མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞལ་འདེབས་སློང་གི་འདུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་བོད་པ་དག་གིས་ཕྱི་རྒྱལ་གྱི་མི་ཞིག་དང་ངོ་ཤེས་ཆགས་པ་ནས་བཟུང་དེ། དམིགས་ཡུལ་ཡང་དེ་མཚུངས་ཀྱི་བཟང་བོ་ཞིག་མེད་པར་འདུག་པའི་ཚོར་བ་དེ་ནི་ང་རང་ལ་སྔ་ས་ནས་སྐྱེ་མྱོང་ཡོད་ཀྱང་། དེའི་བསྐོར་ལ་གང་ཡང་བཤད་འདོད་མེད་པར་བཞག་པ་ཡིན། འོན་ཀྱང་། དེ་རིང་འདི་ནས་མ་གླེང་ཐབས་མེད་ཀྱི་གནས་ཚུལ་ཞིག་ནི་འདི་འདྲ་རེད། འོག་གི་སྐད་ཆ་འདི་དག་ནི་ང་རང་གི་ངོ་ཤེས་པའི་ཕྱི་རྒྱལ་བ་གྲོགས་མོ་ཞིག་གི་སྐད་ཆ་དངོས་ཡིན།

ངས་ཁོ་མོ་འདི་ལྟར་དྲིས་པ་ཡིན། ཁྱེད་རང་གི་གྲྭ་བ་དེ་ཇི་ལྟར་ངོ་ཤེས་པ་ཡིན།

ཁོ་མོས་ང་རང་ལ་བཤད་རྒྱུར། ང་རང་རྒྱ་གར་ལ་གུང་གསེང་དུ་ཟླ་ངོ་གཅིག་གི་རིང་དུ་ཕྱིན་དུས། རྡ་ས་མེག་ལོར་བོད་ཀྱི་གཙུག་ལག་ཁང་གི་མདུན་དུ་ངའི་གྲོགས་མོ་དང་ངེད་གཉིས་མཚར་སྣང་གིས་དེ་རུ་ལྟ་བསྐོར་དུ་སོང་བ་ཡིན། དེ་དུས་གཞི་ནས་རང་ཉིད་ཀྱི་མི་ཚེ་ནང་དུ་དངོས་སུ་ཐོག་མར་མཐོང་བའི་བོད་ཀྱི་གྲྭ་བ་མང་བོ་ཞིག་དང་མཇལ་སོང་། དེ་དུས་ངའི་གྲོགས་མོ་ངེད་གཉིས་ཀྱིས་གཙུག་ལག་ཁང་གི་འགྲམ་གྱི་མ་ཎི་འཁོར་ལོ་དེ་དག་གཡས་གཡོན་གང་དུ་བསྐོར་དགོས་མིན་ཤེས་ཀྱི་མེད་སྟབས། ངེད་གཉིས་ཀྱིས་མ་ཎི་འཁོར་ལོའི་འགྲམ་དུ་འདྲ་དཔར་ལེན་ཞོར་དུ། མ་ཎི་འཁོར་ལོ་དེ་དག་གཡོན་བསྐོར་བྱེད་བཞིན་པའི་སྐབས་སུ། གྲྭ་བ་ཞིག་ང་རང་གི་འགྲམ་དུ་སླེབས་ནས། ནོ། ནོ། ཟེར་ནས་ང་རང་ལ་དེ་འདྲ་མིན་པའི་བསྐོར་ལ་བརྡ་ཞིག་བསྟན་སོང་།

དེ་ནས་ངས་ཀྱང་ཁོ་རང་གི་གསུངས་པ་ལྟར་གཡས་བསྐོར་བྱས་པ་ཡིན། དེ་དང་འགྲོག་ནས་གྲྭ་བ་དེས་ང་རང་ལ་ཁྱེད་རང་གང་ནས་ཡོང་བ་ཡིན་སོགས་སྐད་ཆ་མི་ཉུང་བ་ཞིག་དྲིས་པ་དེ་དག་ལ་རེ་རེ་བཞིན་ལན་འདེབས་བྱས་པ་ཡིན་ལ། ཁོང་གིས་དགའ་སྣང་དང་འཛུམ་མདངས་སྟོན་ཞོར་དུ་ང་རང་ལ་འདྲ་དཔར་ཞིག་བསྟན་ནས་འདི་ངོ་ཤེས་སམ་ཟེར། དེ་དུས་ང་རང་གི་སྔོན་ཆད་ནས་མཐོང་མྱོང་བའི་༧གོང་ས་མཆོག་གི་འདྲ་དཔར་ཞིག་རེད། ང་རང་གིས་ཀྱང་དེ་ཤེས་པའི་བསྐོར་བཤད་པ་ཡིན།

ཉིན་མ་དེ་ནི་ང་ཚོ་ངོ་ཤེས་པའི་ཉིན་མོ་དང་བོ་ཡིན། དེ་ནས་གྲྭ་བ་དེས་ཁོ་རང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་བ་ཞིག་ཡིན་པ་དང་། གནས་སྐབས་རིང་དུ་རྡ་སར་ཡོང་བ་དང་ཞོར་དུ་དབྱིན་ཡིག་ཞིག་སྤྱོང་འདོད་ཡོད་རབས་སོགས་བཤད། གང་ལྟར། ང་རང་གིས་རང་ཉིད་ལ་དུས་ཚོད་མང་བོ་ཞིག་མེད་ན་ཡང་། ཉིན་མ་དེ་དག་གི་རིང་དུ་རྡ་ས་ནས་བསྡད་པའི་རིང་དུ་ཟུར་ཁྲིད་བྱེད་ཆོག་ཞེས་བཤད་པ་ཡིན།

ཉིན་མ་དེ་དག་གི་རིང་དུ་ཁོ་རང་ལ་ང་རང་གི་ཤེས་ཚོད་ཅིག་བསླབ་ཁུལ་བྱས་པ་ཡིན། ཡིན་ཡང་། ཁོ་རང་དངོས་ནས་ཉིན་མ་ཁ་ཤས་ཀྱི་རྗེས་སུ་ལྷོ་ཕྱོགས་སུ་འགྲོ་དགོས་ཟེར་ནས་འགྲོ་ཁར་ང་རང་ལ་ཁ་པར་ཨང་གྲངས་དང་། ཁ་བྱང་བཅས་སྤྲད་སོང་བ་མ་ཟད། ང་རང་གི་གློག་ཀླད་ཁ་བྱང་ཡང་ཁོ་ལ་སྤྲད་པ་ཡིན། ང་རང་ལྷོ་ཕྱོགས་སུ་ཡོང་ཁོམ་འདྲ་བྱུང་བ་ཡིན་ན། ཁོ་རང་ལ་ཐུག་འཕྲད་བྱེད་དུ་ཡོང་རོགས་ཟེར་ནས་གསུངས་སོང་།

གང་ལྟར། ང་རང་གིས་བསམ་པར་བོད་པའི་གྲྭ་བ་ཟེར་བ་འདི་ནི་དངོས་ནས་ཡག་པོ་ཞིག་རེད་སྙམ་པ་མ་ཟད། རང་ཉིད་ཀྱང་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་ཁོམ་འདྲ་བྱུང་ན་དེ་རུ་འགྲོ་རྒྱུའི་བསམ་བློ་ཡང་འཁོར་སོང་། དེ་དུས་ཁོ་རང་གིས་ང་རང་ལ་གྲྭ་བ་དག་ལ་སྒོར་མོའི་ཡོང་ཁུངས་མེད་པ་དང་འཚོ་བའི་ཐད་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་གསུངས་སོང་ཡང་། ངས་ཁོ་རང་ལ་རོགས་རམ་བྱེད་དགོས་པ་ཞིག་དྲན་མ་སོང་།

རྗེས་སུ་ང་རང་ཕྱིར་རང་གི་རྒྱལ་ཁབ་དུ་ལོག་ཁར་ང་རང་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་མ་ཐུབ་ཀྱང་། ང་རང་གི་གནམ་གྲུ་ནི་རྒྱ་གར་བྷང་བྷེ་ནས་རང་གི་རྒྱལ་ཁབ་དུ་ལོག་གི་ཡོད་སྟབས། ངས་ཁོ་རང་ལ་ཁྱེད་རང་བསྡོད་ས་ནས་ཐག་ཉེ་རེད་འདུག ཁྱེད་རང་ང་རང་ལ་ཐུག་འཕྲད་བྱེད་དུ་ཡོང་འདོད་ཡོད་ན་ངས་ཡར་མར་གྱི་འགྲོ་སོང་གཏོང་ཆོག་ཟེར་ནས་བཤད་པ་ཡིན། དེ་དུས་ཁོ་རང་ཡང་སླེབས་སོང་བ་མ་ཟད། རོགས་པ་གྲྭ་བ་ཞིག་ཀྱང་འདུག སྐབས་དེར། ཁོ་མོས་ང་ལ་འདི་ཟེར་ནས་འདྲ་དཔར་ཞིག་བསྟན་སོང་།

དེ་ནས་ཆུ་ཚོད་ཁ་ཤས་ཀྱི་རིང་དུ་ངེད་ཅག་བྷང་བྷེ་ནས་གྲྭ་བའི་འཚོ་བ་རོལ་སྟངས་སོགས་ཀྱི་བསྐོར་ལ་སྐད་ཆ་འདྲ་གླེང་དེ་བསྡད་པ་ཡིན། ཁོ་རང་ལ་དབྱིན་སྐད་ཡག་པོ་ཞིག་མེད་ཀྱང་། ཁོས་ཁྲིད་དེ་འོང་བའི་གྲྭ་བ་དེས་དབྱིན་སྐད་ཀྱི་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་འདུག ངས་ཀྱང་རང་ཉིད་ཀྱི་མུ་མཐུད་དུ་ཡིག་འབྲེལ་བྱེད་ཆོག་ཟེར་ནས་ཞུས་པ་ཡིན།

དེ་ནས་ང་རང་ཕྱིར་རང་གི་རྒྱལ་ཁབ་དུ་འབྱོར་ནས་ཁོ་རང་ལ་ལག་སྐྱེས་མི་ཉུང་བ་ཞིག་ཉོས་དེ་འཚམ་རྟགས་ལ་བསྐུར་བ་ཡིན། ཁོས་ཀྱང་ང་རང་ལ་ཐུགས་རྗེ་ཆེ་གྲངས་མེད་ཅིག་གློག་འཕྲིན་བརྒྱུད་དེ་བཏང་འདུག དེ་ནས་མི་རིང་བར་ང་རང་ལ་གནས་ཚུལ་ཞིག་གློག་འཕྲིན་བརྒྱུད་དེ་འབྱོར་སོང་། དེ་རུ་ཁོ་རང་གསུང་ཆོས་ལ་འགྲོ་འདོད་ཡོད་པ་དང་སྒོར་མོ་མེད་རབས་སོགས་གསུངས་འདུག སྐབས་དེར་ང་རང་ཡང་ཕྱིར་སླེབས་ནས་མང་བོ་འགོར་གྱི་མེད་ལ། ལས་ཀ་ཡང་རྙེད་མེད་པར་བསྡད་ཡོད་དུས། ངས་ཁོ་རང་ལ་དགོངས་འགལ་མེད་པ་ཞུ། ད་རེབས་ངས་རོགས་པ་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ཞུས་པ་ཡིན།

ཁོང་གིས་ཀྱང་སྐྱོན་མི་འདུག་ཟེར་ནས་ལན་ཞིག་འབྱོར་སོང་། དེ་ནས་ཡུན་རིང་ཞིག་ལ་གློག་འཕྲིན་སོགས་སླེབས་མ་བྱུང་། ཉེ་སྔོན་ཡང་གློག་འཕྲིན་རེ་སླེབས་ཀྱི་འདུག་ལ། འཚམ་འདྲི་རེ་བྱེད་ཀྱི་འདུག ཉེ་སྔོན་ང་རང་ལ་གློག་འཕྲིན་ཞིག་འབྱོར་བ་དེའི་ནང་དུ། ང་རང་ཁོ་རང་གི་ཨ་ཅེ་ཞིག་གི་མིང་ཐོག་ནས་འཕྲིན་ཡིག་ཞིག་སྐུར་འདུག་ལ། ནང་དོན་དུ་ང་རང་ལ་གྲོགས་པོ་ཞིག་ཡོད་པ་དེར་གཉན་ནད་རེག་དུག་འགོས་ཡོད་རབས་དང་དེའི་ནད་བཅོས་བྱེད་པ་དང་རོགས་རམ་ཐད་དངོས་ནས་སྒོར་མོའི་དཀའ་ཁག་འདུག་ན། རོགས་རམ་ཞིག་བྱེད་རོགས་ཟེར་ནས་དྲིས་འདུག ཁྱེད་ཀྱིས་བལྟས་ན་གྲྭ་བ་ཞིག་ལ་ནད་ཚ་དེ་འགོས་སྲིད་དམ་ཟེར་ནས་ང་རང་ལ་བལྟས་དེ་དྲི་བ་ཞིག་བཏང་སོང་།

སྐབས་དེར་ང་རང་ལ་ཡང་གློ་བར་དུ་ལན་གང་ཡང་འདེབས་རྒྱུ་མེད་པ་ལྟར་གྱུར་ན་ཡང་། ངས་ཁོ་མོ་ལ་ཁྱེད་རང་གིས་བལྟས་པ་ཡིན་ནད་ཚད་འདི་མ་གཞི་གང་ཞིག་བལྟས་ནས་འགོས་ཀྱི་ཡོད་པ་རེད་དམ་སྙམ་གྱི་ཡོད་དམ་ཞེས་དྲིས་པ་ཡིན། དེ་དུས་མོ་རང་གིས་ནད་ཚ་དེ་འགོས་པ་ལ་ལམ་ཁ་གཉིས་མ་གཏོགས་ཡོད་པ་མ་རེད། གཅིག་ནི་འཁྲུག་སྤྱོད་ལ་བརྟེན་ནས་འགོས་པ་དང་། གཉིས་ནི་ཁྲག་ཁབ་གཙང་མ་མེད་པ་བེད་སྤྱོད་བྱས་དེ་འགོས་ཀྱི་ཡོད་པ་རེད།

དེ་དུས་ང་རང་ལ་ལན་ཞིག་རྙེད་སོང་། རྒྱ་གར་དུ་ལོ་ངོ་མང་བོ་ཞིག་གི་སྔོན་དུ་ཁྲག་ཁབ་གཙང་མ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོར་ཡུག་སྐྱོ་བོ་དང་ནད་པ་དེ་དག་གིས་ཀྱང་ཁྲག་ཁབ་གཙང་མིན་སོགས་ཀྱི་བསྐོར་ལ་དེ་འདྲའི་རྒྱུས་མངའ་མེད་པ་མ་ཟད། དམིགས་བསལ་གྱིས་གྲྭ་བ་ཚོས་དེའི་བསྐོར་ལ་སློབ་སྤྱོང་སོགས་གང་ཡང་མེད་དུས། ཁྲག་ཁབ་གཙང་མ་མེད་པར་ནད་ཚ་དེ་འགོས་པ་ཡིན་པར་ཐག་གཅོད་ཆོག་པ་རེད་ཅེས་བཤད་པ་ཡིན། དེས་ན་ཁྱེད་རང་གིས་ཁོ་རང་ལ་སྒོར་མོ་བསྐུར་བ་ཡིན་ནམ།

ང་རང་གིས་ཁོས་གསུངས་པའི་གྲངས་ཀ་དེ་ཚང་མ་སྐུར་མ་ཐུབ་ཀྱང་། རང་གིས་ཐུབ་ཚོད་ཅིག་བསྐུར་བ་ཡིན་མོད། དེའི་རྗེས་སུ་ང་རང་ལ་གློག་འཕྲིན་ནམ་འབྱོར་ལ་ངའི་སྦྱིན་བདག་ལགས་ཟེར་ནས་གློག་འཕྲིན་སླེབས་ཀྱི་འདུག དངོས་ནས་བཤད་ན་ང་རང་ཁོང་གིས་སྦྱིན་བདག་ཞིག་ག་ལ་བྱེད་ཐུབ། ཁྱེད་རང་གི་ཤེས་གསལ་རེད། ད་སྐབས་ང་རང་གི་འཚོ་བའི་མགོ་ཐོན་ཙམ་ཞིག་རེད། ཁོང་ཚོས་ཕྱི་རྒྱལ་བ་ཚང་མ་ཕྱུག་པོ་རེད་དྲན་གྱི་ཡོད་པ་འདྲ་ཟེར་ནས་ང་རང་ལ་བཤད་དུས། ང་རང་ཡང་སེམས་གཏིང་ནས་ངོ་ཚ་ན་ཡང་། མ་ཤེས་ཁུལ་བྱེད་ཞོར་དུ། ཁོང་ཚོ་ཁག་མེད་པའི་བསྐོར་སོགས་མི་ཉུང་བ་ཞིག་བཤད་དེ་མོ་རང་ལ་སེམས་གསོ་བྱེད་རྒྱུ་ལས་མེད་པར་གྱུར་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ང་རང་མེད་དུས་ཀྱི་ཟ་ལེ་རྒྱལ་ཁྱིམ་ཚང་དེ་ནི་ཡར་རྒྱས་ཅན་གྱི་ཟ་ལེ་རྒྱལ་ཁྱིམ་ཚང་ཞིག་ཡིན་པར་ཤོག ངས་རེ་བ་ལ་ཉིད་ཀྱིས་དེའི་བསྐོར་གྱི་སྤྱི་ཚོགས་དངོས་མཚོན་པའི་དངོས་སྒྲུང་ཞིག་མི་རིང་བར་དྲ་ཐོག་གི་སྤུན་ཟླ་དག་ལ་འབྲི་རྒྱུར་བདག་གིས་སྐུ་ཉིད་ལ་རེ་སྐུལ་བྱེད་ཀྱི་ཡོད། ང་ཚོ་ནི་འཚོ་བ་དངོས་དང་། སྤྱི་ཚོགས་དངོས་ལ་གོམ་དགོས་ཀྱི་འདུག དེ་དང་འགྲོག་ནས་སྤྱི་ཚོགས་དང་འཚོ་བ་དངོས་ཞིབ་འབྲི་མང་ཙམ་ཞིག་བྱུང་བ་ཡིན་ན། ད་གཟོད་རེ་བ་ཡོད་པ་ནས་ཡར་རྒྱས་སུ་འགྲོ་བར་ཐེ་ཚོམ་མེད་ཟེར་ན་འགྲིག དེ་མིན་སྟོང་བའི་མཁའ་དབྱིངས་སོགས་གླེང་དེ་བསྡད་ན་གང་ཡང་ཕན་མི་སྲིད་ཅེས་བཤད་དཀའ་ཡང་། དུས་རབས་ཀྱི་རྗེས་ཟིན་པ་ལ་ཕན་ཐོག་རྩ་ནས་མེད་པ་སྐུ་ཉིད་ཀྱིས་ཀྱང་མཁྱེན་གསལ་ཡིན་ངེས་ལགས།

    Reply
  2. chentsasopa says:
    ལོ་ 15 སྔོན།

    མ་གཞི་ཁྱོད་ཀྱི་རྩོམ་ཡིག་འདི་ཞིབ་འབྲི་ཙམ་བྱས་པ་ལས་བཙན་བྱོལ་སྤྱི་ཚོགས་ནང་གི་གལ་ཆེའི་རང་བཞིན་ཅན་བརྗོད་གཞི་རེད་མི་འདུག་སྙམ། རྒྱང་རིང་ཞིག་ནས་བཤད་བསྡད་ན་གོ་བརྡ་འཕྲོད་པར་ཐག་རིང་འདྲ་ཞིག་ཚོར་ཡོང་གི

    Reply
  3. chentsasopa says:
    ལོ་ 15 སྔོན།

    ཤ་ཁྲག་ལགས། ཞོགས་པ་བདེ་ལེགས། ངས་བཤད་བཞིན་པ་ཚང་མ་རང་ཉིད་སྡོད་སའི་སྤྱི་ཚོགས་ཇི་མ་ཇི་བཞིན་འབྲིས་བཞིན་ཡོད་པ་ལས་རྟོགས་བཟོ་འདྲ་ཅང་བྱེད་ཀི་མེད། ཁྱིམ་ཚང་ཟ་ལེ་རྒྱ་ཟེར་བ་འདི་མིང་ཚིག་སོ་མ་ཞིག་རེད། ཁྱེད་ཟ་ལེ་རྒྱ་ཡིན་དུས་མིང་ཚིག་འདི་མེད་པ་ཐག་གིས་ཆོད། གཅིག་ཐང་ན་མིང་ཚིག་འདི་ངས་གསར་བཟོས་བྱས་པ་ཡིན་ནམ་ཡང་སྙམ། དེ་ལ་ཁྱད་མི་འདུག
    ཁྱེད་ཀྱིས་ང་ཁྱིམ་ཚང་ཟ་ལེ་རྒྱ་ཚང་གི་བཟའ་དཔོན་དུ་བསྐོས་འདུག ང་མ་དགའ་བ་ཅང་མེད་དེ། ང་ལ་ད་དུང་ཁྱིམ་ཚང་མེད་པས་ཁྱིམ་ཚང་ཟ་ལེ་རྒྱ་ཚང་གི་བཟའ་བྱེད་ས་འགྲོ་ནི་མ་རེད། གལ་སྲིད་རྗེས་ང་ཆང་ས་འདྲ་བརྒྱབས། བྱིས་པ་འདྲ་ཡོད་དུས་ཤིག་ལ་ཁྱིམ་ཚང་ཟ་ལེ་རྒྱ་ཚང་གི་བཟའ་དཔོན་མ་བྱས་རང་བྱས་རེད། དེ་དུས་ང་ངེད་ཁྱིམ་ཚང་ཟ་ལེ་རྒྱ་ཚང་གི་བཟའ་དཔོན་བྱ་རྒྱུ་བྱེད། དེང་སྐབས་རྡ་ས་ནས་སེར་སྐྱ་ཁྱད་མེད་ཀྱིས་ཞབས་འདྲེན་བྱས་དང་བྱེད་བཞིན་པའི་སྐོར་དྲ་ཐོག་ཏུ་འབྲི་འདོད་མི་འདུག

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    སྐར་ཁྲི་བཙན་ལགས། ཞབས་འདྲེན་དང་བོ་ཟེར་ན་ག་འདྲ་ཞིག་ཡིན་པ་རེད་དམ་ལགས།

    གཅན་བཟོད་རྒྱམ་ལགས། ཟ་ལེ་རྒྱལ་སྤྱི་ཚོགས་ཀྱི་མིག་ངོ་ན་ང་ཡིན་ཁྱོད་ཡིན་ཟེར་ནས་འགྲོ་མཁན་དེ་ཚོ་ནི་དངོས་ནས་གདོང་དུ་བུད་དེ་འཁྲབ་བཞིན་ཡོད་པ་རེད། དེ་ཚོ་སྙིང་རེ་རྗེ། འོན་ཀྱང་། སྤྱི་ཚོགས་གསེང་དུ་ཚེར་མ་ལས་ཀྱང་རྩུབ་པའི་ཟ་ལེ་རྒྱལ་གྱི་མིང་མི་འདོད་མཁན་དེ་དག་དངོས་ནས་ཤིག་སྡུག་གི ངན་ནོ་བཤད་ལེ་མི་ཉན་གི ཁྱིམ་ཚང་ཟ་ལེ་ཚང་གི་བཟའ་དཔོན་ལ་ཁྱེད་རང་བསྐོས་པ་ཡིན། དེ་ཡང་ཐད་བསྐོས་ཡིན། བདག་པོ་ཡག་པོ་རྒྱོབས། སྤུས་ཀ་ཇེ་ཡག་ལ་གཏོང་།

    བསེ་རུ་ལགས། སྤྱི་ཚོགས་ཤིག་གི་ཁོར་ཡུག་ནས་རང་ངོ་མི་ཤེས་པའི་མི་མང་བོ་ཞིག་འདི་ལྟར་ཇེ་མང་དུ་ཕྱིན་པ་ཡིན་ན་དངོས་ནས་དཀའ་ལས་ཁག་པོ་ཆགས་རྒྱུ་རེད། རྗེས་ཕྱོགས་ལག་པ་གཞན་བསྲིང་གི་བྱ་བ་འདིའི་རིགས་ལ་དངོས་ནས་འཛེམ་ཐུབ་པའི་ལམ་ཁ་ཞིག་འཚོལ་ཐབས་མ་བྱས་པ་ཡིན་ན། མི་རིགས་རྗེས་མ་དག་གི་དཀའ་ལས་ཁག་ས་རེད།

    ཁོར་ཡུག་གམ་འཁོར་ཡུག་ལགས། དངོས་ནས་བཤད་ན། འུ་ཅག་གིས་རང་གི་བྱ་བ་རང་གིས་དང་དུ་བླངས་དེ་སྤྱི་ཚོགས་གལ་ཆེན་ཞིག་གི་མིང་འཁུར་ནས་ཞབས་འདྲེན་བྱེད་བཞིན་པ་འདིའི་རིགས་ལ་དངོས་ནས་སྔོན་འགོག་བྱེད་རན་རེད།

    བཤད་སྒྲུབ་ལགས། དངོས་ནས་དེ་འདྲ་རེད། དཀའ་ལས་ཁག་པོ་རེད། བཤད་མི་ཉན། བཤད་ན་ཕན་ལས་གནོད། རང་ལ་གནོད་ཀྱང་མི་སྐྱོན་མོད། དེ་ལས་ཀྱང་་་་

    འཇམ་མགོན་ལགས། ཁོམ་པ་ཡོད་དུས་ཤིག་ལ། ཉིན་མ་དྲོ་དུས་ཤིག་ལ་ཤོག

    བསེ་རུ་ལགས་སྐུ་ཉིད་ལ་དངོས་ནས་ཐུགས་ཁག་མི་འདུག འུ་ཅག་གི་སེམས་ཁོང་གི་སྡུག་ཡས་འདི་དག་ལོ་དང་ཟླ་བ་འགྲོག་ནས་དྲངས་ཀྱང་། རང་གི་བཤད་པ་རང་གི་མ་གཏོགས་གོ་རྒྱུ་ཁག་པོ་འདུག་པའི་དུས་རབས་གསར་བའི་རྗེས་སྙེགས་ཟེར་ནས་རང་ཉིད་བསླུ་བཞིན་པའི་མི་རབས་འདིས་བྱེད་སྟངས་དང་བསམ་སྟངས་ཤིག་མཐོང་དེ་འོང་དུས།
    སེམས་པ་སྨུག་སྤྲིན་ཟིན་པའི་ན་བུན་བཞིན།།
    སྐྱོ་བ་དགུན་ཁའི་ལྷག་རླུང་གྲང་མོ་བཞིན།།
    གཟེར་བ་རྨ་ཁའི་སྟེང་ལ་ཚ་ཁུ་བཞིན།།
    གསོན་ཡང་རོ་ཐོ་ལྟ་བུའི་ལུས་པོ་འདི།།
    ས་ཆུ་མེ་རླུང་གང་གི་མ་འཁྱེར་བར།།
    སྲུང་དེ་མི་འདུག་རང་དབང་ལྷག་མ་གང་།།

    Reply
  5. samkhar says:
    ལོ་ 15 སྔོན།

    གྲོགས་པོ་ལགས།
    འདི་ནི་ངའི་ཚོར་སྣང་ཞིག་དང་འབྲེལ་ཤར་མར་ཐལ་སོང་།

    གཤིན་པོའི་ཞིང་ཁམས་དུར་ཁྲོད་འཇིགས་རུང་ནས།།
    འཆར་ཡན་སྟོང་གི་ངུ་སྐད་སྒྲོག་པའི་དུས།།
    མི་རིགས་འདི་ཡི་རྣམ་ཤེས་ཁྲི་མ་འབུམ།།
    ང་ཡི་མགོ་དང་སྙིང་གའི་དབུས་སུ་ཐིམ།།

    Reply
  6. samkhar says:
    ལོ་ 15 སྔོན།

    དྲ་གྲོགས་ཁོར་ཡུག་ལགས།
    ཁྱེད་ཀྱིས་ཐོ་འགོད་གནང་བའི་མཚན་གྱི་དག་ཆ་ནོར་འདུག
    འཁོར་ཡུག་མ་རེད། ཁོར་ཡུག་རེད། བཅོས་ཐུབ་ཚེ་དགེ་མཚན་ཆེ་བར་མཐོང་།
    དྲ་གྲོགས་ཤ་ཁྲག་རུས་གསུམ་གྱི་ཁྱིམ་གཞིས་འདི་བརྒྱུད་ཁྱེད་ལ་གསལ་འདེབས་ཞུས་ཡོད།

    Reply
  7. jamgon says:
    ལོ་ 15 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། བཀླགས་ཟིན་ཁོམ་པ་འདྲ་བྱུང་ན་བསམ་ཚུལ་རེ་གླེང་རྒྱུ་ཡིན།

    Reply
  8. shedup says:
    ལོ་ 15 སྔོན།

    དངོས་གནས་གནས་ཚུལ་འདི་ལ་ང་ཚོའི་དཔྱད་ཞིབ་བྱས་དགོས་པའི་རིམ་པ་མང་པོ་འདུག་ལྷག་དོན་དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལགས་ཀྱིས་གོང་ཏུ་༼ ང་ཚོ་བོད་པ་དག་གིས་ཕྱི་རྒྱལ་གྱི་མི་ཞིག་དང་ངོ་ཤེས་ཆགས་པ་ནས་བཟུང་དེ། དམིགས་ཡུལ་ཡང་དེ་མཚུངས་ཀྱི་བཟང་བོ་ཞིག་མེད་པར་འདུག་པའི་ཚོར་བ་དེ་ནི་ང་རང་ལ་སྔ་ས་ནས་སྐྱེ་མྱོང་ཡོད་ཀྱང་། དེའི་བསྐོར་ལ་གང་ཡང་བཤད་འདོད་མེད་པར་བཞག་པ་ཡིན།༽ཅེས་བཤད་པ་བཞིན་དངོས་ཡོད་ཀྱི་ལོ་རྒྱུས་གང་མང་ཞིག་བཤད་མི་འདོད་པ་ཡིན་ཡང་རེད་དང་བཤད་ན་ཡང་དགོས་པ་ལས་དགག་བྱ་ཆེ་བའི་སྐྱོན་ལས་གང་ཡང་མེད་པ་མཁྱིན་དགོས་སྙམ་།།

    Reply
  9. kelsang phuntsok says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། ད་ནི་མཚམས་སྤྲིན་དམར་པོའི་གོས་ལྭ་སྣབ་མཁན་རྣམས་ཀྱི་ཞབས་འདྲེན་གྱི་མགོ་བརྩམས་པ་སོང། ཕྱིན་ཆད་དེ་འདྲ་མི་ཡོང་བའི་རེ་བ་བྱེད་དགོས༌།

    དྲ་གྲོགས་ཁྱེད་ཀྱསི་འཚོ་བའི་གསང་ལམ་ཕྲོས་ཀྱི་གནས་ཚུལ་དེ་དྲ་གྲོགས་གཞན་གྱི་སྤྱན་ལམ་དུ་བསྟར་བ་དེ་དངོས་ནས་ཡག་པོ་བྱུང་འདུག་ ཁྱེད་ཀྱིས་བཙན་བྱོལ་འཚོ་བའི་ཁུག་སྐྱོག་ཞིག་བསྟན་ནས་ཐོག་མའི་ཉེན་བརྡ་ཤིག་སྤྲད་པ་རེད། དེ་མིན་དེ་འདྲ་ཇེ་མང་ཇེ་མང་འཐོན་གྱི་རེད། གང་ལ་ཞེས་ན་འུ་ཅག་བཙན་བྱོལ་སྤྱི་ཚོགས་ནང་གནས་ཚུལ་ཁྱད་ཚར་པོ་དེ་འདྲ་ཡོང་གི་འདུག ལྷག་པར་རང་མགོ་གཞན་ལ་བཅོལ་གང་ཐུབ་བྱེད་མཁན་ཚང་ཁ་ཤིག་ཤིག་རེད་འདུག

    ཁོར་ཡུག་ནི་ཁོར་ཡུག་རང་རེད། རིམ་གྱི་ནད་དེ་འཕེལ་ངེས་པས་གཉེན་པོ་བསྟེན

    Reply
  10. Baichung says:
    ལོ་ 15 སྔོན།

    རྒྱོ་ཡི་ཞལ་འདེབས་སྤྲོད་མཁན་གཅན་བཟོད་རྒྱམ་ལ་ཤོད། བཀའ་དྲིན་བླ་ན་མེད་པའི་སྦྱིན་བདག་ཆེན་མོ་ལགས ང་ལ་རེག་དུག་ན་ཚ་མི་དགོས །ལགས།

    Reply
  11. samkhar says:
    ལོ་ 15 སྔོན།

    འདི་འདྲའི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་ས་ནས་ཐོན་འོང་དུས།
    ཚུལ་ལྡན་གྱི་བོད་མི་དག་ངོ་གདོང་ཡང་དམར་པོར་གྱུར་ངེས།

    འདི་མར་ཀློག་སྐབས་ཁྱེད་ཀྱི་སྒྲུང་རྩོམ་ནང་གི་བློ་བཟང་ཡང་དྲན་བྱུང་།
    འོན་ཀྱང་བློ་བཟང་དེ་ལྟར་མ་རེད།

    Reply
  12. chentsasopa says:
    ལོ་ 15 སྔོན།

    དེང་སང་རྡ་རམ་ས་ལར་ཟ་ལས་རྒྱ་གསར་པ་ཞིག་སླེབས་འདུག མིང་ལ་ཁྱིམ་ཚང་ཟ་ལེ་རྒྱ་ཟེར། འདི་ཚོས་ཀྱང་གོ་སྐབས་ནམ་རག་ལ་ཞལ་འདེབས་སློང་གིན་འདུག་པ་ཐོས།

    ངས་བུ་མོ་ཡག་མ་ཞིག་ཁྲིད་ཡོང་ནས་ནང་ན་འདུག་གི་བཅུག་ཡོད། རྒྱོ་འདོད་ཡོད་མཁན་ཚོ་སོང་ལ་ཡིད་ཚིམ་པ་ཞིག་རྒྱོ་ཞིག་ཀྱེ།

    Reply
  13. Baichung says:
    ལོ་ 15 སྔོན།

    ཞབས་འདྲེན་དང་པོ་དེ་མ་ཞུས་ཤིག་དྲག་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese