མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙལ་ཡང་མ་རྙེད་པའི་བརྩེ་དུང་། དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

                                                                                                     དྲུག་པ།

ཉིན་དེར་ང་དང་བུ་ཀུན་ཐར་སྐྱབས། ཚེ་རིང་དོན་འགྲུབ་ངེད་གསུམ་ངེད་ཚང་གི་སྒོ་འགྲམ་དུ་འབྱོར་དུས། ངེད་ཀྱི་ཕ་མ་རྒན་རྒོན་གཉིས་ཀྱིས་ང་ཚོའི་རླངས་འཁོར་ལ་བལྟ་བཞིན། ཨ་མས་ཨ་ཕ་ལ་བལྟ་བཞིན། བལྟས་དང་རྒན་པོ། འུ་ཚང་གི་སྒོ་འགྲམ་དུ་རྒྱ་རྒན་ཞིག་དང་རྒྱ་མོ་ཞིག ད་དུང་བྱིས་པ་ཞིག་བཅས་ཡོང་གི་འདུག་ཟེར་བ་དེ་ནི་ལོ་གཅིག་དང་ཕྱེད་ལྷག་གི་རིང་དུ་གོ་མ་ཐུབ་པའི་དྲིན་ཆེན་ཨ་མའི་སྐད་དེ་གོ་མ་ཐག ངས་ཨ་མ་ང་ཡིན། ང་བདེ་སྐྱིད་འཚོ་ཡིན།

གློ་བར་བའི་སྐད་ཆ་དེ་ཡིས། ངའི་མ་ལོ་དྲན་པ་འཐོར་དུ་བཅུགས་པ་རེད། ག་ལེར་དྲན་པ་ལས་གསལ་སོང་། གཞི་ནས་ང་ཚོའི་འཚོ་བའི་སྐོར་ནས་བུ་ཆུང་ཀུན་ཐར་དོན་འགྲུབ་སྐྱེ་རེག་བར་དུ་ཡོང་མ་ཐུབ་པའི་རྒྱུ་མཚན། མཚམས་རེར་སྐོར་རེ་རྒྱགས་འདོད་ཡོད་ཀྱང་། བུ་ཆུང་ལུས་ལ་འཁོར་ནས་སྟབས་དེ་བས་ཀྱང་བདེ་བོ་མ་བྱུང་བའི་སྐོར་སོགས་ཞིབ་དུ་ཞུས་པ་ཡིན། ཕ་མ་ནི་ག་དུས་ཡིན་ཡང་ཕ་མ་ཟེར་བ་བཞིན། ང་དང་བུ། ཚེ་རིང་དོན་འགྲུབ་ངེད་གསུམ་དངོས་སུ་ཐུག་འཕྲད་བྱེད་ཐུབ་པ་དེ་ཙམ་གྱིས་སྔོན་ཆད་བྱ་བ་ཐམས་ཅད་ལ་བཟོད་བསྒོམ་གནང་སོང་།

དེ་ནས་བཟུང་། ངའི་ཕ་མ་གཉིས་དང་ང་ཚོའི་བར་གྱི་འབྲེལ་ཐག་ཡང་སྔར་རང་ཉིད་ཕ་མའི་གམ་དུ་ཡོད་པ་ལྟར་ཆགས་སོང་། སྐབས་རེར་ངས་ཀུན་ཐར་སྐྱབས་ཁྲིད་ནས་ཕ་མ་གཉིས་ལ་བལྟ་རུ་འགྲོ་བཞིན་ཡོད་ལ། མཚམས་རེར་ཕ་མ་གཉིས་རྫོང་མཁར་དུ་ཡོང་ནས་ཉིན་ཁ་ཤས་རེ་བསྡད་ནས་ཕྱིར་འགྲོ་བཞིན་ཡོད་པ་རེད།

ཨོ་རེད། ང་རང་ལ་ཀུན་ཐར་སྐྱབས་སྐྱེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་དགེ་རྒན་འབྲུག་འབུལ་རྒྱལ་ཁོ་རང་དངོས་སུ་འབྲུག་དཀར་ཞིག་གི་ནང་དུ་ནས་འབྲུའི་གང་བ་ཞིག་དང་། ཁ་བཏགས་དཀར་གཙང་ཞིག རས་ལེབ་ཅིག ཇ་རིལ་གཅིག་བཅས་འཁུར་ནས་འཚམས་འདྲིར་སླེབས་དུས་སུ། ངས་ཁོང་ལ་ཟླ་གཅིག་གི་རྗེས་སུ་ང་རང་སློབ་སྤྱོང་མུ་མཐུད་དུ་བྱེད་རྩིས་ཡོད་ཅེས་འབོད་སྐུལ་བྱས་པ་ལྟར། ཁོ་རང་སྔར་བཞིན་ང་ལ་སློབ་ཁྲིད་བྱེད་དུ་ཡོང་གི་ཡོད་་པརེད།

ངས་སྤྱངས་འབྲས་ཀྱང་ཡར་རྒྱས་གང་ཙམ་སོང་བ་དེ་དགེ་རྒན་འབྲུག་འབུམ་རྒྱལ་གྱི་མཐོང་ཐེངས་རེར་སེམས་གཏིང་ནས་དགའ་ནས་ང་ལ་བསྟོད་པ་བྱེད་ཀྱི་ཡོད། ཉིན་ཞིག་ཁོང་གིས་ང་ལ་ད་ནི་ཁྱེད་རང་གིས་ཉིན་ཐོ་འབྲི་འགོ་བཙུགས་ན་ཡག་པོ་འདུག ཉིན་ཐོ་ཅི་ཙམ་མང་བོ་བྲིས་ན་དེ་ཙམ་གྱིས་ཁྱེད་རང་གི་ཡི་གེ་ཡར་རྒྱས་འགྲོ་ངེས་ཡིན་ཞེས་གསུངས་པ་ལྟར། ངས་ཀྱང་དེ་ནས་བཟུང་ཉིན་ཐོ་བྲིས་པ་ཡིན། ཉིན་ཐོ་དང་བོ་དེ་ནི་ངས་མ་ཤེས་པར་དགེ་རྒན་འབྲུག་འབུམ་རྒྱལ་ལ་བསྟན་པ་ཡིན།

ཁོང་གིས་ང་རང་ཉིན་ཐོ་མཐོང་བ་དང་དངོས་ནས་སེམས་པ་སྤྲོབ་བོ་བྱུང་ནས། དགད་མོ་ཤུགས་ཆེན་པོ་ཞིག་དང་བཅས། རྗེས་སུ་ཉིན་ཐོ་དེ་འདྲའི་ཁ་དང་ཁོག་པ་ནས་མ་གསང་བར་བྲིས་པ་དེ་ནི་ཆེས་མཆོག་དུ་གྱར་བ་ཞིག་ཡིན་ན་ཡང་། ཉིན་ཐོ་ནི་དངོས་ནས་རང་གི་ཆེས་ཡིད་ཆེས་བྱེད་ཆོག་པའི་ཚེ་གྲོགས་ཤིག་ལ་ཡང་ལས་སླ་བོ་སྟོན་ནི་མ་རེད། གང་ལྟར། ཁྱེད་ཀྱི་ཉིན་ཐོ་འདིས་ང་རང་འཇིག་རྟེན་གཞན་ཞིག་གི་ཁ་དབུགས་རྔུབ་དུ་བཅུགས་སོང་ཟེར་ནས་གསུངས་མྱོང་།

དགེ་རྒན་འབྲུག་འབུམ་རྒྱལ་ནི་དངོས་ནས་ང་རང་ལ་སེམས་གཏིང་ནས་བརྩེ་བའི་དགེ་རྒན་ཞིག་ཡིན་པ་ལས། ངེད་གཉིས་ཀྱི་བར་དུ་དོན་དག་གཞན་གང་ཡང་མེད་ཀྱང་། མི་ཁ་ནི་སུས་ཀྱང་མི་འཁོགས་པ་ཞིག་ཡིན་དུས། མ་བསམ་ས་ཞིག་ནས་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་ཟེར་བ་བཞིན་་་་་་་་

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 4

  1. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་ཅག་ཕེབས་པ་དགའ་ནས་ཡོད། མུ་མཐུད་དུ་ཕེབས་ཤོག་ཨ་ བདེ་སྐྱིད་འཚོས་སྐད་ཆ་མུ་མཐུད་དུ་བཤད་རྩིས་འདུག ང་ཚོས་ལྷན་དུ་ཉན་ཡ་་་

    Reply
  2. jamnor says:
    ལོ་ 15 སྔོན།

    ཡ་ཡ་ཤི་མ་ཐུབ་སྔ་གཞིག་ནས་དྲན་རྒྱུ་མང་གི་མོ། ཨ་ལ་ཀུ་རེ་ཡིན། བྲོ་བ་ཅན་ཞིག་ཡིན་པ་འདྲ

    Reply
  3. loedoe says:
    ལོ་ 15 སྔོན།

    བརྩེ་དུང་ཟེར་བའི་སེམས་འགྱུ་གཉོམ་པོ་འདིས།།
    འཇིག་རྟེན་ཐམས་ཅད་སྡུག་གི་མཚོ་ལ་བཏབ།།
    མཐོ་དམའ་ཆེ་ཆུང་རིགས་རུས་དབྱེར་མེད་པར།།
    འཇིག་རྟེན་ཐམས་ཅད་བརྩེ་བའི་རྒྱ་རུ་ཚུད།།
    མི་འགྱུར་མི་འཇིག་བྱ་དངོས་ཅང་མེད་ཀྱང་།།
    བརྩེ་དུང་སེམས་ཟེར་བའི་སེམས་རྩ་སྙོམ་པོ་འདི།།
    རྒྱུ་རྐྱེན་ཕྲན་བུ་ཞིག་གི་འགྱུ་བ་ཡིས།།
    མི་རྟག་ནམ་མཁའི་འཇའ་བཞིན་ཡལ་ནས་འགྲོ།།

    Reply
  4. karmadentse says:
    ལོ་ 15 སྔོན།

    དགེ་རྒན་འབྲུག་འབུམ་རྒྱལ་གྱི་ལོ་ཚོད་དང་ཁ་ངོའི་དབྱིབས་གསལ་བོ་ཞིག་ཕྲིས་ར་དེ་ནས་ང་ཚོས་མྱི་ཁ་འཁོར་དོན་ཡོད་མེད་བལྟ་ཆོག་གི་རེད། འདི་བསམ་ཚུལ་ཙམ་ཡིན། དེ་མིན་ཁྱེད་རང་བཞུར་གི་སྡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese