ཏུ། གི་སྒྲ་ཁོ་ན་བེད་སྤྱོད་བཏང་དང་གཏོང་གིན་ཡོད་པ་དེ་རེད། ཕན་གི་འདུག བསམ་གི་ཡོད། བྱེད་གི་འདུག འཁུར་གི་ཡོད། ལྟ་བུ་རྣམས་རེད།
འདིའི་རྗེས་སུ་འགྲོ་མཁན་གྱི་གང་ཟག་མི་ཉུང་བ་ཞིག་ཡོད་ཀྱང་རྒྱ་མཚན་གསལ་འདེབས་བྱེད་མཁན་ནི་རི་བོང་གི་རྭ་དང་། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག་གི་སྤུན་ཟླར་གྱུར་པ་ལགས་སོ།།
དཔྱད་གླེང་གནང་ན་དཔྱད་དོན་རྙེད་ངེས། །
སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། ཡང་བསྐྱར་ཕེབས་པ་དགའ་ནི་ཡིན། དངོས་ནས་ཕན་ཚུན་ལ་བརྩི་བཀུར་དང་དགའ་ཞེན་ཡོད་ན། རིམ་གྱིས་ཡར་རྒྱས་ཤིག་འགྲོ་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་ཡིན་པར་བསམ་གྱི་ཡོད་ལགས།
གཅན་བཟོད་རྒྱམ་ལགས། སླར་ཡང་ཕེབས་ནས་ཡིག་ནོར་ལུང་ནག་བཀང་བྲིས་འདུག་ཟེར་ནས་སྡུག་དམོད་ལུང་ནག་བཀང་བྱས་དེ་ཕེབས་ཟིན་འདུག ཟིན་བྲིས་འབྲི་མཁན་ང་ཡིན་དུས། ཟིན་བྲིས་ལ་མཆན་པུ་འདེབས་མཁན་སྤུན་ཟླ་ཁྱེད་རང་ལྟ་བའི་ཁ་ཞེ་གཉིས་མེད་ཅན་དག་ལ་ལན་རེ་མ་སྤྲད་པ་ཡིན་ན་ག་ལ་འགྲིག དེ་མ་རེད་དམ།
ན་མ་ར་ལའི་རྗེས་སུ་གྱི་ཐོབ་པ་རྟགས་འཇུག་གི་དགོངས་དོན་དང་། དེའི་ཟླ་ལ་གི་བྲིས་པ་དེའི་དགོངས་དོན་དང་མི་འགལ་ལ། དེང་གི་ཁ་སྐད་དང་ཡང་མཐུན་པས་སོ།། དེ་བཞིན་དུ་ཡོད་ཀི མེད་ཀི བསམས་གི ཡང་ན་བསམ་གི སྙམ་གི འདོད་ཀི སོགས་བྲིས་དང་འབྲི་བཞིན་ཡོད་པས་ད་དུང་དཔྱད་གླེང་གནང་རོགས་ཞུ། ཨ་བསེ་རུ་ར་མའི་རྭ་ཅོ།
དྲ་གྲོགས་གཅན་བཟོད་རྒྱམ་ལགས་ཀྱིས་གསུངས་པ་ལྟར། རེད་རེད་་སོ་རང་ངོས་ནས་གཟབ་གཟབ་གནང་རྒྱུ་དེ་གལ་ཆེན་པོ་ཞིག་རེད།
ངས་ཀྱང་འབོད་སྐུལ་ཞུ་རྒྱུ་ཡིན།
ལྷག་པར་དུ་དུས་ཚོད་འདྲ་བྱུང་ན་ཕན་ཚུན་བར་དག་བཅོས་བཟོ་རེས་ཐུབ་ནའང་དགེ་མཚན་དང་ཕན་ཐོག་ཆེན་པོ་ཡོང་ས་རེད།
ཡང་ཁྱོད་ཀྱིས་ལྟོས་དང་། རང་གིས་ཟིན་བྲིས་བྲིས། རང་གིས་མཆན་བུ་བཏབས། འོན་ཀྱང་དེར་སྐྱོན་མི་འདུག སྐད་ཆ་བཤད་བཤད་པོར་ཡིག་ནོར་ཞིག་ངེས་པར་དུ་དགོས་པ་ཨེ་རེད། གོང་ནས་རང་གིས་བཏབས་པའི་མཆན་བུ་དེ་ཚོར་ཅིག་གཟིགས་དང་། བརྗོད་བྱའི་དོན་ཅི་ཡིན་ཀྱང་ཡིན། ཡི་གེའི་དག་སྡེབ་ལ་དོ་སྣང་ཙམ་བྱས་ན་འོས་ཆོག ང་ལ་དག་ནོར་འགའ་རེ་བྱུང་བ་ཤོར་སོང་བ་རེད། ཁྱོད་ཀྱིས་ནི་དོ་སྣང་ཙམ་མ་བྱས་ཡིག་ནོར་ལུང་ནག་གང་བྱུང་དང་འབྱུང་བཞིན་པ་འདི་རེད། ཧ་ཧ་ཧ། ཨ་ལ་རྩེད་མོ་ཡིན། གང་ལྟར་ང་ཙོ་ཚང་མས་གཟབ་གཟབ་གནང་རོགས།
བོད་པ་ཞིག་ལོས་ཡིན་ལགས། བདེ་ཆེན་སྒྲོལ་མ་ལགས། སྐུ་ཉིད་ལ་རྒྱལ་ཁབ་མེད་པའི་སྣང་བ་ཞིག་ཤར་གྱི་མེད་པ་དེ་ནི་བོད་པ་མ་ཡིན་པའི་མི་སེར་ཞིག་རེག་ནས། ད་ནི་བོད་ཟེར་བའི་རྒྱལ་ཁབ་ཀྱི་མི་ཞིག་མིན་པར་འདོད་ཀྱི་ཡོད་པ་མིན་འགྲོ ཧཧཧ ཀུ་རེ་ཡིན། དངོས་ནས་རེད། ང་རྒྱལ་ཁབ་མེད་པའི་མི་ཞིག་ཡིན་ལགས།
སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། སྐུ་ཉིད་ཀྱིས་བསྟོད་བསྔགས་ལས་འདས་པའི་གསུངས་ཤིག་གནངས་པ་ཡིན་ཚོད་རེད་ལགས། དེ་ལ་དགའ་འོས་པ་ཞིག་རེད་མོད། ཡིན་ཡང་། ད་རེབ་ཀྱི་ཡིག་ཕྲེང་འདི་དག་གི་ཁྲོད་དུ་བདག་གིས་སྐུ་ཉིད་ཀྱིས་ཐེར་འདོན་གནང་བ་དང་མོས་མཐུན་ཡོད་མེད་སོགས་ལ་ཞིབ་དུ་སྙམ་ཞིག་འཇོག་དགོས་བྱུང་སོང་། འདི་ཡང་སྤུན་ཟླ་བསེ་རུ་དང་གཅན་གཟོད་རྒྱམ། ཁོང་ཚོ་ལྟ་བུ་མི་ཉུང་བ་ཞིག་གིས་འུ་ཅག་ལ་ལག་ལེན་དགོས་པར་སྐུལ་བའི་འབྲས་པུ་ཞིག་ལོས་ཡིན་སྙམ་སོང་།
བདེ་ཆེན་སྒྲོལ་མ་ལགས། ཉིད་ཀྱིས་བདག་གི་བཤད་ནོར་ཐེབས་པ་དེར་དུས་ཐོག་གི་དྲི་བ་ཞིག་གིས་དག་སེལ་གནངས་འདུག་ལགས། བདེན་པ་རེད། རྒྱལ་ཁབ་ཡོད། རྒྱལ་ཁབ་གཞན་དུ་ཤོར་བ་རེད། ད་ལྟ་རྒྱལ་ཁབ་ཕྱིར་ལེན་པར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་སྟབས་ཀྱི་རང་དབང་དང་རང་བཙན་མེད་པའི་མི་རིགས་འདི་སྐྱབས་བཅོལ་བ་ཡིན་ལགས།
བསེ་རུ་ལགས། སྐུ་ཉིད་ཁྲིམས་དཔོན་དྲང་བདེན་པ་ཞིག་གི་ཚུལ་བཟུང་དེ་གཅན་བཟོད་་རྒྱམ་ངེད་གཉིས་ཀྱི་ནག་ཉེས་ཐེར་འདོན་བྱེད་དུ་ཕེབས་གནང་བ་དེར་བཀའ་དྲིན་ཆེ་ཞུ། ནག་ཅན་ངའི་ཆེད་དུ་ཞིབ་དཔྱོད་པ་གཅན་བཟོད་རྒྱམ་ལགས་སུ་ཞོར་དུ་ཁྲིམས་ཐག་གཅོད་དགོས་བྱུང་བ་དེ་ནི་དངོས་ནས་ངས་ནག་ཉེས་ཁོ་ན་རེད། ནག་ཉེས་དེ་དག་ལ་བཟོད་གསོལ་ཞུ།
སྐུ་ཞབས་གཅན་གཟོད་རྒྱམ་ལགས་ཀྱི་བཤད་པ་དེར་རྩ་བའི་ཆ་ནས་ང་སྦད་དེ་མུས་མཐུད་ཡོད། འོན་ཀྱང་ཁོང་གིས་ཡིག་ནོར་ཐད་ལ་བཀའ་སྐྱོན་བཏངས་བའི་ཚིག་ཕྲེང་ཁ་ཤས་ནང་དུའང་ཡིག་ནོར་མི་ཉུང་བ་ཞིག་ཤོར་ཡོང་བ་དེར་བསམ་བློ་ཞིག་གཏོང་རྒྱུ་མེད་པ་མ་རེད། དུས་རྒྱན་ང་ཚོས་མི་འཇོན་ས་དེ་ག་དུས་ཡིན་ན་ཐད་ཀར་འཐེན་འདོན་བྱས་ན་དགེ་མཚན་ཆེ་ནི་རེད་བསམ། མ་གཞི་ང་ཚོ་བོད་པའི་མི་གཤིས་ལ་བསྟོད་ར་བྱ་དགའ་ནི་ཞིག་རེད། ངས་ནི་དེ་ནོར་འཁྲུལ་ཞིག་ལ་ངོས་འཛིན་གྱིས་ཡོད།
གནམ་ལྕགས་ལགས། འདི་ལས་ལྷག་པའི་སྡུག་བསྔལ་བ་ཞིག་སྐྱབས་བཅོལ་བའི་རིགས་སུ་གཏོགས་མཁན་འུ་ཅག་གིས་ལས་ཐོག་ནས་མྱོང་བ་དང་སེམས་ཁམས་མྱོང་དེ་འོང་དུས་མི་རབས་རྗེས་མ་དག་གིས་མུ་མཐུད་དུ་མྱོང་མ་དགོས་པ་ཞིག་བྱུང་ན་ཅི་མ་ཧུད་སྤུན་ཟླ་ཚང་མས་སྙམ་གྱི་ཡོད་པ་རེད་དེ། རང་གི་ཁེ་ཕན་ལས་སྤྱི་བའི་ལས་ལ་འགན་མི་འཁུར་བ་དེ་ཚོ་རིག་ན་དངོས་ནས་སེམས་པ་ན་བཞིན་འདུག ཨོ་རེད། སྤྱི་ཟས་ལ་ལོངས་སུ་སྤྱད་དེ་སྤྱི་དོན་ལ་འགན་མི་ལེན་པ་དེ་ཚོ་ལ་ཟེར་བཞིན་ཡོད་པ་སྤུན་ཟླ་ཚང་མས་ཐུགས་འཇགས་ཡོད་པ་ཞུ།
རྒྱལ་ཁབ་མེད་ཟེར་སྲོལ་ལ་གཞིག་ན་བོད་པ་ཞིག་ཨེ་ཡིན་བསམ་གི།
གཅན་བཟོད་རྒྱམ་ལགས། ལགས་ལགས་སོ། སེམས་སུ་འཛིན་ཆོག ལྟོ་འགྲང་ན་རྒྱབ་མི་ཁེབས། རྒྱབ་ཁེབས་ན་ལྟ་མི་འགྲང་ཟེར་བ་ལས། ལྟོ་གྲང་ན་རྒྱབ་མི་གྲང་བའི་ཚད་དུ་ལྷུང་ཟེར་ན་ཅི་རེད།
ཕལ་ཆེར་འདི་ནི་ང་རང་གི་སྐད་ཞིག་ཡིན་སྟབས། སྐུ་ཉིད་ཀྱིས་མ་གོ་བ་ཡིན་རྒྱུ་རེད། ཧཧཧ
ད་དུང་། ང་རང་གང་དུ་བསྡད་ཡོད་མེད་ཀྱིས་གནས་བབ་དེ་ནི་ང་རང་གིས་འདེམས་པ་ཞིག་མ་ཡིན་པར། ཟིན་བྲིས་མང་ཉུང་ལ་ཞུགས་དེ་ང་རང་གྲལ་མགོར་འབུད་པ་འདྲ། སྐུ་ཉིད་ཀྱིས་གསུངས་པ་དེ་ནི་བདེན་པ་རེད། མཚམས་རེར་ངས་ཀྱང་གད་སྙིགས་ཤིག་འཕུང་གསོག་བྱེད་ཀྱི་མེད་འགྲོ་སྙམ་ནས་བསྡད་ཡོད། རེད་དེ། བོད་ལ་དུངས་པའི་སེམས་པ་འདི་རང་ཉིད་བོད་ལ་སྐྱེ་བའི་ཡིན་རྒྱུ་རེད། བཅོས་ཐབས་ཤིག་མིན་འདུག་ལགས། ཤེས་ས་ནས་སྤུན་ཟླ་དག་གི་ཁ་ལ་མ་ཉན་པར་གཏོང་ལོག་བྱེད་པ་དེ་འདྲ་གཏན་ནས་མིན། ང་རང་གིས་མ་ཤེས་ས་དང་སྙམ་འཇོག་ཁོམ་མ་བྱུང་བའི་སྐབས་སུ་ཡིག་ནོར་དང་འབྲི་ནོར། བརྡ་ནོར། ཚིག་ནོར། གོ་ནོར་ཐེབས་བྱེད་སོགས་བྲིས་པ་དེར་སྐུ་ཉིད་ཀྱི་གཙོ་བའི་སྤུན་ཟླ་ཡོངས་ལ་དགོངས་དག་ཞུས་པ་ཡིན་ལགས།
ང་ལ་རྒྱལ་ཁབ་ཡོད། ཡིན་ནའང༌། རང་བཙན་མེད། སྐྱབས་བཅོལ་བ་ཡིན། དྲ་གྲོགས་བོད་ཤ་ཁྲག་ལགས། ཉིད་ལ་རྒྱལ་ཁབ་མེད་པ་ཡིན་ནམ་ཉིད་ཀྱི་རྒྱལ་ཁབ་ལ་རང་བཙན་རང་བདག་གི་ཐོབ་ཐང་མེད་པར་སྐྱབས་བཅོལ་བ་ཡིན་ནམ། ལན་ཙམ་སྟེར་རོགས།
གཅེན་པོ་ལགས ཉིད་ཀྱིས་བདག་གི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་བྱས་པ་ཐུགས་རྗེ་ཆེ། རེད་དེ་འུ་ཅག་ཚང་མས་འབད་བརྩོན་དང་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་བྱེད་རྒྱུར་འུ་ཅག་ཚང་མར་འགན་ཡོད་པ་ཞིག་རེད་ལགས།
སྐར་ཁྲི་བཙན་ལགས། ཉིད་ཀྱིས་བདག་གི་དགའ་རོགས་མའི་ནངས་ཇ་མ་འཐུང་གོང་ནས་བཟུང་དེ་ངེད་ཚང་ལ་ཡོང་ནས་ཀུ་ཞིག་བཏབ་ནས་འབུད་སོང་བ་ཅི་རེད། ད་དུང་། རྒྱལ་ཁབ་མེད། སྐྱབས་བཅོལ་བ་ཡིན་པའི་ངོས་ཐད་ནས་ཆེན་པོ་མེད་ཀྱང་ཆུང་ཆུང་ཞིག་ཡིན་རང་བཤད་ན་མ་འགྲིག་པ་ཅི་ཡོད་ལགས།
བོད་ཤ་ཁྲག་རུས་གསུམ་ཉེས་ཅན་པ་ཞིག་ཡིན་ན། གཅན་བཟོད་རྒྱམ་ནི་ཞིབ་དཔྱོད་པ་ཞིག་རེད།
འོན་ཀྱང་། ང་ཁྲིམས་དཔོན་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱོད་གཉིས་ཀར་ཉེས་པ་གཏོང་དགོས་ཀྱི་འདུག ཅིའི་ཕྱིར་ཟེར་ན། ཁྱོད་གཉིས་ཀས་ཡིག་ནོར་ཁྲོམ་བསྒྲགས་བྱས་པའི་ཉེས་པ་བསགས་འདུག
གཅན་གཟོད་རྒྱམ་གྱི་ཉེས་པ་ནི་གཤམ་ལྟར་དང་། བོད་ཤ་ཁྲག་རུས་གསུམ་ལ་རྒྱུན་གཏན་ནས་ཉེས་པ་གཏོང་གིན་ཡོད།
ཨུ་ཐུགས། ཨུ་ཐུག་གམ་འུ་ཐུག དེང་སྐབས་ཡོངས་གྲགས་ལ་འུ་ཐུག་སྤྱོད་ཀྱིན་ཡོད།
བཀྱོད་ཀྱི། ཁྱོད་ཀྱི།
འེ་ཤོད། ཨེ་ཤོད།
འགན་འཁུར་གི་མི་འདུག་ཅེས་པའི་ཚིག་དེ་གཅན་བཟོད་རྒྱམ་ལགས་ཀྱི་ཚིག་རེད།
རྗེས་འཇུག་ན་མ་ར་ལའི་རྗེས་སུ་གྱི་མ་བྲིས་པར་གི་བྲིས་པ་ནི། དུས་བབ་ཚང་གི་རང་ལུགས་ལྟར་འབྲི་གིན་ཡོད་དམ། ཡོད་ན་རང་ལུགས་འགྲེལ་བཤད་ཚད་ལྡན་ཞིག་ངེས་པར་རྒྱག་རོགས་གནང་།
ངས་བློ་གཟུ་བོར་གནས་པའི་ཐོག་ནས་འགྲེལ་བཤད་ཉན་ཆོག།
མི་ཞིག་ལ་མཚོན་ན་རྒྱལ་ཁབ་མེད་པ་ལས་དཀའ་ངལ་ཆེ་བ་ཞིག་ཡོད་མི་སྲིད། ད་ལྟའི་རང་རེའི་དཀའ་ངལ་འདི་མེད་ན། དེ་རིང་གི་དྲ་ཐོགས་པ་ཚོས་སྒྱུ་རྩལ་དང་འཚོ་བའི་དགོས་མཁོ་གཞན་ཞིག་གླེང་གི་ཡོད་ངེས། ཡིན་ནའང་ང་ཚོར་དེའི་ཕྱོགས་ན་ཡི་ག་མེད་པའི་རྒྱུ་མཚན་གྱིས་དེ་རིང་གི་སྡུག་གཏམ་རེ་རེ་འདི་མི་བརྗོད་ག་མེད་བྱུང་བ་རེད། དེ་ཨེ་རེད་ཤ་ཁྲག་ལགས།
ནོར་བཅོས། བྱ་མི་ཕོད་དོ།།
ངས་ནི་རང་གིས་གང་མཐོང་བའི་སྐྱོན་ཡོན་ཐད་ཀར་བཤད་པ་ལས། ཁྱོད་བཟང་དང་ཁྱོད་ཡག་རྐྱང་བཤད་མི་ཤེས་ལ། འདི་འདྲས་ནི་མི་དེ་ལོག་ལམ་དུ་འཁྲིད་པའམ་ཡང་ན་རྒྱ་ཡན་དུ་འགྲོ་བར་གྲོགས་དན་བྱེད་ཀྱིན་པས་ན། ངས་ནི་ནམ་ཡང་དེ་ལྟར་བྱ་ཕོད་དོ།།
བོད་ཤ་ཁྲག་རུས་གསུལ་ལགས།
ལྟོ་འགྲང་ན་རྒྱབ་མི་ཁེབས། རྒྱབ་ཁེབས་ན་ལྟ་མི་འགྲང་ཟེར་བ་ལས། ལྟོ་གྲང་ན་རྒྱབ་མི་གྲང་བའི་ཚད་དུ་ལྷུང་ཟེར་ན་ཅི་རེད། འདི་སུའི་སྐད་རེད། མ་གཞི་ནས་ཁྱོད་ཀྱིས་ཅིག་འབྲི་གིན་འདུག་པ་ལས་འགན་འཁུར་གི་མི་འདུག འོ་ན་ཁྱོད་ཀྱི་འདི་ལྟར་བྲིས་ན་བོད་ཀྱི་སྐད་ཡིག་གི་འགན་དེ་འཁུར་མི་དགོས་པ་ཡིན་ནམ། ང་ཚོས་དྲ་ངོས་སུ་འདི་ལྟར་ཉག་ཉོག་དང་ཡིག་ནོར་རྐྱང་རྐྱང་སྤུང་གི་ཡིན་ནམ། ཁ་སྔོན་ལྷ་ཆབ་ཀྱིས་བཤད་པ་བདེན་བདེན་འདྲ། ཤ་ཁྲག་ལ་གསལ་འདེབས་བྱས་དང་མ་བྱས་ཡོད་པ་མ་རེད་ཟེར། ཁོང་ཡང་ཨུ་ཐུགས་སོང་བ་ཡིན་ལས་ཆེ། གཞུང་ལས། “སུ་”ག་བ་ད་དྲག་”ཏུ”། །ང་ད་ན་མ་ར་ལར་”དུ”། །འ་དང་མཐའ་རྟེན་མེད་པའི་མཐར། །ར་དང་རུ་གཉིས་ཅི་རིགས་སྦྱོར། །ཞེས་སོགས་ཀྱི་རྩ་ཚིག་ཙམ་ཡང་བློ་ན་མེད་པ་ཡིན་ནམ། བདག་གིས་ཁྱེད་གསལ་འདེབས་ཚིག་གསུམ་བྲིས་པ་དེར་བསྐྱར་ལྟ་ཐེངས་གཅིག་བྱ་རྒྱུ་དང་། རབ་བྱུང་ན་དེའི་ནང་གི་དག་ཆའི་འགྲོ་སྟངས་དེ་ཚོར་དོ་སྣང་ཞིག་གནང་རོགས། ཕྱག་གསུམ་འཚལ།
ཁྱོད་ཀྱིས་བོད་མི་དམངས་ཀྱི་སྤྱི་འཐུས་ཚོར་བཀའ་བཀྱོན་གནང་གི་ཡོད་པ་རེད། འོན་ཀྱང་བཀྱོད་ཀྱི་སྐད་ཆ་དེ་འདི་འདྲའི་ཉག་ཉག་དང་བརྡ་མི་སྤྲོད་པའི་ཡི་གེ་ཞིག་བྲིས་ན་ཅི་ཡིན་ཟེར་བ་རེད། བསམ་ཚུལ་ཐུང་ངུ་ཞིག་བཤད་ནའང་སྐད་ཆ་གྲལ་དག་མོ་ཞིག་འེ་ཤོད་ལྟ་རྒྱུ་དེ་གལ་ཆེན་པོ་ཞིག་མ་རེད་དམ།
ཁྱོད་དུས་བབ་ཚང་གི་གྲལ་མགོ་ནས་བཞུགས་ཏེ་འདི་འདྲ་རྐྱང་བྱས་བསྡད་ན་འོས་ཤིང་འཚམས་པ་ཞིག་ཀྱང་ཨེ་ཡིན་ནམ་སྙམ། གཞན་ང་ལའང་ནོར་སྐྱོན་གང་མང་ཡོད་ངེས་ན་ཞིབ་དག་དང་བཀའ་བཀྱོན་ཅི་གནང་རོགས་ཞུ་ཞུ་ཞུ།
འདི་ཡང་ཁྱེད་ལ་གསལ་འདེབས་ཐེངས་གཅིག་བྱས་པ་ཡིན་པས་ཐུགས་ལ་འཛིན་རྒྱུ་མཁྱེན།
འདི་ནི་སྤྱི་འཐུས་རྣམས་དང་གཞུང་ཞབས་པ་ཡོངས་ཀྱི་ཡིད་ལ་འཇགས་དགོས་པའི་གཏམ་བདེན་པ་ཞིག་ཏུ་མཐོང་།
སྤྱི་པའི་ལས་ལ་ཉི་མ་གང་འཁྱོལ་དང་སྒེར་དོན་ལ་མགོ་ལ་མེ་ཤོར་ཡང་བསོད་ལོང་མེད་པར་རྒྱུག་པའི་བགས་ཆགས་ངན་པ་དེ་ད་དུང་དུས་རབས་གསར་པ་འདིར་བེད་སྤྱོད་བྱེད་ན་དངོས་གནས་ནོར་འཁྲུལ་ཚབས་ཆེན་དང་རྗེས་སུ་བློ་འགྱོད་ཀྱི་བྱ་ངན་ཞིག་ཡིན་པར་སྙམ།།
བཅོས་པ་ ངས་ལྟ་ན
ཡང་ང་རུ་ནང་ང་ཡོང་ཡོད། ཁྱེད་ཀྱི་ནག་མོས་ཁྱོད་ཁྱིམ་ན་མེད་ཟེར། ཇ་གང་འཐུང་ནས་བུད་སོང་ཡོད། ཨ་རོ་སྐད་ཆ་ནག་ནོག་ཚིག་གཅིག་བཤད་མེད་གོ་ཁྱོས་ཤ། ཨོ་་ངའི་ཁ་འདི་ནག་མོ་ཡིན་ན་ཅིག དྲ་གྲོགས་བུ་མོ་ཚོས་གོ་ན་ཐལ་གོ ངས་ལྟས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་ཡིན་ན་སྤྱི་འཐུས་གསར་བ་ཡིན་ན་གཙོ་བོ་ང་ཚོས་མི་མང་ནང་ཁུལ་གྱི་ཕྱོགས་ཞེན་གྱི་ལྟ་བ་ངན་པ་དེ་སྤང་བའི་ཐབས་ལམ་སྣ་ཚོགས་ཤིག་ལ་ཤུགས་རྒྱག་དགོས་པ་ཁ་ཚ་དགོས་གཏུགས་སུ་མཐོང་སོང། དེ་འདྲའི་ནུས་པ་ཐོན་ཐུབ་པ་ཡིན་ན་ང་ཚོས་གོང་བཞུགས་རྣམ་པར་ཞུ་བ་འཐེན་དགོས་ཀྱི་མ་རེད་ལ། ང་ཚོའི་སེམས་པ་དེ་བས་ཀྱང་ན་དགོས་ཀྱི་མ་རེད་འདོད་བྱུང། ངའི་ཁོག་སྟོད་ཡང་དྲག་འགྲོ་གི་རེད།