མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཉེར་དྲུག


བློ་བཟང་ལྡི་ལུར་འགྲོ་བའི་རླངས་འཁོར་ནང་དུ་ལམ་ལ་ཆས་བཞིན་ཡོད་ལ། ནོར་བུ་བཟང་མོ་དང་གྲོགས་པོ་ཁ་ཤས་ཤིག་བསྐྱེལ་མ་བྱེད་དུ་ཡོང་ཡོད། གྲོགས་པོ་དག་གིས་བདེ་མོ་བཞག་ནས་བུད་སོང་བའི་ཤུལ་དུ། ནོར་བུ་བཟང་མོ་རླངས་འཁོར་ནང་དུ་བློ་བཟང་གི་མཉམ་དུ་ཡོད་པ་མ་ཟད། བློ་བཟང་ལ་ང་རང་ཁྱེད་དང་ལྷན་དུ་ཁྲིད་ནས་འགྲོ་རོགས་ཟེར་ནས་ཞུ་བ་བྱས་དུས། བློ་བཟང་གིས་ལས་ཤིག་ཡོད་ན་ལམ་ཞིག་ཡོད་ཟེར་བ་རེད། བདེ་མོ་བྱོས། ད་ཁྱེད་རང་གི་ཨུ་ཚུགས་མ་བྱེད། ངས་ཁ་ལ་ཉོན། ད་རེབས་ངས་ཀྱང་རང་ཉིད་ཀྱི་ལས་ཀ་གང་འདྲ་ཞིག་ཡིན་མིན་སོགས་མི་ཤེས།

རླངས་འཁོར་འགྲོ་བའི་མགོ་བཙུགས་པ་དང་བློ་བཟང་གིས་ནོར་བུ་བཟང་མོ་ལ། ད་བདེ་མོ་བྱོས། ངས་བཤད་པའི་སྐད་ཆ་དེ་སེམས་སུ་འཛིན་རོགས་ཞུ་ཟེར་ནས་བདེ་མོ་བཞག

ནོར་བུ་བཟང་མོས་མིག་ཆུ་ཕྱི་ཞོར་རླངས་འཁོར་ལས་འབབ། རླངས་འཁོར་ནང་གི་མི་དག་གིས་ངང་ཚུལ་དེར་བལྟས་དེ་གདུང་སེམས་མཉམ་བསྐྱེད་བྱེད་པ་དང་འདྲ་བར་ནོར་བུ་བཟང་མོའི་ཕྱོགས་སུ་མིག་ཟུང་ཅེར་ནས་ཡོད།

ལྡི་ལུར་མེ་འཁོར་ས་ཚིགས་ཤིག་དུ་བློ་བཟང་ལ་བསྐྱེལ་མ་བྱེད་མཁན་བོད་པའི་ཕོ་གསར་གཉིས་ཡིན་ལ། ཕོ་གསར་གཅིག་ནི་ངོ་ཤེས་རྒྱ་མཚོས་ཁ་པར་ཨང་གྲངས་སྤྲོད་སའི་མི་དེ་རེད། ཁོས་བློ་བཟང་ལ། ཉལ་ས་ཡོད་སའི་མེ་འཁོར་གྱི་འཛིན་བྱང་རེག་རྒྱུར་དུས་ཚོད་ཐུང་ཐུང་དུ་དཀའ་ངལ་ཡོད་རབས་དང་། ད་ལྟའི་འཛིན་བྱང་དེ་ནི་རྐུབ་སྟེགས་ཡོད་པའི་མེ་འཁོར་འཛིན་བྱང་དེ་ཡང་གོང་ཆེན་སྤྲད་དེ་ཉོས་པ་ཡིན་ཚུལ། ཕར་ཕྱོགས་ཀྱི་མེ་འཁོར་ས་ཚིགས་སུ་འབྱོར་དུས་དང་། དེ་ནས་རླངས་འཁོར་ཇི་ལྟར་འཚོལ་དགོས་མིན་སོགས་རེ་རེ་བཞིན་འགྲེལ་བཤད་གནང་བ་དེར་གཟབ་ནན་གྱིས་ཉན།

ཨ་རོགས། ཁྱེད་རང་བཀྲ་ཤིས་ཡིན་ནམ། ང་རང་བློ་བཟང་ཡིན། ཁྱེད་རང་ང་ལེན་དུ་ཡོང་ན་འགྲིག་གམ། ང་རང་ད་ལྟ་གཞུང་ལམ་སུམ་མདོ་ཞིག་ནས་རླངས་འཁོར་ཁ་ལོ་བས་བཤད་པ་ལྟར་ས་ལ་འབབ་ནས། སྤྱི་སྤྱོད་ཁ་པར་ཁང་ཞིག་ནས་ཁྱེད་རང་ལ་ཁ་པར་གཏོང་བཞིན་ཡོད་ཅེས་ལྡི་ལུ་ནས་རང་ཉིད་ལ་ཕོ་གསར་དེས་ཁ་པར་ཨང་གྲངས་སྤྲད་པ་དེའི་སྟེང་ནས་བཀྲ་ཤིས་མིང་ཅན་དེར་ཁ་པར་བརྒྱབ།

བཀྲ་ཤིས་ཀྱིས་ཉིན་འགའི་སྔོན་དུ་མི་ཞིག་སླེབས་གྲབས་ཡོད་ཟེར་བ་དེ་ནི་ཁྱེད་རང་ཡིན་པ་རེད། དོ་ནུབ་འདི་ནས་བསྡོད་དང་། སང་ཞོགས་སྤྱིན་བདག་རྒན་པོ་ཁྱེད་རང་ལེན་དུ་ཡོང་གི་རེད།

བཀྲ་ཤིས་ཀྱིས་ལས་མཚམས་བཞག་ནས་བློ་བཟང་ཁྲིད་དེ་ཐོག་ཁང་དུ་སོང་། ཐོག་ཁང་ནས་བཀྲ་ཤིས་རང་ཉིད་ཀྱི་རྡ་སའི་བསྐོར་དང་རང་གི་གྲོགས་པོ་དག་གི་བསྐོར་སོགས་མི་ཉུང་བ་ཞིག་གླེང་མོལ་བྱས། ཁོ་རང་རྐུབ་སྟེགས་སོབ་སོབ་རིང་བོ་དེའི་སྟེང་ནས་ཉལ་རྒྱུ་དང་བློ་བཟང་ཁྱེད་རང་ས་ཐག་རིང་ནས་ཡོང་བས་ཐང་ཆད་ཡོད་ངེས་ཡིན་སྟབས། ཉལ་ཁྲིའི་སྟེང་ནས་ཉལ་རོགས་ཞེས་བཤད།

གླ་བྱེད་རླངས་འཁོར་ཞིག་གི་ནང་དུ་ཟ་ཁང་གི་སྤྱིན་བདག་རྒན་པོ་དོན་འགྲུབ་ཀྱིས་བློ་བཟང་ལ་ཁོ་རང་ལ་ཟ་ཁང་གོང་འོག་གཉིས་ཡོད་པ་དང་། གོང་མ་དེར་ཚོང་ཡག་པོ་ཡོད་ན་ཡང་དཀའ་ལས་ཧ་ཅང་ཆེ་རབས། འོག་མ་དེ་ནི་ཡོང་སྒོ་མི་བཟང་རབས། ད་ལྟའི་བར་དུ་བློ་བཟང་ཁོ་རང་མ་རྩིས་པར་འདིར་བོད་པའི་ཕོ་གསར་བཞི་ལྔ་ཞིག་ལས་ཀ་བྱེད་དུ་ཡོང་ན་ཡང་། སུ་ཡང་ཡུན་རིང་འདུག་མ་ཐུབ་རབས། ས་དེས་མི་གཤིས་རྩུབ་ཚུལ། ཁོ་རང་ལ་གླ་ཆ་ཟླ་གཅིག་གི་རིང་དུ་ཧིན་སྒོར་གཅིག་སྟོང་སྤྲོད་རྒྱུ་དང་རིམ་གྱིས་འཕར་ན་འགྲིག་ཚུལ། རྒྱ་གར་བ་ལས་ཀ་མི་ཉུང་བ་ཞིག་ཡོད་ཀྱང་། དེ་དག་གིས་ལོ་ངོ་གཉིས་གསུམ་ནས་བཞི་ལྔའི་རིང་དུ་ལས་ཀ་བྱས་ཀྱང་གླ་ཆ་མཐོ་ཤོས་ནི་བདུན་བརྒྱ་བརྒྱད་བརྒྱ་ཡིན་པ་དང་། བློ་བཟང་ཁྱེད་རང་ནི་བོད་རིགས་གཅིག་པ་ཡིན་དུས་བསམ་བློ་བཏང་བ་ཡིན་རབས་སོགས་མང་བོ་ཞིག་བཤད་བཞིན་ཁོ་གཉིས་ཟ་ཁང་ཞིག་གི་སྒོ་འགྲམ་དུ་འབྱོར།

ཟ་ཁང་ནང་དུ་རྒན་པོ་དོན་འགྲུབ་མགོ་བྱས་དེ་་འཛུལ་ནས་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད། བློ་བཟང་ལ། ཡ་ དེ་ནས་སྡོད་ཅེས་རྐུབ་སྟེགས་ཤིག་ལ་འཛུབ་མོ་བསྟན།

བློ་བཟང་གིས་རང་གི་རྒྱབ་ཁུག་ཆུང་ཆུང་དེ་ས་རུ་འཇོག་རྩིས་བྱེད་ཀྱིན་པའི་སྐབས་སུ། ལོ་ན་བཞི་བཅུ་ལས་བརྒལ་བའི་ཨ་ཅག་ཞིག་གིས་ཁོ་གཉིས་ཡོད་སའི་རྐུབ་སྟེགས་ཀྱི་ཁ་གཏད་དུ་ཡོད་པའི་སྒོར་མོ་ལེན་སའི་ཅོག་རྩེ་ཞིག་གི་འགྲམ་ནས། བློ་བཟང་ལ། བུ་བཀྲ་ཤིས་བདེ་ལེགས་ཞེས་འཛུམ་མདངས་ཤིག་དང་བཅས་ལག་ཟུང་ཐལ་མོ་སྤྱར་ནས་འཚམ་འདྲི་བྱས།

དོན་དངོས་སུ་ཟ་ཁང་དེར་ཆང་རྐྱང་རྐྱང་བཙོང་བཞིན་ཡོད་ལ། ཟ་མ་ནི་མིང་ཙམ་ཞིག་ལས་བཙོང་གི་མེད་པ་རེད། རྒན་པོ་དོན་འགྲུབ་ཀྱིས་བློ་བཟང་ལ་ཆང་དམ་རེ་རེ་ངོ་སྤྲོད་བྱེད་ཞོར་དུ། དབྱིན་ཡིག་ཕྲན་པུ་ཤེས་པ་ཡིན་ན་ཆང་གི་མིང་བྱང་དག་ཤེས་རྒྱུར་དཀའ་ངལ་མེད་པ་རེད།

ས་རུབ་དེ་འོང་བཞིན་ཡོད་ལ། སྐུ་མགྲོན་དག་ནི་གཅིག་ལས་གཅིག་མགྱོགས་མྱུར་ཆ་ལྡན་པའི་ངང་ཨ་ཅག་ཚེ་འཛོམ་གྱི་འགྲམ་དུ་ཚང་ཁ་རྒྱག་བཞིན་ཡོད་པ་མ་ཟད། བློ་བཟང་གིས་ཀྱང་རྒྱ་གར་ནག་རིལ་ལས་ཀ་བ་དེས་སྐད་ཅོར་ཉོ་ཞོར་དུ་ཆང་དམ་པུ་ཁ་ཤས་ཤིག་ཨ་ཅག་ཚེ་འཛོམ་ལ་སྤྲོད་ཀྱིན་ཡོད།

བློ་བཟང་། ཁྱེད་རང་དོ་ནུབ་འདི་ནས་ཉལ་དགོས་པ་རེད། དེ་རིང་གྲྭ་སྒྲིག་ཀྱང་ཡག་པོ་མ་བྱུང་སྟབས། བཙོ་མའི་ཕྱེ་ཁུག་འདིའི་སྒང་དུ་རས་གདན་འདི་གཡོག་ནས་ཉལ་རོགས། སང་ཉིན་ག་ལེར་ཁྱེད་རང་ལ་གྲྭ་སྒྲིག་བྱེད་ཆོག་ཟེར་ནས། ཤིང་གི་ཉལ་ཁྲི་ཆག་པོ་ཞིག་གི་སྒང་དུ། བཙོ་མའི་ཕྱེ་ཁུག་གཉིས། དེའི་སྟེང་དུ་རས་གདན་རལ་པོ་ཞིག ཉལ་ཐུལ་ཡང་རལ་བོ་ཞིག མྱེལ་མགོ་ཡང་དེ་མཚུངས་ཤིག ཁང་བ་དེ་ཡང་སྐུ་མགྲོན་དག་གི་གཅིག་སྐྱག་གཏོང་སའི་འགྲམ་དུ་སྣུམ་སྣོད་ལྕགས་ཤོག་སྟོང་བ་དང་། ཤིང་ལེབ་མི་འཁོ་བ་དག་ལ་འཛེར་མ་བརྒྱབ་དེ་བཟོས་པ་ཞིག་ཡིན།

བློ་བཟང་གིས་ལགས་སོ་ཞེས་བཤད་དེ། རང་གིས་རང་ལ་སེམས་གསོའི་ཚབ་དུ། ཉིན་ཐོ་ཐུང་ཐུང་འདི་འདྲ་ཞིག་བྲིས་དེ་ཉལ་མགོ་བརྩམས།

བློ་བཟང་གི་ཉིན་ཐོ།
བློ་བཟང་། རང་གིས་རང་ལ་ཐེངས་མང་བོ་བཤད་མྱོང་བའི་སྐད་ཆ་དེ་དག་སེམས་སུ་བཟུང་དེ། སྐེས་འཛེགས་ཤིག་གི་འོག་དུ་སླེབས་ཡོད་པ་ལྟ་བའི་ངང་ཚུལ་འདིར་སླེབས་པ་རེད། སྐེས་འཛེགས་སྟེང་དུ་ཡར་འགྲོ་ཐུབ་མིན་དེ་ནི་རང་ཉིད་ལ་རེག་ལས་ཡོད་པ་རེད། ཁོང་རྒན་རྒོན་གཉིས་ལ་ཁག་ཆེ་ཡོད། མི་རྒྱུས་མེད་ཅིག འདི་ལྟར་ས་ཆ་རྒྱུས་མེད་ཅིག་ལ་སླེབས་ན་དོག་གཟོན་བྱེད་ལོས་དགོས། ལྷག་པར་དུ་ཁྱེད་རང་མི་ག་འདྲ་ཞིག་ཡིན་མིན་གཏན་ནས་མི་ཤེས་སྟབས། ཁྱེད་རང་ཐད་ཀར་ཁང་མིག་སྐྱིད་པོ་ཞིག་གི་ནང་དུ་འཇོག་ག་ལ་ཐུབ། ད་ནི་ཁྱེད་ཀྱིས་རང་གི་སྐྱིད་སྡུག་གང་ལ་ཐུག་ཡང་ཆོག་ལ། ལས་ཀ་ཡག་བཙོག་གང་དང་འཕྲད་ཀྱང་བྱེད་ཐུབ་ཟེར་མྱོང་བ་མ་ཡིན་ནམ། རང་གིས་རང་ལ་བདག་སྐྱོང་བྱོས། སང་ཉིན་ནི་ཉིན་མ་གསར་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་དག་སུན་སྣང་མེད་པར་མུ་མཐུད་དུ་ཕེབས་ཀྱིན་པ་དེར་སེམས་གཏིང་ནས་གུས་བཀུར་ཡོད།

    Reply
  2. samkhar says:
    ལོ་ 16 སྔོན།

    དངོས་སྒྲུང་རིང་པོའི་བརྗོད་དོན་ལང་ལོང་ཁྲོད།།
    སྐྱབས་བཅོལ་བོད་མིའི་འཚོ་བའི་སྣང་བརྙན་བཞེངས།།
    སྤྱི་ཚོགས་ཡམ་ཡོམ་འཁྱོར་བའི་ས་གཞིའི་ཁྲོད།།
    མྱ་ངན་ལོ་ཟླར་འཐམས་པའི་གདོང་དམར་མང་།།

    Reply
  3. དགོ་རྭ says:
    ལོ་ 16 སྔོན།

    ཨ་རོ་ཤ་ཁྲག་རུས་གསུམ། དེ་འདྲའི་ཐག་ཉེ་དེ་འདྲའི་ངོ་ཤེས་ད་ཁྱེད་རང་ཤེས་སོང་། ལོ་རྒྱུས་འདི་ར་སུས་ལོ་རྒྱུས་ཡིན་མིན་ཤེས་སོང་་།

    Reply
  4. Baichung says:
    ལོ་ 16 སྔོན།

    འཇིག་རྟེན་སྐྱིད་སྡུག་ཟེར་བ་དེ་རང་གི་ཆོག་ཤེས་ལ་རག་ལས་པས་བདེན་པའི་བུ་ཞིག་དང་འཇིག་རྟེན་ལ་ལྟ་ཚུལ་ཡག་དག་ཡོདཔ་ཞིག་། ས་གང་དུ་སོང་ཡང་བདེ་སྐྱིད་ཀྱི་དྲོད་ཁོལ་ཁོ་དང་གྲིབ་མ་བཞིན་ཡོད་རེད། མ་འོང་བའི་ཕུགས་འདུན་བསུ་བའི་ནུས་བ་ཆ་ཚང་རང་ངོས་ན་ཡོད་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བའི་བློ་བཟང་ལྟ་བུརའཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་དར་རྒུད་ཙམ་གྱིས་འགུལ་ལྕོག་རྒྱག་ཐུབ་ཀྱི་མ་རེད་འདོད་ཀྱིན།

    Reply
  5. kawakarpo says:
    ལོ་ 16 སྔོན།

    དགོན་ཁྲ་ཁྲའི་འདུ་ཁང་ནང་དུ། །སྡུག་མེད་ཀྱང་རྐུབ་རིལ་ན་གི འདི་འཇིག་རྟེན་འཁོར་བའི་ནང་དུ། །སྐྱིད་མེད་ཀྱང་སྐྱོ་བ་སངས་ཀི ཞེས་བྲིས་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese