ང་རང་བོད་ཀྱི་མི་ཞིག་ཡིན་དུས། དམིགས་བསལ་གྱིས་གསར་ཤོག་རང་དབང་ཅན་བྱེས་སུ་རྒྱུགས་ཆེ་ཤོས་ཀྱི་བོད་ཀྱི་དུས་བབ་ལ་དགའ་བ་དང་། བོད་ཀྱི་དུས་བབ་ཀྱི་གཙོ་བའི་བོད་ཀྱི་སྐད་ཡིག་ཡོད་སའི་ཟིན་བྲིས་འབྲི་ས་དང་བསམ་ཚུལ་གླེང་ས་ཚང་མར་སེམས་གཏིང་ནས་དགའ། ཡིན་ཡང་། དེང་སང་དྲ་ཐོག་འདི་ན་དུས་བབ་རྩོམ་སྒྲིག་པ་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། རང་རེའི་སྤུན་ཟླ་མི་ཉུང་བ་ཞིག་གིས་རྩོམ་སྒྲིག་པ་བདེན་ཚུལ་དང་ཁོང་གི་གསུངས་པ་ཇི་བཞིན་དུ་ཁས་ལེན་པ་དང་དམ་བཅའ་ཡོད་པར་གསུངས་མཁན་ཡང་མི་ཉུང་གི
ང་རང་གིས་རང་ཉིད་སྒེར་གྱི་བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་དག་གི་ལས་དབང་དང་མ་འོངས་པར་བོད་ཀྱི་དུས་བབ་ཀྱི་རྒྱུན་བསྲིངས་ཐུབ་མིན་སྐོར་ལ་ཡུན་རིང་བསམ་གཞིགས་བྱས་པའི་མཐར། རྩོམ་སྒྲིག་པ་ལགས་ཀྱི་བསམ་ཚུལ་དེ་ལས་ཁ་ཤས་ཤིག་གཏན་ནས་གནས་ལུགས་དང་རྒྱུ་མཚན་ཞིག་མཐོང་མ་སོང་། དཔེར་ན། ཟིན་བྲིས་པ་སུ་ཞིག་ཡིན་ཡང་། འདྲ་དཔར་དང་ཁ་བྱང་། དངོས་མིང་བཅས་གསལ་བོ་དགོས་པ་ལས། དེ་མེད་མཁན་དག་ནི་དྲ་ངོས་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་ཟེར་བ་དེ་རེད།
སྤྱིར་བཏང་ཟིན་བྲིས་པ་སུ་ཞིག་ཡིན་ཡང་། ཐོག་མར་དུས་བབ་ཚང་ལ་ཐོ་འགོད་བྱེད་དུས་སུ། དྲ་བའི་ཁ་བྱང་མེད་པར་ཐོ་འགོད་བྱེད་མི་ཐུབ་པ་ནི། དུས་བབ་ཚང་གི་ལོས་མཁྱེན་ལ། ནང་དགོས་སུ་ཟིན་བྲིས་པ་དེ་དག་གིས་ཀྱང་གནས་ལུགས་དེ་ཤེས་ཡོད་པ་རེད། དེ་ཡིན་དུས། སྐད་ཆ་བདག་པོ་མི་རྒྱག་པར་ཚིག་ཚོད་མེད་དུ་གསུངས་མཁན་དག་ལ་དུས་རྒྱུན་དུ་འགན་འཁུར་མི་ལེན་མཁན་དེ་དག་ནི། ་དུས་བབ་ཚང་མིན་པ་དང་། སྐྱེ་བོ་སྒེར་སོ་སོ་ཡིན་པར་གསལ་བསྒྲགས་བྱས་པ་ཡིན་ན། དེ་ཡི་འཐུས་པ་ཡིན།
གལ་སྲིད་། མི་མང་བོ་ཞིག་གིས་ཟིན་བྲིས་པ་དང་མཆན་པུ་བ་གང་རུང་ཞིག་དུས་རྒྱུན་དུ་སྤུན་ཟླ་ནང་ཁུལ་དུ་དཀྲུགས་ཤིང་གཏོང་མཁན་དང་སྐད་ཆ་ལ་གཏན་ནས་འགན་ལེན་མི་བྱེད་མཁན་དེ་འདྲ་བྱུང་བ་ཡིན་ན། དུས་བབ་ཚང་ནས་ཟིན་བྲིས་པ་དེ་ཡི་མིང་ནས་བོས་དེ། ཟིན་བྲིས་པ་འདིའི་དུས་རྒྱུན་དུ་ཟིང་ཆ་སློང་བ་དང་ཚིག་ཚོད་མེད་དང་རྒྱུ་མཚན་མེད་པ་རྐྱང་བཤད་ཀྱི་འདུག་ན། དྲ་ཐོག་གི་སྤུན་ཟླ་ཡོངས་ཀྱིས་ག་རེ་བསམ་གྱི་འདུག་་ཟེར་ནས་འོས་བླུགས་སྣོད་ཅིག་བཞག་པ་ཡིན་ན་ཡག་པོ་ཡོད་པར་འདོད།
དེ་མིན་བོད་ཀྱི་དུས་བབ་འདི་ནི་བོད་མི་མང་གི་རྩ་དོན་ཆེད་དུ་བོད་མི་གནད་ཡོད་སྒེར་བ་མི་ཉུང་བ་ཞིག་གིས་དཀའ་ལས་བརྒྱབ་དེ། དེ་རིང་གི་བར་དུ་ཚེ་སྲོག་སྲུང་དེ་ཡོང་བ་དེ་ཡང་མུ་མཐུད་དུ་གནས་ཀྱང་། གནས་དོན་མ་ཆོད་པ་ཞིག་བྱུང་བ་ཡིན་ན། དངོས་ནས་སེམས་ཕམ་པོ་རེད། ཕྱོགས་གཅིག་ནས་ང་དང་འདྲ་བའི་སྤུན་ཟླ་མི་ཉུང་བ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་བསྡད་ཡོད་སྟབས། སྒེར་ལ་བོད་ཡིག་གི་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་དེ། ཡིག་ནོར་བསམ་བཞིན་དུ་འབྲི་བཞིན་མེད་ཀྱང་། ཞུ་དག་གི་དུས་ཚོད་་ཀྱི་མི་འདང་བ་དང་། འཁྲིས་སུ་བོད་ཡིག་ཤེས་མཁན་གྱི་བོད་རིགས་སྤུན་ཟླ་ཡང་དཀོན་པོ་ཡིན་དུས། བོད་ཡིག་གི་དྲ་བ་དག་ནི་རང་གི་དུས་རྒྱུན་གྱི་འཚོ་བའི་ནང་གི་སྐད་ཆ་གླེང་ས་ལྟ་བུ་ཞིག་ཆགས་ཡོད་པ་དེ་ཡང་བསམ་གཞིགས་ཤིག་བྱེད་རན་རེད།
མཇུག་མཐར། ང་རང་ནི་ད་ལྟའི་བར་དུ་སྨྱུག་མིང་་འོག་བསྡོད་མཁན་ཞིག་ཡིན་ལ། ཕྱིས་ཀྱང་མུ་མཐུད་དུ་སྨྱུག་མིང་འོག་བསྡོད་འདོད་ཡོད། གལ་སྲིད། སྨྱུག་མིང་འོག་ནས་བསྡད་པ་དེར་འགྲིག་གི་མེད་པ་ཡིན་ན། ང་རང་དུས་བབ་ཚང་ནས་ཕྱིར་འབུད་བཏང་ཀྱང་འགྲིག་གི་ཡོད། འོན་ཀྱང་། དུས་བབ་ཚང་གི་ནང་དུ་ཚིག་དོན་གཉིས་ལ་བྱང་ཆ་ཡོད་མཁན་གྱི་སྨྱུག་མིང་འོག་དུ་ཡོད་མཁན་གཞན་དག་ལ་ཁྱེད་དུས་བབ་ཚང་གིས་བསམ་བློ་ཞིག་གཏོང་རན་རེད་ལགས།
དོན་དངོས་ལ་གདོང་གཏོད་མི་ཐུབ་ན་སྡར་མ་རེད་ལ། དོན་དངོས་ཕྱིར་སྟོན་མི་ཐུབ་པའང་སྡར་མ་རེད། རང་དབང་གི་སྤྱི་ཚོགས་འདིའི་ཁྲོད་སྨྱུག་མིང་སྤྱད་རྒྱུའི་གལ་གནད་གང་ཡང་མེད་དེ་བྱ་ཐབས་འདི་སྔོན་ཆད་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་འོག་ནས་བྱུང་བ་རེད། དེས་ན་ད་ལྟའི་དུས་རབས་འདི་དང་ད་ལྟའི་ཁྱེད་རང་བཞུགས་སའི་སྤྱི་ཚོགས་འདིའི་ཁྲོད་ནས་སྨྱུག་མིང་ལ་ཤི་འཐམ་རོ་འཐམ་བྱེད་པ་དེ་ཅི་ཞིག་གི་ཆེད་དུ་ཡིན་ནམ། དུས་བབས་ཚང་གི་གསལ་བསྒྲགས་དེར་དགོས་པ་གང་མང་ཞིག་ཡོད་པའང་གནད་འདིར་འདུས་པ་རེད།
ཤ་ཁྲག་རུས་གསུམ་ལགས། རྒྱུ་མཚན་དང་གནས་ལུགས་གང་ཞིག་ཡོད་ནའང་ད་བར་ཁྱེད་རང་གི་བྱེད་སྤྱོད་འདི་འགྲིག་མ་སོང་ཟེར་བ་ཞིག་མེད་པར་གུང་ཁྲན་བཏང་གི་བཅིང་གྲོལ་བཏང་བ་བཞིན་ད་ཡོད་ཟིན་པ་ཚང་མར་སྨྱུག་མིང་སྤྱོད་མི་ཆོག་ཅེས་བཀའ་དབང་དེར་ཡག་པོ་མཐོང་མ་སོང་། གནས་སྟངས་དེ་འདྲའི་འོག་ཁྱེད་ཀྱི་ངོས་མེད་པའི་ལན་འདེབས་དེར་རྒྱབ་སྐྱོར་བྱེད་འདོད་བྱུང་། འོན་ཀྱང་དྲ་བདག་གི་དབང་ཤུགས་ཡིན་ན་རེད་ དབང་ཚད་བད་སྤྱོད་གནང་ཏེ་མ་འོངས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བའི་ལམ་ཆེན་བཀག་མི་ཉེས་ལ་དོན་དངོས་ཐོག་སུའི་མ་འགྲིག་པར་ཡོད་ན་ང་ཚོ་མགྲིན་ཅིག་ཐོག་དགག་བྱ་བྱེད་དགོས་ལ་དྲ་བདག་གི་གནང་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་སྙམ་།
ཤ་ཁྲག་རུས་གསུམ་ལགས།
བདེ་མོ་ཡིན་ནམ
ཁྱོད་ཀྱི་སེམས་བཟང་པོ་དང་ཀུན་སྤྱོད་དེར་ངོ་མ་ངས་ཡི་རང་བྱེད་ཀྱིན་ཡོད།
ཡིན་ནའང་། ཡ་མཚར་བ་ཞིག་ལ་ཁྱོད་ལྟ་བུའི་གུ་ཡངས་གི་བསམ་བློ་ཅན་ཞིག་གིས་དོན་དག་ཆུང་ས་ཞིག་ལ་ཨུ་ཚུགས་བྱེད་ཀྱིན་འདུག
ཤ་ཁྲག་རུས་གསུམ་དང་། ལྷ་ཀླུ་གཉན་གསུམ། ལུས་ངག་ཡིད་གསུམ་སོགས་དོན་གཅིག་མིང་གི་རྣམ་གྲངས་ཤིག་ཡིན་པ་མ་ཟད། དེ་སྒྲུང་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན་པ་ཡོངས་གྲགས་རེད། ཁྱོད་ཁྱོད་རང་ཡིན་པ་ཡང་ཡོངས་གྲགས་ཤིག་རེད། ཁྱོད་ཀྱིས་རང་གི་དོན་དང་ལྡན་པའི་མིང་ངོ་མ་དེ་ས་འོག་ལ་སྦས་དགོས་དོན་གང་རེད་དམ། དྲ་འབུ་རྫུན་མ་སྐོར་ཞིག་གིས་དྲ་ངོས་ན་འགན་འཁུར་མེད་པའི་མི་ལ་སུན་པོ་ཅི་ཙམ་བཟོ་བཞིན་ཡོད་པ་རྒྱུས་མེད་པ་ག་ལ་ཡིན། ངོ་མ་ཡ་མཚར་རེད།
ཁྱེད་ཀྱིས་དངོས་མིང་བཤད་རྒྱུར་འཚེར་སྣང་འདུག་ན་ངས་ཁྱོད་རང་ཁྱབ་བསྒྲགས་བྱེད་ཆོག དགོངས་འགལ་མེད་པར་ཞུ།
དགོངས་དག་ཁྱེད་ཕྱིར་འཕུད་ཞེས་ཚིག་འདིར་མཐོང་བ་ཙམ་གྱིས་ངའི་ལག་པ་འདིས་ཡིག་ནོར་མང་ཙམ་བྲིས་འདུག་པས་དགོངས་འགལ་མེད་པ་ཞུ།
མ་ཟད་མི་ཀུན་དང་མཐུན་པའི་བསེ་རུ་དང་སྲིད་ལུགས་ལ་དཔྱོད་པ་མཁས་པའི་སྤོབས་པ་མཐའ་ཡས་ཁྱེད་གསུམ་ནི་དུས་བབ་དྲ་ཐོག་གི་ཟིན་བྲིས་པ་མཆོག་ཏུ་གྱུར་པ་གསུམ་ཡིན།
ཁྱེད་གསུམ་པོ་ཕྱིར་འཕུད་བྱ་མི་སྲིད་སྙམ།
སྤུན་གྲོགས་ཤ་རུས་ཁྲག་གསུམ་ལགས།
ཁྱེད་ཕྱིར་འཕུད་གཏང་ན་འགྲིག་མེད།་་་་བོད་མི་རིགས་ཀྱི་ཆེད་དུ་མི་འགྲིག་་་བོད་ཀྱི་རིག་གཞུང་གི་ཆེད་དུ་མི་འགྲིག་་་་བོད་མི་ལ་རྒྱ་ཡི་ཆེད་དུ་མི་འགྲིག་་་་་བོད་མི་རྒྱལ་ཞེ་ཁྱེད་ལྟ་བུ་ཕྱིར་འཕུད་བཏང་ན་ཅི་ནང་མི་འགྲིག
མུ་མཐུད་ནས་ཟིན་བྲིས་སྦེལ་རོགས་ཞུ།
མན་་་་་མཁན་
སྒོམ་སྡེ་ལྷ་རམས་པ་ལ་བསྙད་བརྐོས་མན་མང་དྲགས་པ་རེད།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།
ཁྱེད་ནི་ང་ཚོ་ཟིན་བྲིས་པ་རྣམས་ཀྱི་གྲལ་འགོར་གནས་ཏེ། ཟིན་བྲིས་མང་ཤོས་སྤེལ་མཁན་ཞིག་དང་ལྷག་བསམ་ཅན་གྱི་སོ་སོའི་རིག་གཞུང་གཅེས་སྐྱོང་བྱེད་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་སྟབས་དུས་ནམ་ཡང་ཕྱིར་འཐེན་མ་བྱེད་རོགས།
ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།
ཁྱེད་ཀྱིས་རང་གི་དངོས་མིང་ལ་དེ་འདྲའི་སྲུང་སྐྱོབ་བྱེད་དགོས་དོན་ག་རེ་རེད། རྩོམ་སྒྲིག་པའི་ཁ་ལ་ཉན་མི་འདོད་པ་རེད་དམ། མ་གཞི་ནས་ཁྱེད་རང་མི་ཡག་པོ་ཞིག་ཡིན་པ་ཀུན་གྱིས་ཤེས་ཀྱི་ཡོད་པ་རེད། རང་མིང་བཤད་པ་ཡིན་ན་ཁྱེད་ལ་གྱོང་ཁ་རུ་ཡོད་རེད་ཨཱ།
རང་སེམས་ན་སྡིག་པ་མེད་ན། གཤིན་རྗེ་ན་འཇིགས་པ་མེད། ཟེར་བའི་དཔེ་ཞིག་ཡོད་པ་དེ་སྐུ་ཞབས་ཤ་ཁྲག་ལགས་ཀྱིས་དྲན་ན་འགྲིག དེ་བཞིན་རྒན་བསེ་རུ་ལགས་ཀྱིས་ཀྱང་དྲ་དཔོན་གྱིས་གསུངས་པའི་དོན་ཚན་གང་གི་ནང་ན་ཡོད་མེད་བརྟག་དཔྱད་བྱས་མེད་པ་འདྲ། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་དུས་ཟིན་བྲིས་ནས་ཕྱིར་ཐོན་དགོས་མིན་རང་རང་གིས་གསལ་ཤོས་མཁྱེན་གྱི་རེད་བསམ་གྱི་འདུག བདག་ལ་ཆ་མཚོན་ན་ཡང་སྨྱུ་མིང་སྤྱོད་མཁན་ཡིན། འོན་ཀྱང་ཟིན་བྲིས་ནས་ཐོན་དགོས་པའི་ནག་ཉེས་གང་ཡང་བསགས་མེད་རྐྱེན་དྲ་དཔོན་གྱི་གསུང་དེས་བློ་ཕམ་མ་བྱུང་།
ཨེ་གྲོགས་པོ། ང་རྒྱུན་རིང་ཟིན་བྲིས་སུ་ཡོང་མ་ཐུབ་ཐལ། དེ་རིང་ཐོན་དུས། དུས་བབ་ཚང་གི་གསལ་བསྒྲགས་ཤིག་ལ་བརྟེན་ནས་མང་བོ་ཞིག་འུར་ཟིང་ངེར་བཏང་འདུག འོན་ཀྱང་སྐུ་ཉིད་ཀྱིས་སེམས་ཁྲལ་གནང་དགོས་མ་རེད། སྐད་ཆ་དེ་ཚོ་མི་སྐོར་ཞིག་ལ་གོ་རྒྱུ་ཅན་བཤད་པ་ཙམ་རེད། སྐུ་ཉིད་ལ་དེས་ཅི་ཡང་ཕོག་གི་མ་རེད། མི་རྣམ་རྟོགས་ཅན་ལ་འདྲེ་དགུ་འཁོར་ཞེས་པར་བསམ་གཞིགས་ཤིག་གནང་རོགས།
སྨྱུག་མིང་ཕར་རྒྱབ་ན་བདེན་དོན་ཡོད་ལ། སྨྱུག་མིང་ཕར་རྒྱབ་ན་དཀྲུག་ཤིང་ཡང་ཡོད། དུས་བབས་དྲ་བར་སྡོད་ཆོག་མིན་སྨྱུག་མིང་སྤྱད་མིན་ལ་ལྟོས་ན་མི་འགྲིག་གི་འདོད། འདིའི་ཐད་ཟིན་བྲིས་པ་ཡོངས་ལ་འོས་ཤིག་བསྡུས་གང་འདྲ་འདུག ཚང་མས་གསུང་རོགས།
ཡིན་རྒྱུ་མ་རེད།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱེད་གསང་མིང་འོག་ཏུ་ཡིབ་ནས་མི་ལ་ཚིག་ངན་རྐྱང་བཤད་མཁན་ཞིག་མིན་པ་མ་ཟད། དྲ་ཁང་འདིའི་ནང་ནས་ཀུན་སྤྱོད་ཡག་ཤོས་ཤིག་ཡིན་པས། དྲ་བདག་གི་ཁྱོད་ཕྱིར་ཕུད་བྱེད་སྲིད་ཀྱི་མ་རེད་ལ་གུས་པར་མཚོན་ན་མོས་མཐུན་མེད། ཡིག་ནོར་ལ་གཟབ་པ་དགོས་་པ་རང་རང་གི་འོས་འགན་རེད་མོད། འཚམས་རེར་ག་འདྲ་གཟབ་ན་ཤོར་འགྲོ་ཡི་འདུག མ་རྩ་སྲབ་པའི་སྐྱོན་ཡིན་རྒྱུ་རེད། གང་ལྟར་ཁྱེད་ཀྱི་ད་ཐེངས་ཀྱི་ཟིན་བྲིས་དེ་ལ་རྒྱབ་སྐྱོར་མི་ཐུབ་ཡང་ཁྱེད་ཀྱི་བཟང་སྤྱོད་དང་ལྷག་བསམ་་དྲ་ཁང་འདིའི་ནང་གི་དམིགས་དཔེ་ལེགས་ཤོས་ཤིག་ཏུ་འདོད་ཡོད། རྗེ་མ་མཇལ་ཡོང་།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། སེམས་མ་སྐྱོ་ངས་བལྟས་ན་ཁྱོད་ཕྱིར་འཕུད་གཏོང་རྒྱུ་མ་རེད། ཅིའི་ཕྱིར་ཞེ་ན། ༼དགོས་པ་རྒྱུ་མཚན་དམིགས་བསལ་ཡོད་ན་ག་དུས་ཡིན་རུང་དམིགས་བསལ་ལ་ལོས་འཇོག༽ ཟེར་བའི་ཚིག་འདིའི་འོག་ནས་ཁྱོད་ཐར་རྒྱུ་རེད། བདེ་མོ།
ཤ་ཁྲག་ལགས།
ཤ་ལ་བརྒྱབས་ན་རུས་བར་མ་གནོད། འདི་ན་ཁྱོད་ལ་ཅི་ཡང་བཤད་མི་འདུག་བསམ།
བོད་ཤ་ཁྲག་རུས་གསུམ་གྱི་གསུངས་པ་ལ་རྒྱབ་སྐྱོར་ཡོད།
དྲ་གྲོགས་རྣམ་པ་ཕེབས་པར་འཚམས་འདྲི་ཡོད།
དུས་བབ་རྩོམ་སྒྲིག་པའི་གསལ་བསྒྲགས་བཀླགས་རྗེས། ང་ཡང་གནས་འདི་ནས་ཕྱིར་ལོག་བྱེད་དགོས་སྙམ་པའི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་། ད་དུང་སྨྱུག་མིང་གི་འོག་གི་དྲ་གྲོགས་རྙིང་པ་མང་པོ་ཞིག་གནས་འདི་ནས་རྒྱང་དུ་གྱེས་པའམ་ཡང་ན་དངོས་མིང་དང་ངོ་གདོང་དམར་རྗེན་དེ་འདོན་པའི་དུས་ལ་བབས་པ་མིན་ནམ་སྙམ།
ཁོ་བོ་ནི་དེང་སྐབས་ལས་བྲེལ་ཆེ་ལ་དྲ་རྒྱའི་མཐུན་རྐྱེན་ཡང་དེ་ཙམ་ལེགས་པོ་མེད་སྟབས། དྲ་གྲོགས་ཚོའི་སྐུ་མདུན་དུ་ཡང་ཡང་བཅར་ཐུབ་ཀྱི་མི་འདུག་པས་དགོངས་འགལ་མེད་པ་ཞུ།།
གྲོགས་སྤོབས་པ་མཐའ་ཡས་གིས་གསུང་པ་ནང་བཞིན་རེད་ ད་དུང་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བཀའི་བསྐོད་རྒྱུད་འཛིན་ལམ་ལུགས་གནས་བཞིན་དུ་སྨྱུག་མིང་བད་སྤྱོད་མ་བྱེད་ན་སྤྱི་ཚོགས་འདིའི་སྐྱོན་མཐོང་ག་ལ་སྲིད་ དུས་བབ་ཚང་ཡང་དུས་རབ་བཅུ་དགུ་པའི་ནང་ཕྱིར་ལོགས་བྱེད་གི་ཡིན་ཟེར་ན་ ང་ཚོར་རེ་བ་ཞུ་ས་ག་རེ་ཡོད་
གྲོགས་པོ་རྙིང་པ་ཤ་ཁྲག་རུས་གསུམ་ལགས། ཁྱེད་ལྟ་བུའི་མི་དྲང་པོ་དང་བརྟན་བརླིངས་ཅན་ཞིག་ནི་དུས་བབ་དྲ་སྟེང་འདིའི་དངོས་མིང་ཅན་ཕལ་མོ་ཆེས་འགྲན་མི་ནུས་པ་ཞིག་ཡིན། ངས་ཐོག་མའི་ཆ་ཞིག་ལ་ཁྱེད་ལ་བསྙད་རྐོ་བའི་ཚིག་ཁ་ཤས་ཤོར་སོང་བ་དེར་ད་དུང་ཡང་འགྱོད་པ་སྐྱེས་ཀྱིན་འདུག སྤྱིར་ན་དྲ་བ་འདི་དྲ་བདག་ལ་དབང་སྟབས་འདི་ལ་བསམ་འཆར་ཟེར་ནས་གང་ཡང་བཤད་ཡོང་རྒྱུ་མི་འདུག ཕར་ཕྱོགས་རྒྱ་ནག་ལ་བལྟས་ན་ཡང་རེད། ཚུར་ཕྱོགས་རང་རེ་བོད་མི་ལ་བལྟས་ན་ཡང་རེད། རང་རེ་འདི་ལྟ་བུའི་ཁོར་ཡུག་གུ་དོག་པོ་ཞིག་གི་ནང་དུ་ཚུད་ཡོད་སྟབས་ང་ཚོ་མང་པོ་ཞིག་སྙུག་མིང་གི་འོག་ལ་སྡོད་དགོས་བྱུང་བ་རེད། ཡིན་དང་ཡིན། ཇི་སྲིད་སྙུག་མིང་གི་འོག་ཏུ་སྡོད་བཅུག་པ་དེ་སྲིད་དུ་འདུག་རྒྱུ་རེད། མ་བཅུག་དུས་འགྲོ་རྒྱུ་རེད། ཁྱེད་ཀྱིས་གསུངས་པ་དེ་ག་རང་རེད། ངས་བསམ་ན་སྙུག་མིང་གི་འོག་དུ་འདུག་མཁན་ཚོས་ཀྱང་གང་ལ་གང་འཚམས་ཀྱི་ནུས་པ་ཐོན་གྱིན་འདུག་བསམ་གྱིན་འདུག དཔེར་ན་སྐུ་སྒེར་ལ་བོད་ཡིག་གི་དྲ་ཚིག་དགོས་པའི་རེ་བ་འདོན་མཁན་དེ་སྙུག་མིང་ཅན་ཚོ་རེད། ཁོང་ཚོས་དེའི་སྐོར་ལ་སྐྱོན་བརྗོད་བྱས་མ་ཐག་ནས་སྐུ་སྒེར་གྱི་བོད་ཡིག་དྲ་ཚིགས་ཤིག་བཟོས་སོང་། འདི་འདྲ་བ་ད་དུང་ཁ་ཤས་ཤིག་བགྲང་རྒྱུ་ཡོད། དངོས་མིང་གི་སྟེང་ནས་འདི་འདྲ་ལབ་ནུས་མཁན་ཁག་པོ་རེད། ཡུལ་ཤུལ་ས་ཡོམ་གྱི་སྐོར་ལ་ཡང་དྲ་སྟེང་ནས་གླེང་བརྗོད་མང་པོ་ཞིག་བྱས་བྱས་རྗེས་སུ་བོད་གཞུང་གིས་འགུལ་བསྐྱོད་འདྲ་ཞིག་རྒྱག་མགོ་བཙུགས་སོང་།
བོད་ཤ་ཁྲག་རུས་གསུམ་ལ་རྒྱབ་སྐྱར་ཡོད
བོད་ཤ་ཁྲག་རུས་གསུམ་རྒྱབ་སྐྱོར་ཡོད