མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཅིག་གི་ལས་ཀ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

གྲོགས་པོས་ང་རང་ལ་བཤད་པ་ལྟར། ངས་ཀྱང་ཁོང་ཉིད་ཀྱི་གཡར་བའི་དོར་མ་དང་ལྷམ་འགོ ཁོ་རང་གི་རྒན་མོས་གྲ་སྒྲིག་བྱས་པའི་ཉིན་གུང་གི་ཁ་ལག་བཅས་བཟུང་དེ་ཁོ་རང་གི་རླངས་འཁོར་ནང་དུ་བསྡད་ནས་ལས་ཀའི་ཕྱོགས་སུ་ཕྱིན་པ་ཡིན།

སྐར་མ་བཅོ་ལྔ་ཉི་ཤུའི་རྗེས་སུ་རླངས་འཁོར་ས་ཚིགས་ཤིག་གི་སྐྱུར་ནས་གཞུང་ལམ་འགྲམ་དུ་ངེད་གཉིས་ཀྱི་ལས་དཔོན་ལ་སྒུག ལམ་འགྲམ་གྱི་བུད་མེད་མཛེས་མ་ཚོར་མིག་ཞགས་རེ་འཕངས་སྟེ་བསྡོད་ཀྱིན་པའི་སྐབས་སུ། སྐར་ཆ་ཉི་ཤུའི་རྗེས་སུ་ལས་དཔོན་ངེད་གཉིས་སར་རླངས་འཁོར་ཞིག་སྐོར་ནས་སླེབས་པ་དང་། ཁོང་གིས་དགོངས་དག དེ་རིང་ང་ཅུང་འཕྱི་སོང་ཟེར།

ང་རང་གི་མི་ཚེའི་ནང་དུ་ལས་ཀ་དེ་འདྲ་ཞིག་སྔོན་ཆད་རྩ་ནས་བྱས་མྱོང་མེད་སྟབས། གྲོགས་པོས་གང་བཤད་ལྟར་ལས་དཔོན་དེ་ཡི་ཟུར་ནས་ཡར་རྒྱུགས་མར་རྒྱུགས་བྱས། ང་ཚོའི་ལས་ཀ་ནི། ལྡུམ་ར་གཙང་མ་བཟོ་བ་དང་ལྡུམ་ར་གསར་དུ་འཛུགས་པ་སོགས་རེད། ཞོར་དུ་མེ་ཏོག་ཀྱང་འདེབས་ཀྱི་ཡོད་པ་རེད་འདུག དེང་རབས་འཕྲུལ་ཆས་ཁ་ཤས་ཤིག་ལ་འཐམ་ནས་ལས་ཀ་ཧུར་ཐག་འབད་ཐག་བྱས། གྲོགས་པོ་ནི་བདག་ལ་ཆེས་བཟང་བ་ནི་བཤད་མི་དགོས་པ་ཞིག་ཡིན། ལས་དཔོན་ཡང་བསམ་ཤེས་ཤིག་རེད།

ང་ཚོས་སྡོམ་པའི་མི་ཚང་བདུན་གྱི་ལྡུམ་ར་གཙང་མ་བཟོས། ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་འགོ་བཙུགས་དེ་ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཀ་བར་དུ་ལས་དུས་ཡིན་ཡང་སྐར་མ་བཅོ་ལྔ་ཙམ་ཞིག་འགོར་འདུག ལས་དཔོན་གྱིས་ང་རང་ལ་མུ་མཐུད་དུ་ལས་ཀ་དེར་སྤྲོ་སྣང་ཡོད་མེད་དང་རླངས་འཁོར་སྐོར་འདོད་ཡོད་མེད་སོགས་མི་ཉུང་བ་ཞིག་དྲིས་རྗེས་སུ་ངེད་ཅག་གི་ལས་མཚམས་བཞག་པ་ཡིན།

གྲོགས་པོ་ངེད་གཉིས་ལས་མཚམས་བཞག་ནས་ཁོ་རང་གི་རླངས་འཁོར་ཡོད་སའི་འགྲམ་དུ་འབྱོར་ལ་ཉེ་བའི་སྐབས་སུ་ཁོ་རང་གིས་གད་སྙིགས་བླུགས་སྣོད་ཆེན་པོ་ཞིག་གི་ནང་དུ་མེ་ཏོག་བཙོང་མཁན་གྱི་ཚོང་ཁང་ཞིག་ནས་མེ་ཏོག་རྙིང་བ་དག་གད་སྙིགས་དུ་འཕྱོ་ཡོད་པ་མཐོང་། ཁོ་རང་གིས་ནང་དུ་འཁུར་རྒྱུ་ཡིན་ཟེར། ངས་ཀྱང་ཁོ་རང་གི་རེ་འདོད་ལྟར། གད་སྙིགས་ཀྱི་སྣོད་ཆེན་པོ་དེ་ལས་མེ་ཏོག་རྙིང་བ་མི་ཉུང་བ་ཞིག་ཡར་སྒུམ་རོགས་བྱས་པ་ཡིན།

ངས་ཁོ་རང་ལ་མེ་ཏོག་དེ་དག་གིས་གང་བྱེད་ཅེས་དྲིས་དུས། ཁོ་རང་གིས་ང་རང་གི་བུ་མོ་འགྲོ་སའི་སློབ་གྲྭའི་ར་བའི་ནང་དུ་སྤྲོད་རྒྱུ་ཡིན་ཟེར། དེ་ནི་དངོས་ནས་རང་ལས་གཞན་གཅེས་ཀྱི་བསམ་བློ་ཞིག་ལག་ལེན་དུ་བསྟར་བ་རེད་སྙམ་ན་ཡང་། ཁྱེད་རང་གི་མིང་ལ་ངས་གད་སྙིགས་སྐྱབས་བཏགས་པ་ཡིན་ཞེས་རྩེད་མོ་རྩེད་ཞོར་དུ་ངེད་གཉིས་ཁོ་རང་གི་རླངས་འཁོར་ནང་དུ་བུད་དེ་ཕྱིར་ལམ་ལ་ཆས།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༣ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 3

  1. Pobpathaye says:
    ལོ་ 16 སྔོན།

    ལྡུམ་རའི་ལས་ཀ་བྱེད་མྱོང་། ལྡུམ་རའི་ནང་གི་རྩྭ་ངན་བསལ་སྐབས་རྐེད་པ་ཅུང་ཟད་ན་བ་དང་ཉོབ་སྣང་ལྟ་བུ་ཞིག་བྱུང་། དེ་བཞིན་གྱོན་ཆས་ཆ་ཚང་རློན་པ་དང་ས་་འདམ་གྱིས་གོས་ནས་ཕྱི་དྲོ་སྡོད་གནས་སུ་ཡོང་དུས་ལྟ་ཉན་ཞིག་མི་འདུག མཚམས་རེར་ཉི་མ་ཚ་བོ་དང་ཆར་བའི་ནང་དུ་ཡང་ལས་ཀ་བྱེད་དགོས་པ་འདུག་མོད་དེ་ལ་དམིགས་བསལ་འཚེར་སྣང་འདྲ་གང་ཡང་སྐྱེས་མ་སོང་། གང་ལྟར་ཡང་ངས་ལས་ཀ་འདི་ལ་ཅུང་གུ་ཡངས་ཀྱི་ཚོར་སྣང་འདྲ་ཞིག་ཚོར་བྱུང་། ངས་ལྡུམ་རའི་ལས་ཀ་བྱེད་སའི་ཚོགས་པ་དེས་ང་སློབ་ཕྲུག་ལས་ཀ་བའི་ངོ་བོར་ཉར་རྒྱུ་ཡིན་ལབ་ཀྱིན་འདུག་མོད་ལྡུམ་ར་བ་བྱ་རྒྱུར་ཐག་ཆོད་མ་སོང་། ད་ལྟ་ཟས་ཁང་གི་ཐབ་ཚང་ལག་གཡོག་བྱེད་ཀྱིན་ཡོད།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཉིད་ནས་ལྡུམ་རའི་ལས་བྱེད་མྱོང་ཡོད་དམ། ད་ལྟ་ཉིད་ནས་ལས་ཀ་གང་བྱེད་ཀྱི་ཡོད་དམ།

    Reply
  3. Pobpathaye says:
    ལོ་ 16 སྔོན།

    ང་ལས་ཀ་འདི་ལ་ཅུང་དགའ། འདི་ལུས་ཐོག་གི་ངལ་རྩོལ་ཆེན་པོ་འདྲ་ཞིག་ཡིན་ན་ཡང་གནོན་ཤུགས་དང་མགོ་རྙོགས་ཆེན་པོ་མེད་པའི་གུ་ཡངས་འདྲ་ཞིག་ཡིན། ཁྱེད་སྡོད་ཡུལ་དེར་ཚ་བ་ཆེན་པོ་མེད་ན་དེ་ལས་ཀྱང་དྲག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese