མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་བྱེས་གཉིས་ཀྱི་སྙིང་སྟོབས་དང་བར་ཐག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་བྱང་འོད་དཀར་དྲ་ཚིགས་ཀྱི་དེ་རིང་གི་བརྗོད་གཞི་ནས་གཡར་བ་ཡིན།

བགྲོ་གླེང་དུ་འཛོམ་པའི་མི་སྣ་དེ་དག་ནི་བྱེས་སུ་སྐད་གྲགས་ཡོད་པའི་དེང་དུས་ཀྱི་རྡ་སའི་རི་སྒང་འདི་ན་མིང་གྲགས་ཅུང་མི་ཆུང་བ་ཡོད་མཁན་ཤ་སྟག་སླེབས་འདུག་པ་དང་། དེ་དག་གི་བསམ་ཚུལ་ཡང་མང་ཤོས་ཟེར་ནས་ངས་གཏན་ནས་བཤད་ཁག་ན་ཡང་། རེ་ཟུང་རང་ཉིད་དེ་ནས་བསྡད་ཡུན་རིང་གི་སྐད་ཆར་ཉན་དུས། ཚང་མ་ཤེས་མཁན་རྐྱང་ལས་མི་ཤེས་མཁན་མེད་ཚོད་དུ་འདུག་པ་དེ་རེད།
སྐབས་དེར་བདག་གིས་བསམ་ཚུལ་ཐུང་ངུ་འདི་ཞུས་པ་ཡིན། ངས་དེ་རིང་གི་བརྗོད་གཞི་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་ཟེར་བ་འདི་ལ་སྐད་ཆ་ཐུང་ཐུང་ཞིག་ཞུ་འདོད་བྱུང་།

ང་ཚོས་བོད་ནང་གི་བོད་མི་དེ་དག་ལ་སྙིང་སྟོབས་ཆེ་བའི་རྒྱུ་མཚན་ཆེན་པོ་ཞིག་ནམ་རྒྱུན་དུ་མཐོང་གི་ཡོད་པ་དེ་ནི། བོད་ནང་དུ་བཞུགས་མཁན་བོད་མི་སུ་ཞིག་ཡིན་ཡང་། སྐད་དང་ཡི་གེ་སྒང་ནས་ཐུན་མོང་མ་ཡིན་པའི་སྙིང་སྟོབས་ཤིག་སླེབས་ཀྱི་ཡོད་པར་འདོད་ཀྱི་ཡོད། གལ་སྲིད། ཡི་གེ་མི་ཤེས་མཁན་ཞིག་ཡིན་ཡང་། བོད་སྐད་ཤེས་ཀྱི་ཡོད་དུས་རང་ཉིད་བོད་ཅིག་ཡིན་བསམ་པའི་བསམ་བློ་དེ་ཡོད་བསྡད་པ་ཡིན་དུས། བོད་ནང་གི་བོད་མི་དག་གི་སྙིང་སྟོབས་དེ་ནས་བྱུང་གི་ཡོད་པར་ངེས་འཛིན་བྱེད་ཀྱི་ཡོད།

བྱེས་སུ་ང་རང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་དུ་བསྡད་པའི་ཉམ་མྱོང་ནས་བལྟས་པ་ཡིན་ན། དང་བོ་བྱེས་སུ་འབྱོར་མ་ཐག་ནས་བཟུང་དེ་ང་ཚོ་བྱེས་སུ་བསྡོད་མཁན་དག་གི་ཐོག་མའི་བསླབ་བྱ་རྒྱག་སྟངས་དེ་ནོར་ཡོད་པར་ངེས་འཛིན་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། ཁོང་ཚོས་ཁྱེད་རང་ད་ནི་རང་དབང་གི་ཡུལ་དུ་འབྱོར་བ་རེད། ད་ནས་བཟུང་མི་རིགས་ཀྱི་ཆེད་དུ་སློབ་སྤྱོང་བྱས་པ་དང་མི་རིགས་ཀྱི་སྐད་ཡིག་ཐར་ཕྱིན་པ་ཞིག་སྤྱངས་དེ་རང་མི་རིགས་ཀྱི་ཆེད་དུ་བོད་ཡིག་ཡག་པོ་ཞིག་སྤྱངས་དགོས་པ་རེད་ཟེར་མཁན་མེད་པར། ད་ནི་ཁྱེད་རང་གིས་དབྱིན་ཡིག་ཡག་པོ་ཞིག་སྤྱངས་དགོས་པ་རེད། དེ་ལྟར་བྱས་པ་ཡིན་ན་རང་གི་ལྟོ་གོས་དང་ཕྱི་རྒྱལ་གང་རུང་དུ་བསྡོད་ཐུབ་ཀྱི་རེད་ཟེར་བ་སོགས་བཤད་ཀྱི་ཡོད་པ་རེད། ད་དུང་། ཁྱེད་རང་ལུང་པ་གང་ནས་ཡིན་ཟེར་བ་སོགས་གླེང་བ་ལས་ང་ཚོ་བོད་མི་ཞིག་ཡིན་དུས་བོད་མི་རིགས་ཀྱི་ལས་ཀ་ལ་འགན་ཡོད་པ་ཞིག་ཆགས་དགོས་པ་ཟེར་ནས་གསུངས་མཁན་ཉུང་བ་ནས་ཉན་ན་མི་འདོད་པའི་སྐད་ཆ་དེ་ཡི་རིགས་བཤད་མཁན་བོད་ནས་ཡུལ་དུ་འབྱོར་བ་ནས་བཟུང་དེ་འགོ་འཛུགས་ཀྱི་ཡོད་པ་རེད། དེ་ནི་ང་རང་སྒེར་ངོས་ནས་ཡག་པོ་ཞིག་གཏན་ནས་མཐོང་གི་མེད།

དེ་མིན་སྐད་ཆ་མང་བོ་ཞིག་གོང་ནས་ཤེས་ལྡན་མི་སྣ་དག་གིས་གསུངས་ཚར་སོང་། དེ་ཡིན་དུས་ངས་བསྐྱར་དུ་མང་བོ་ཞིག་ཞུ་འདོད་མ་བྱུང་། ད་ལྟའི་བར་དུ་བཤད་བཤད་ནས་བསྡད་པ་རེད། ད་ནི་བཤད་མཁན་མང་ནས་ཉན་འདོད་མཁན་ཡང་ཉུང་དུ་འགྲོ་བཞིན་པའི་དུས་ཤིག་རེད་ཟེར་ནས་བཤད་ཆོག་གི་ཡོད་པ་རེད།

དེ་རིང་ང་རང་ཟུར་ཉན་དུ་དུས་ཚོད་ཀྱི་ཁོམ་ཞིག་རང་ཉིད་ནས་ལས་བྲེལ་གྱི་བར་གསེང་ནས་བཙལ་དེ་སོང་བ་ཡིན། དེ་རུ་འཛོམ་པའི་མི་སྣ་དེ་དག་ནི་གཅིག་ལས་གཅིག་བྱེས་སུ་མིང་གྲགས་གང་ཙམ་ཡོད་མཁན་རེད་ཟེར་ན་མ་ཆོག་པ་མི་འདུག དམིགས་བསལ་གྱི་གོ་སྐབས་འདི་བརྒྱུད་དེ། འོད་དཀར་དྲ་ཚིགས་ཀྱི་ལས་མི་ཡོངས་ལ་ཡང་དང་བསྐྱར་དུ་འདི་འདྲའི་གོ་སྐབས་མང་བོ་ཞིག་བསྐྲུན་ཐུབ་པར་རེ་སྐུལ་དང་། དམིགས་བསལ་གྱིས་བོད་མི་གཞིས་བསྡོད་ས་གནས་ཁག་དུ་བྱེས་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་གི་བསམ་ཚུལ་བསྡུ་ལེན་དང་ལག་ལེན་ངེས་ལ་གང་ཞིག་སྤྱོར་ཐུབ་མིན་གྱི་ཐབས་ཤེས་ཡོད་མཁན་རེ་ཟུང་ཞིག་རྙེད་པ་དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐུལ་བྱེད་རྒྱུར་རེ་བ་ཡོད་ལགས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. qwertyu says:
    ལོ་ 16 སྔོན།

    བཀླགས་ཡོད

    Reply
  2. free sopu says:
    ལོ་ 16 སྔོན།

    ཨ་གྲོགས་པོ་བདེ་མོ་ཡིན་ན། ཡུནརིང་པོ་ཞིག་ལ་མཇལ་མ་སོང་། ཁྱོད་རང་གུང་གསེང་ལ་སོང་ནས་ལྷོད་གཡེང་བྱས་ནས་བསྡད་ཡོད་པ་འདྲ་ཞིག་ཚོར་གི། ད་དུང་ཁྱོད་རང་ཁོམ་པ་ཡོད་དུས་སྒྲུང་དེའི་འཇུག་ཕུད་རྒྱུ་བརྗེད་མི་ཉན་ཨ།

    Reply
  3. a dawa says:
    ལོ་ 16 སྔོན།

    ༡ རྨོག་རུ་བསྟན་པ། དབུ་མའི་ལམ་རྩོམ་སྒྲིག་པ།
    ༢ ཚུལ་ཁྲིམས་སངས་རྒྱས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
    ༣ ཧར་གདོང་ཨ་འཇིགས། ཀུན་སྤྱོད་རྩོམ་སྒྲིག་པ།
    ༤ ཤིས་ཚང་མཁྱེན་རབ་རྒྱ་མཚོ། མཆོད་མེ་རྩོམ་སྒྲིག་པ།
    ༥ བོན་བརྒྱ་བསྟན་འཛིན་རབ་རྒྱས། ལྗང་རླུང་རྩོམ་སྒྲིག་པ།
    ༦ གསེར་རྟའི་ཚུལ་ཁྲིམས་འོད་ཟེར། སྤྱི་འཐུས་ལས་ཐོག་པ།
    ༧ གཙང་སྐོར་འཕྲིན་ལས་རྒྱ་མཚོ། སམྦྷཊ་རྩོམ་སྒྲིག་པ།
    ༨ ཨ་རིག་དགེག་མཐོང་། གསར་འགོད་པ།རྩོམ་སྒྲིག་པ།
    ༩ ཀླུ་སྐལ་བཟང་རྡོ་རྗེ། སྤྱི་འཐུས་ཚགས་པར་རྩོམ་སྒྲིག་པ།
    ༡༠ གསེར་རྟའི་ཚུལ་ཁྲིམས་བསྟན་འཛིན། སམྦྷོཊ་རྩོམ་སྒྲིག་པ།
    ༡༡ ཟུང་ཆུ་གངས་རི། མོན་གྷོ་གངས་ལྗོངས་རང་བདེན་ཚོགས་གཙོ།
    ༡༣ ཨ་མཆོག་ཀླུ་སྒྲུབ་བསྟན་དར། དྷི་སྐད་རྩོམ་སྒྲིག་པ།
    གོང་གསལ་རྣམས་འུ་ཚོ་མདོ་སྨད་པ་ནང་གི་ཨ་ཡོད་ནང་གི་ད་ཡོད།སྒོང་ང་ནང་གི་སེར་རིལ་ཞེ་གཅིག་ཡིན་པས་རང་རེའི་མི་དམངས་རྣམས་ནས་འདེམ་ཁ་མ་ནོར་བར་གནང་རོགས།

    Reply
  4. losang sopa (s) says:
    ལོ་ 16 སྔོན།

    དྲྭ་གྲོགས་ཁྱེད་ཀྱི་རྩོམ་དེར་གནས་ལུགས་ཆེན་པོ་འདུག་ཀྱང་ཤོད་དགོས་པའི་གནས་ལུགས་མང་པོ་ཞིག་ཤོད་ཐུབ་མིན་འདུག ཁྱོད་ཀྱི་ཚབ་བྱས་ཏེ་ཁོ་བོས་ཁ་ཤས་བཤད་ན། ཐོག་མར་ངེད་རང་བོད་ནང་དུ་སྡོད་དུས་སུ་ངའི་ཐོས་པའི་གཞས་ནི་ཆབ་སྲིད་ཀྱི་གཞས་ཁོ་ན་ཡིན། ་དེ་ཡང་རིགས་གཉིས་ཏེ་ཏང་ལ་བསྟོད་པ་དང་མི་མང་གི་འགོ་འཁྲིད་ལ་བསྟོད་པ་དང་༧གོང་ས་མཆོག་ལ་བསྟོད་པ་དང་བོད་ཀྱི་རིགས་གཞུང་ལ་བསྟོད་པ་སོགས་ཡིན། འོན་ཀྱང་བཙན་བྱོལ་ནང་གི་གཞས་ནི་རྩ་གཞས་སྟེ་ཆགས་གཞས་དང་ཨར་གཞས་སོགས་ཆེས་རྙིང་རྙིང་དུ་གྱུར་བའི་གནའ་སྔ་མོའི་ལས་གླུ་སོགས་ཡིན། བོད་ནང་དུ་གྲོགས་པོ་ཕན་ཚུན་སྐད་ཆ་ཞིག་བཤད་སྐབས་སུ་ཆབ་སྲིད་ཀྱི་སྐད་ཆ་དག་ཡིན་ཏེ་ཞོག་པ་ཨ་རིའི་གསར་འགྱུར་ནས་ཅི་བཤད་པ་དང་༧གོང་ས་མཆོག་མཛད་འཕྲིན་རྒྱལ་ཁབ་གང་དང་གང་དུ་སྐྱངས་པ་སོགས་ཤོད། བཙན་བྱོལ་ནང་དུ་སྒྲོག་ལར་དང་གཡུ་རོལ་གྱི་བརྫ་ཐང་ཆེ་ཆུང་དང་། ཁ་སང་མི་ལྔ་ལ་ཝི་ཛར་རགས་པ་དང་ཁ་ཉིན་བཅུ་ལ་རག་པ་སོགས་ཀྱི་གནས་ཚུལ་ཤོད་ཀྱི་ཡོད། སྤྱི་ཚོགས་ཀྱི་འཁོར་ཡུག་ཞིག་གམ་ཡང་ན་ཁུམས་བུ་གངས་ལ་དེ་མཐོ་གྲགས་པས་བོད་ནང་གི་གོམས་གཤིས་དང་སེམས་ཤུགས་ཡོངས་རྫོགས་ང་ཚོས་མ་ཐེག་པར་གངས་མཚམས་སུ་ལྷག་ཡོད་པ་ལྟར་བུའི་འཚོར་སྣང་ཞིག་དགོག་མེད་དུ་ཤར་གྱིས་མིན་འདུག་གམ།

    Reply
  5. tenphel says:
    ལོ་ 16 སྔོན།

    བཀླགས་ཟིན་

    Reply
  6. asdfgh says:
    ལོ་ 16 སྔོན།

    ཁྱོད་ཀྱིས་བཤད་པ་དེར་གནས་ལུགས་ཤིག་ཡོད་ཀྱི་རེད་བསམ་གི གང་ལྟར་ཡང་བོད་ནང་གི་བོད་མི་ཚོ་དང་བྱེས་སྡོད་བོད་མི་ཚོའི་བར་ན་གོམ་གཤིས་དང་སྙིང་སྟོབས་གང་གི་ངོས་ནའང་མི་འདྲ་བའི་ཆ་མང་པོ་འདུག བོད་ནང་གི་བོད་མི་ཚོ་ལ་དྲང་བདེན་གྱི་རྨང་གཞི་དང་སྲོག་ལ་ཐུག་ཀྱང་ཕྱི་ནུར་མི་བྱེད་པའི་སྙིང་སྟོབས་ཤིག་མངའ་བ་རེད། དེ་ནི་ཉིས་བརྒྱད་ལོའི་ཞི་བའི་གསར་རྗེ་ལྟ་བའི་ར་སྤྲད་ཡོད་པ་རེད།ཕྱི་སྡོད་བོད་མི་ཚོ་ནི་དེའི་ལྡོག་ཕྱོགས་ན་ཡོད་པ་ལྟ་བུ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese