མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྩོད་པའི་ཀ་ཁ་བཀླགས་རྗེས་སུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp


ཀ་དག་སྤྲོས་བྲལ་ཟེར་ནས་ཀློག་འདོན་ལ་བྲེལ་བའི།།
ཁ་བའི་རིགས་ཀྱི་དམར་བོའི་སྡེ་དག་ནས་བརྩམས་དེ།།
ག་ལེར་ན་ནིང་ནས་བཟུང་མི་རིགས་ཀྱི་དོན་དུ།།
ང་འོ་སྙམ་པའི་བློ་རྒྱ་བསྐྱེད་པ་དེ་བསྟོད་དོ།།

ཅ་རིལ་རྐང་གཅིག་ལྟ་བའི་ཕྱི་བསྡོད་ཀྱི་ང་ཚོ།།
ཆ་ལུགས་ཀུན་ལ་འདྲིས་ཤིང་རང་གཤིས་དེ་བོར་ནས།།
ཇ་ཁ་ཆང་ཁ་ཙམ་ལ་མགོ་བོ་འདི་རྨོངས་དེ།།
ཉ་རྙོག་གཏམ་ལ་འཚུད་པ་ཡིད་སེམས་དེ་སྐྱོ་བ།།

ཏ་ལེན་ཕྲག་དུ་འཁུར་བའི་རྒན་པོ་ཞིག་ཡིན་ཡང་།།
ཐ་ཤལ་སྤྱོད་པའི་ལུགས་སུ་གང་ཐུབ་ཀྱི་འཛེམ་ནས།།
ད་ལྟའི་བོད་ཀྱི་ལས་དབང་སེམས་ཁོང་དུ་བསྒོམ་བཞིན།།
ན་ནིང་དོ་ཚིགས་༧རྒྱལ་བའི་བཀའ་སྲུང་དེ་སྒྲུབ་སོང་།།

པ་མགོ་མིན་ཡང་རང་དོན་ཁོ་ན་ཡི་ཆེད་དུ།།
ཕ་མ་ཉེ་དུ་བཞག་ནས་རྒྱང་རིང་དུ་བྱོལ་བའི།།
བ་གླང་སྤྱོད་པ་ལས་ཀྱང་སྡུག་པ་རང་མེད་ཀྱང་།།
མ་ཡུལ་གངས་ཅན་དོན་ལ་བརྩོན་མཁན་ནི་ཇེ་ཉུང་།།

ཙ་རི་ཡུལ་དུ་གནས་པའི་རང་རིགས་ཀྱི་གཞིས་ལུས།།
ཚ་གྲང་དཀའ་སྤྱད་སྡུག་རུས་འབད་མེད་དུ་བྱེད་ཞོར།།
ཛ་དྲག་དུས་དེར་དང་ལེན་འཁུར་མཉམ་གྱིས་བཞེས་དེ།།
ཝ་མོའི་གཞུང་ལ་ངོ་རྒོལ་གཅིག་རྗེས་དེ་གཉིས་མཐུད།།

ཞྭ་སེར་བསྟན་པའི་བདག་པོའི་བཀའ་དགོངས་ཀྱང་མ་བསྒྲུབ།།
ཟ་ཧོར་རྒྱལ་བོའི་གནའ་སྒྲུང་རྨི་ལམ་དུ་མ་རྨིས།།
འ་ཅག་རང་རིགས་ཟེར་ནས་རང་སྲོག་ཀྱང་མ་འབུལ།།
ཡ་མ་གཟུགས་ཀྱི་མི་ཚེ་ས་མཐའ་ནས་བསྐྱེལ་སོང་།།

ར་བ་གངས་ཀྱི་འཁོར་བའི་བོད་རིགས་ཀྱི་སྤུན་ཟླ།།
ལ་ལུང་གང་སར་གནས་པའི་ཡུལ་གྱུར་གྱི་ང་ཚོ།།
ཤ་ཁྲག་གཅིག་པའི་འདུ་ཤེས་ཟབ་མོ་དེ་བསམ་ནས།།
ས་ལའི་སྨན་ལྗོངས་ཆེད་དུ་ཆིག་སྒྲིལ་གྱིས་ལོངས་ཤོག།

ཧ་ཅང་ཀུ་རེ་ཚུལ་དུ་བྲིས་པ་རང་མིན་ཡང་།།
ཧ་ལམ་མ་བཤད་ཐུ་མེད་སྤུན་མཆེད་ཀྱི་ཀ་རྩོམ།།
ཨ་མཚར་དང་བཅས་ཀློག་རྗེས་ཤར་མར་དུ་འབྲི་དོན།།
ཨ་ལན་མེད་ན་བདེ་བོ་མེད་པ་དེ་མཐོང་སོང་།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

མཆན། 6

  1. yuthog says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    ངས་དེ་རིང་རང་དབང་གླེང་སྟེགས་ནས་ཁྱེད་ཀྱི་རྩོམ༼སེམས་ཤོར་བུ་མོ་ཞིག་ལ་༽
    ཞེས་པ་དེ་མཐོང་བྱུང་།
    འུ་གཉིས་བར་ལ་མི་འདྲ་ས་ཞིག་ནི་ཁྱེད་ཀྱི་དེ་༼སེམས་ཤོར་བུ་མོ་ཞིག་ལ་༽ཡིན་པ་དང་། ངའི་དེ་༼སེམས་སོང་བུ་མོ་ཞིག་ལ་༽ཞེས་པ་དང་ཡང་།
    ཁྱེད་ཀྱི་དེ་ཚིག་བཅད་སྙན་ངག་ཡིན་པ་དང་། ངའི་དེ་རང་མོས་སྙན་ངག་ཡིན་པ་རེད། གང་ལྟར་མཐོང་བ་ཙམ་གྱིས་དགའ་བོ་བྱུང་།
    སྐུ་ཉིད་ལ་ཁོམ་པ་བྱུང་ན་ཕྲན་གྱི་ཟིན་བྲིས་སུ་ཕེབས་ནས་བསམ་ཆར་དང་བླང་དོར་
    སོགས་གནང་རོགས་ཞུ།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    དགེ་བ་ལ་ང་ལ་བསྔོས། སྡུག་པ་ཁྱེད་རང་འཁུར་ནས་བུད་སོང་ནས། ཧཧཧཧ

    ཉི་ཟླའི་མགྲོན་བདག་ལགས། ཕེབས་པ་དེ་ཙམ་གྱིས་དགའ་ནས་ཡོད། བོད་ནང་གི་གནས་བབས་དེ་ཡི་སྐོར་ལ་བསམ་གཞིགས་་བྱེད་རོགས། འབོད་སྐུལ་ཞུ་ས་ཡོད་ན་ཞུ་རོགས།

    ཨ་འཇིགས་ལགས། ཁོམ་དུས་སུ་སྐོར་ར་རེ་བྱེད་དུ་ཡོང་བ་དགའ་ནས་ཡོད།

    ཨུ་ཚུགས་ཅན་ལགས། བསྟོད་ཀྱང་བསྟོད་འདུག སེམས་ཡང་སྡུག་འདུག གང་ལྟར། ང་ཚོ་བོད་མིའི་སྐྱིད་སྡུག་ནི་དེ་འདྲ་རེད། ད་ནི་ང་ཚོ་ཚང་མས་བོད་ཕྱི་ནང་གཉིས་ཀྱི་ནང་ནས་ནང་ལ་བལྟ་རྟོགས་བྱེད་དགོས་ཀྱི་འདུག་ཡ་་

    Reply
  3. དགོ་རྭ says:
    ལོ་ 16 སྔོན།

    འདི་མོ་བྲིས་ནོ་སེམས་ནས་དགའ་གི་ར།
    འདི་མོ་གོ་ན་སེམས་ནས་མི་སྐྱིད་ཀི

    Reply
  4. jigme says:
    ལོ་ 16 སྔོན།

    ཨ་རོགས། ཁྱོད་འདིར་གཡུགས་ཆེ་ནེ་ཀི་ ཀློག་རྒྱུར་ཡང་རྗེས་མི་ཟིན་གི་གོ། ཅིག་བྲིས་དང་དུས་བྱ་འཕུར་དང་ནི་འདྲ་ཞིག་ར།

    ད་རུང༌། ཐ་ཧར་ཁྱོད་གཉིས་འཛིང་རེས་ཡེད་དང་དུས། ངུ་ཙོ་དགོད་རྒྱུ་ཡོང་ངེ་ད་མི་བ་གི

    Reply
  5. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས་ཀ་རྩོམ་དང་ལྗགས་རྩོམ་དེ་ཞིབ་མོར་ཀློག་ཚར་ཡིན།
    དམིགས་གསལ་གྱི་བསམ་ཚུལ་བཤད་རྒྱུ་རག་མ་སོང་དགོངས་དག་ཞུ་ཆོག
    རྗེས་མ་ཡོང་གི་ཡིན།

    Reply
  6. karmadentse says:
    ལོ་ 16 སྔོན།

    ཁྱོད་ཀྱི་རྗེས་ལ་མི་ཞིག་གིས་རྩེབས་ས་མ་རེད། ཁྱོད་ཀྱི་ཀ་རྩོམ་ཐེངས་གཉིས་ལ་བཀླགས་པ་དང་དེ་ལ་དགེ་བ་འདྲ་ཡོད་ན་ཁྱེད་ཀྱིས་བཞེས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese