མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔ་གཞུག་ཡོད་ཚད་དུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྐྱི་མོ་འདི་ལ་འདུས་པའི་འཛུམ་མདངས་ཤིག།
རིག་པའི་མེ་རུ་སྒྲོན་པའི་རྣམ་ཤེས་ཤིག།
དུངས་པ་འདི་ལ་འཐམ་པའི་མངར་ཁ་ཞིག།
ནམ་ཡང་གཟད་དུ་མེད་པའི་འཁྲུལ་སྣང་ཞིག།

རྒས་པའི་གོམ་ཁ་འཁྱོར་བའི་འགྲོ་སྟངས་ཤིག།
གཞོན་པའི་ང་རྒྱལ་ཆེ་བའི་སྟོབས་ཤུགས་ཤིག།
མཐོང་ཚད་སེམས་པ་ན་བའི་བྱེད་ལས་ཤིག།
སྐྱུར་ཡང་རྗེས་སུ་སྙེགས་པའི་འཚོ་བ་ཞིག།

དགའ་ཡང་ལག་པའི་མི་གཉོབ་མེ་ཏོག་ཞིག།
འདོད་ཀྱང་ཐོབ་དུ་མེད་པའི་ལས་སྐལ་ཞིག།
བྲལ་ཡང་བརྗེད་དུ་དཀའ་བའི་གཟུགས་རིས་ཤིག།
འཁོར་བའི་འགྱུར་བག་རྒོད་པའི་གླིང་ཕྲན་ཞིག།

རིག་ཚད་བདེན་པར་མེད་པའི་ཆོས་ཉིད་ཅིག།
ཐོབ་ཚད་དབང་དུ་བྲལ་བའི་ངལ་རྩོལ་ཞིག།
མྱོང་ཚད་ཚད་མར་མི་གྲུབ་ལུས་ཕུང་ཞིག།
བདེན་རྫུན་མཐོ་དམན་རྩོད་པའི་འཐབ་ཡུལ་ཞིག།

༢༤།༩།༠༩

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 21

  1. sha tak ri sim says:
    ལོ་ 16 སྔོན།

    དེ་རིང་ཉིན་མ་བཀང་བོར་དྲ་ངོས་བཅེར།།
    ཁྱེད་རང་ཕེབས་པར་བསམ་ནས་རེ་ཞིང་སྒུག།
    ད་ནི་མ་ཕེབས་བསམ་ནས་དགའ་མའི་ལྷན།།
    དངོས་བྱུང་གློག་བརྙན་ཞིག་ལ་བལྟས་པའི་སྐབས།།
    ཉིད་རང་འདི་རུ་ཕེབས་ནས་མཆན་ཞིག་བཏབ།།
    ད་ལྟ་གློ་བུར་མཐོང་ཡང་སྐུ་ཉིད་ནི།།
    རིག་རྒྱུ་མེད་པར་སོང་བ་ཤེས་པའི་སྐབས།།
    རྒྱ་གར་དགོང་མོའི་ཆུ་ཚོད་བཅུ་བ་རེད།།

    Reply
  2. samkhar says:
    ལོ་ 16 སྔོན།

    ཕྱོགས་བཅུར་གནས་པའི་དྲ་གྲོགས་དཔྱོད་ལྡན་ཚོའི།།
    གཟུར་གནས་བློ་ཡི་མེ་ལོང་གཙང་མའི་ངོས།།
    ཡང་དག་དོན་ལྡན་རི་མོའི་གཟུགས་རིས་རྣམས།།
    ཇི་བཞིན་གསལ་ལེར་འཆར་བ་སྤྲོ་བའི་གཞི།།

    ཁྲིམས་དཔོན་ཉེས་ཅན་ཟེར་གྱིན་དོན་ཞིག་བཙལ།།
    འདིས་འགྲིག་མི་འགྲིག་ཟེར་གྱིན་སྐྱོན་ཞིག་བཏོན།།
    ཡིག་ནོར་དོན་ནོར་ཟེར་གྱིན་ལྕག་ཅིག་བྲབས།།
    བོད་ཡིག་སྐད་ཡིག་ཟེར་གྱིན་བློ་ཞིག་གཏད།།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    འབུར་ཐོ་འབུར་ནས་ཡོང་ནོ་འགྲིག་སོང་ང་།།
    རང་ཉེས་ངོས་ལེན་བྱོས་ནོ་དེ་བས་འགྲིག།
    དེ་མིན་ཁྲིམས་དཔོན་བཟོད་རྒྱམ་བཙན་པོ་འདིས།།
    ཁྲིམས་ཀྱི་འདི་ནས་སུ་ཡང་གཏོང་རྩིས་མ་རེད་ཀོ།

    Reply
  4. chentsasopa says:
    ལོ་ 16 སྔོན།

    སྤྱིར་ན་ཁྲིམས་ལ་ཉེ་རིང་ཆགས་སྡང་མེད།།
    དེ་བས་སུ་ཡང་ཁྲིམས་ཁར་ལྕི་ཡང་མེད།།
    འོན་ཏེ་འབུར་ཐོས་རང་སྐྱོན་ངེས་ལེན་གྱིས།།
    ཆད་པ་འཁུར་ཞེས་བརྗོད་པས་ཆད་པ་མེད།།

    Reply
  5. lha mo says:
    ལོ་ 16 སྔོན།

    དེ་རིང་དུ་སྒྲ་ཆད་ནོ་འདིར། །
    ཆད་པ་དགོས་ན་སྟེར་ངེས་ཡིན། །
    རྗེས་མར་རང་གི་ཐུབ་ཚོད་ཀྱིས། །
    ནོར་ཆད་ལྷག་མེད་བྱེད་རྒྱུ་ཡིན། །

    Reply
  6. lha mo says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་རང་གི་ནང་ལོག་ནས། །
    ཉེས་པ་བསགས་པའི་མྱི་དེ་ཉམ་ཆུང་མིན། །
    དེ་ཡི་ཆེད་ཆད་པ་མ་ཁུར་གོང་། །
    བུ་མོའི་ཕྱིར་དུ་ཞེ་འདང་མང་ཞིག་རྒྱོབས། །

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    གཅེས་པའི་གཏམ་རེ་གོ་དུས་དགའ་ནི་ཞིག།
    རང་ལག་སྐྱག་ལངས་ཤོར་དུས་སྡུག་ནི་ཞིག།
    ཁོམ་དུས་འདུག་དུས་ཀློག་འདོད་ཆེ་བ་ཡིས།།
    རང་གི་གང་ཐུབ་ཕྱོགས་སུ་ཤུ་རེ་བྱེད།།

    སྙིང་རྗེ་ཆེ་བའི་རིགས་ཤིག་ཡིན་པ་ནི།།
    སྐྱེ་དུས་ཨ་མའི་ཡི་གེ་དྲུག་མའི་དབྱངས།།
    རྣ་ལ་ཐོས་པའི་ཉིན་ནས་བྱུང་རབས་ཡོད།།
    དེ་ཉིད་རྩ་ཆེན་ཡིན་པ་མ་བརྗེད་ཅིག།

    Reply
  8. chentsasopa says:
    ལོ་ 16 སྔོན།

    དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།
    བརྟེན་ཅེས་གསུང་འདི་སྔར་ཡང་ཁྱོད་ལ་སྦྲན།།
    ད་དུང་ཅི་མི་སྙམ་པའི་འཐེང་བོ་ཞིག།
    འདི་ན་ལྡིང་གི་འདུག་འདི་སྙིང་རེ་རྗེ།།ཧ་ཧ་ཧ་ཧ

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    གཅེན་ཆུང་ཁ་ཁར་སོང་བའི་ཕྱིར་ཉིན་ནས།།
    པོ་ཏ་ལ་ཡི་རྒྱ་ཕིབས་མིག་གི་འདྲེན་ལམ་དུ།།
    ཉིན་མཚན་མེད་པར་འཆར་ཞོར་སེམས་ངལ་ཞིག།
    སྤུན་ཟླ་ཚང་མར་འཇགས་པ་མེད་འདི་སྐྱོ།།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    འཇམ་མགོན་ལགས་ཕེབས་པ་ཐུགས་རྗེ་ཆེ། རྒྱུན་དུ་ཀློག་བཞིན་ཡོད་པ་དེ་བས་ཀྱང་དགའ་ནི་ཡིན། ད་ངེད་ཚང་ལ་ཡོང་དུས་སེམས་ཆུང་བྱོས་མ་གཏོགས་སྒོ་འགྲམ་དུ་ཁྲིམས་དཔོན་ཆེ་ཆུང་གཉིས་ཀྱི་དབྱུགས་པ་བཟུང་རྐུབ་ལ་གཞུ་རྩིས་བྱོས་དེ་བསྡད་ཡོད་པ་རེད་ལགས། ཨ་ཙ་ ཨ་ཙ ངའི་རྐུབ་འདི་ད་ཐེངས་ན་བཞིན་འདུག

    གཅན་བཟོད་རྒྱམ་ལགས། ང་རང་གུང་གསེང་ཡིན་སྟབས། ད་ལྟ་བར་དུ་ཉལ་ནས་བསྡད་པ་ཡིན། ད་ཡང་བླངས་དེ་སྐར་མ་བཅུ་མ་སོང་གོང་དུ་སྤུན་ཟླ་རྣམ་པ་གཉིས་འདི་རུ་ཕེབས་ཡོད་ཤག་གིས་དྲ་སྒོ་ཕྱེ་ནས་རང་གི་ནང་དུ་འཛུལ་བ་ཡིན་ལགས། སྐུ་ཉིད་ཀྱིས་ང་རང་ལ་རྟ་ལྕག་གིས་ཁྲིམས་ཐག་བཅད་སྟབས། ད་ལྟ་བསེ་རུ་ལགས་ཀྱིས་རྟ་ལྕགས་གཞུས་ཚར་ཙམ་ཡིན་སྟབས། རྐུབ་ལྡོག་ལྡོག་གཉིས་ཀ་ད་དུང་ན་བཞིན་འདུག ཨ་ཡ ཨ་ཡ ཨ་ཙ

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། ཁྲིམས་ཐག་གཅོད་རྩིས་ཡོད་པའི་སྔོན་བརྡ་བཏང་བ་དེ་ཙམ་གྱིས་སྤུན་ཟླ་སྐར་ཁྲི་བཙན་ལ་འདར་སུག་སུག་བྱེད་ཀྱི་འདུག སྙིང་རེ་རྗེ། ཁོང་གི་ཆེད་དུ་ང་རང་ལ་ཁྲིམས་ཆད་བཏང་ན་འགྲིག་ལགས། ནག་ཉེས་འདི་ངེད་ཚང་ནས་བསགས་པ་ཡིན་དུས་་་

    Reply
  12. sha tak ri sim says:
    ལོ་ 16 སྔོན།

    སྐར་མའི་འོད་ཅིག་རྒྱང་རིང་བལ་ཡུལ་ན་ཡོད་རབས།།
    ཁྲི་བཙན་བལ་བཟའ་རྒད་མོའི་རྗེས་རབས་ཀྱི་ནང་དུ།།
    སྔ་དགོང་ཡོད་ཚད་གཞན་མིའི་གཉའ་གནོན་འོག་འཚོ་དུས།།
    སྔོན་གྱི་མེས་པོ་དེ་དག་སྙིང་ཁོང་ནས་ཨེ་དྲན།།

    Reply
  13. chentsasopa says:
    ལོ་ 16 སྔོན།

    བསེ་རུ་དང་ཤ་ཁྲག་གཉིས་ཀྱིས་ངན་གྲོས་བྱས་ཡོད་པ་འདྲ། དེ་རིང་གོང་སང་ཡིན། དྲ་ཐོག་ནས་ཡང་ཡང་ཐུག་ཡོང་ཟེར། ནངས་སྔ་མོ་ནས་རྩོམ་འཁྱོག་ཅིག་བཀོད་རྗེས་གང་ལ་བུད་སོང་བ་ཡིན། ཁྱེད་གཉིས་ཀ་ཁྲིམས་ལ་སྦྱོར་རན་སོང་མ་རེད་དམ། རྐུབ་མདོག་ངན་དེའི་སྟེང་ལ་ཡང་གཅིག་དགོས་སམ།

    Reply
  14. chentsasopa says:
    ལོ་ 16 སྔོན།

    འཇམ་མགོན་ལགས། དུས་ཐོག་ཀློག་ཐུབ་པར་དགོངས་དག་ཞུ་དགོས་དོན་གང་ཡིན་ནམ། ཧུར་ཐག་ཤོས་ཟེར་ན་ཅི་རེད། བྱོས་ཟེར་བ་མ་རེད་དམ། ཁྲིམས་ཁང་ལ་སོང་ན་འདོད་ནི་མིན་ནམ། རྐུབ་ལ་ཟ་འཁྲུག་ལངས་ཀི་འདུག་གམ།

    Reply
  15. jamgon says:
    ལོ་ 16 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། དུས་ཐོག་ཀློག་ཐུབ་པ་དགོངས་དག མཚམས་རེ་བཀླགས་ཟིན་ཡང་མཆན་འདྲ་བཏབ་མེད། བྲིས་བ་ལེགས། ཧུར་ཐག་ཤོས།

    Reply
  16. Baichung says:
    ལོ་ 16 སྔོན།

    ཨོ་ད དྲ་གྲོགས་བསེ་རུ་ལགས་ཀྱི་ལག་ནས་ཅིག་ཉོ་རན་ཡིན་ཁོ་ཐག་རེད ལྟོས་ད ཡང་ནོར་འདུག ལྷ་ཡི་ལུས་རྟེན་ཐོས་པ་ཙམ་རེད་མ་གཏོགས ཐོམ་པ་མ་རེད དྲ་གྲོགས་ཤ་ཁྲག་རུང་གསུམ་ངེད་གཉིས་ལ་ཁྲིམས་ཐག་འདྲ་འདྲ་གཅད་ས་རེད་གོ ཅིག་བྱེད་ན་དྲ་གྲོགས་ཤ་ཁྲག་རུས་གསུམ་བཟང་སྤྱོད་ཀྱི་ཆ་ནས་ང་ལས་ལྷག་ཡིན་སྟབས་ཁྲིམས་ཆད་ཡང་རུ་འགྲོ་ན་ཐང་།

    Reply
  17. chentsasopa says:
    ལོ་ 16 སྔོན།

    ཡོད་ན་ཡོད་དོ་ཟེར་ནས་དགའ་རྒྱུ་མེད།།
    མེད་ཚེ་མེད་སྙམ་ཟེར་ནས་སྡུག་རྒྱུའང་མེད།།
    ཡོད་མེད་སེམས་ཀྱི་སྲང་ལ་གཞལ་བ་ལས།།
    ཕྱི་རོལ་དངོས་ལ་བཙལ་ན་སྡུག་ཁོ་ན།།

    Reply
  18. tsekyis says:
    ལོ་ 16 སྔོན།

    སྐྱིད་དུས་སྐྱིད་གླུ་ཞལ་ནས་ལྷང་ལྷང་བསྒྲགས།།
    སྐྱིད་གླུའི་ནང་དུ་སྡུག་གི་གཞས་ཚིག་ཞིག།
    སྐྱོ་དུས་སྐྱོ་གླུ་ཞལ་ནས་ལྷུག་ལྷུག་སྤེལ།།
    སྐྱོ་གླུའི་ནང་ནས་སེམས་གསོའི་སྙིང་གཏམ་ཞིག།

    Reply
  19. samkhar says:
    ལོ་ 16 སྔོན།

    དྲ་གྲོགས་སྐར་ཁྲི་བཙན་ལགས།
    ད་གཟབ་ཙམ་གནང་ཨང་།
    ཁྲིམས་ཁང་ཡོད་པ་རེད་དཱ།

    Reply
  20. Baichung says:
    ལོ་ 16 སྔོན།

    ཐོམ་རྒྱ ཐོབ་རྒྱུ ཕམ་རྒྱུ རྐང་བ་གཉིས་པའི

    Reply
  21. Baichung says:
    ལོ་ 16 སྔོན།

    བསམ་བློ་གཏོང་ཐེངས་རེ་ལ་སྐྱོ་བ་རེ།།
    སྐྱོ་བ་སྐྱེད་ཐེངས་རེ་ལ་མིག་ཆུ་།།
    ཐུང་ཐུང་མེ་ཚེའི་ལམ་ཁ་དོག་པོ་འདི།།
    ཅོལ་ཆུང་མི་ཡི་འཐབ་ར་ཁོ་ན་ཉིད།།

    ཡོད་པའི་ཉིན་དེར་སྤྲོ་བ་སྐད་ཅིག་ཙམ།།
    མེད་པའི་དུས་དེར་སྡུག་བསྔལ་སྐད་ཅིག་ཙམ།།
    ཐོམ་རྒྱུ་ཕམ་རྒྱ་མེད་པའི་འཇིག་རྟེན་འདི།།
    རྐང་བ་གཉིས་མི་ཚེའི་གཡུལ་ས་ཉིད།།

    ལྷ་ཡི་ལུས་རྟེན་ཐོམ་པ་ཙམ་ཞིག་ཡིན།།
    དམྱལ་བའི་རྒྱལ་ཁམས་མིག་གིས་མཐོང་མྱོང་མེད།།
    སྣ་ཚོགས་འཐབ་རྩོད་མང་བའི་མི་ཡུལ་འདི།།
    ང་རྒྱལ་ཁྱོད་ཕམ་འབྱེད་པའི་རྩོད་ར་ཉིད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese