མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གི་འཕར་མཆོང་གི་བར་ཐག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ད་དུང་སྐད་ཆ་སྐྱིད་པོ་རེ་བཤད་དེ་བསྡད་ཡོད། བོད་ནང་དུ་རྒྱ་ནག་སྲིད་གཞུང་གིས་བོད་མི་ཉེས་མེད་དག་ནི་རང་བྱུང་ཁམས་ཀྱི་རྩེད་ཆས་ལྟ་བུ་ཞིག་དུ་ངེས་འཛིན་གྱིས་ཉིན་རེ་བཞིན། བཙན་ཁྲིད་དང་བཙན་གནོན། བཙན་གཡབ། དབང་འཁོལ། བཤད་དབང་མེད། འདུག་དབང་མེད། ཐ་ན་ང་བོད་མི་ཡིན་ཞེས་བཤད་ཐབས་མེད་པའི་གནས་སུ་བསྐྱལ། བྱེས་སུ་ད་དུང་བོད་མི་དག་གིས་སང་འགྲོ་ནངས་འགྲོ་ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འཚང་ཁ་ཤིག་ཤིག་བོད་དུ་ལོག་པར་རྩོམ།

རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ། བོད་མི་དག་གིས་ང་རང་རྒྱ་ནག་གི་མི་སེར་ཡིན་ཟེར་བའི་ཡིག་ཆ་དག་ལ་ཐམ་ཁ་རྒྱགས་པ་དང་མཛུབ་ཐེབས་རྒྱག་མཁན་ཡོད། དེ་ཡང་རེག་མི་རེག་གི་སྐོར་ནས་སེམས་འཁྲལ་བྱེད་ཀྱི་ཡོད། ཨ་རིའི་གཞུང་ཚབ་ཁང་གི་སྒོ་འགྲམ་ན། ང་རང་ཆོས་ཚོགས་ཅིག་གི་མགྲོན་པོ་ཡིན། ང་རང་སློབ་གྲྭ་ཅིག་ཅིག་གི་སློབ་མ་ཡིན། ང་རང་མི་ཚང་ཅིག་ཅིག་གི་ཉེ་འབྲེལ་ཡིན། ང་རང་ས་ཕྱོགས་ཤིག་གི་སྤྱིན་བདག་ག་གེ་མོའི་མགྲོན་ཤོག་ཡོད་ཟེར་ནས་འཚང་ཁ་ཤིག་ཤིག་བྱེད་ཀྱི་ཡོད།

བོད་ནང་དུ་བོད་མི་དག་གིས་རང་རང་གི་སྒོ་འགྲམ་ན། འདི་ནི་ངེད་ཚང་གི་ས་གཞི་ཡིན། འདི་ནི་ངེད་ཚང་གི་ཁྱིམ་གཞི་ཡིན། འདི་ནི་ངེད་ཚང་གི་བདག་དབུང་ཡིན། འདི་ནི་ངེད་ཚང་གི་མི་རབས་ཀྱི་རྟེན་ས་ཡིན། ཕྱི་ན་ངེད་ཅག་གི་མགྲིན་ཚབ་པ་ཡོད་ཟེར་ནས་སྐད་འབོད་བྱེད། འུ་ཐུག་ནས་རང་གི་སྲོག་ཡང་འབེན་དུ་བཞག་ནས་བདེན་དབུང་བྱེད་ཀྱི་ཡོད། རང་གི་རྒྱུ་ནོར་ལོང་སྤྱོད་ཡོད་ཚད་བློས་གཏོང་གི་མི་རིགས་ཤིག་གི་བདེན་པ་སྒྲོག་བཞིན་ཡོད། འགྱུར་མེད་ཀྱི་དམ་པ་དམ་ཚིག་ཞིག་གིས་ངེད་ཚང་གི་བླ་མ་བོད་དུ་ཡོང་བར་ཆོག་ཆན་དགོས། བོད་མི་དག་ལ་རང་དབང་དགོས། ཉེས་མེད་ཀྱི་བོད་མི་རྣམས་ལ་མནར་གཅོད་གཏོང་མི་ཆོག་ཟེར་ནས། རང་ཉིད་ཀྱི་ལུས་པོ་འདོམ་བཀང་དེ་རྒྱ་ནག་སྲིད་གཞུང་གི་རྒྱུགས་ཁྱི་དམར་ནག་དག་གི་མེ་མདའི་ཁ་རུ་མཆོང་བཞིན་ཡོད།

བོད་ཡུལ་ན། ཨ་མ་ཞིག་གིས་རང་གི་བུ་ཕྲུག་བཙོན་ནས་ཤི་བར་སྨྲས་ངག་འདོན་བཞིན་ཡོད། གྲྭ་བ་ཞིག་གིས་རང་གི་ཕ་རྒན་རྒྱ་དམག་གིས་གསད་པར་སྨོན་ལམ་འདོན་བཞིན་ཡོད། བུ་ཆུང་ཞིག་གིས་རང་གི་ཕ་མ་གར་སོང་ཆ་མེད་དུ་སོང་བར་ངུ་འབོད་བྱེད་ཀྱི་ཡོད། བུད་མེད་ཅིག་གིས་རང་གི་ཁྱོ་ག་ཉེས་པ་མེད་བཞིན་དུ་བཙན་ཁྲིད་བྱས་པར་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། སྐྱེ་བ་ཞིག་གིས་རང་གི་ཆུང་མ་ལ་དམར་དམག་ཁྱི་སྤྱང་དག་གིས་བཙན་གཡབ་བྱས་པར་ཁོང་ཁྲོ་ཟ་བཞིན་ཡོད། བོད་ནང་དུ་ཇ་ཁ་ཆང་ཁ་ན་བོད་དོན་གླེང་བཞིན་ཡོད་ལ། གླུ་ལེན་གར་རྩེད་ཁྲོད་ན་ཡང་བོད་ཀྱི་ལ་རྒྱ་གླེང་བཞིན་ཡོད།

བཙན་བྱོལ་དུ། བུད་མེད་ཅིག་གིས་རང་གི་ཁྱོ་ག་ཕྱི་རྒྱལ་དུ་ཡོད་པ་དེ་ཡིས་དངུལ་སྒོར་ལེན་དུ་དངུལ་འདྲེན་ཁང་དུ་འགྲོ་བཞིན་ཡོད། བཙུན་པ་ཞིག་གིས་རང་གི་སྤྱིན་བདག་ལ་འཕྲིན་ལན་འབྲི་བཞིན་ཡོད། སློབ་མ་ཞིག་གིས་རང་ཉིད་ཕྱི་རྒྱལ་གང་རུང་ཞིག་གི་སློབ་རྒྱུགས་ལོན་པར་དབྱིན་ཡིག་སྤྱོང་བཞིན་ཡོད། ཨ་མ་ཞིག་གིས་རང་གི་བུ་དང་བུ་མོ་ལ་ཕྱི་རྒྱལ་ནས་བཟའ་ཚང་ཞིག་རེག་པར་སྨོན་ལམ་འདེབས་ཀྱི་ཡོད། སྐྱེ་བ་ཞིག་གིས་ཕྱི་རྒྱལ་བུད་མེད་ཅིག་གི་ཨམ་ཕྲག་གི་འཐིག་སྲབ་ལ་བལྟས་དེ་སྲང་བར་ན་ཁྱི་བཞིན་དུ་འདུར་བཞིན་ཡོད། སྐྱེ་བོ་མི་ཉུང་བ་ཞིག་གིས་རང་ཉིད་ཕྱི་རྒྱལ་གང་རུང་ཞིག་དུ་ཐར་བར་ཐབས་ཤེས་ཡོད་དགུ་འཐེན་བཞིན་ཡོད། ཆབ་སྲིད་བཙོན་པ་མི་ཉུང་བ་ཞིག་གིས་རང་ཉིད་ལ་རྒྱན་ཤོག་དེ་ཐོབ་པར་སྐྱབས་མཇུག་ཞུ་བཞིན་ཡོད། དགེ་འདུན་པ་མི་ཉུང་བ་ཞིག་གིས་རང་ཉིད་ལ་ཆོས་ཚོགས་གང་རུང་གི་མགྲོན་ཤོག་རེག་པར་རེ་བ་རྒྱག་གི་ཡོད། བཙན་བྱོལ་དུ་ཇ་ཁ་ཆང་ཁ་ན་ཕྱི་རྒྱལ་གླེང་བཞིན་ཡོད། གླུ་ལེན་གར་རྩེད་ཁྲོད་ན་ཡང་གཞན་གྱི་ལད་ཟློས་ཁོ་ནར་འཐིམ་ཡོད།

འདི་ནི་དེ་རིང་གི་བོད་ཕྱི་ནང་གཉིས་ཀྱི་གནམ་འོག་ཡིན་ལ། བོད་མི་དག་གིས་བོད་དོན་བརྩོད་སྟངས་དང་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཀྱི་བར་ཐག་ཡིན། བར་ཐག་འདིས་བོད་མི་དག་གི་རྩ་དོན་ལ་ནུས་པ་མེད་པར་འགྲོ་བཞིན་ཡོད་ལ། ནུས་པ་མེད་པ་ནས། ནུས་པ་འདོན་མཁན་གྱི་དབའ་བོ་དབའ་མོ་དག་ལོ་རེ་བཞིན་རྒྱ་ནག་སྲིད་གཞུང་གིས་མེད་པར་གཏོང་བཞིན་ཡོད་ལ། བྱེས་སུ་ཡང་རེ་ཟུང་འབུར་དུ་ཐོན་པར་གྲྭ་སྒྲིག་བྱས་ཀྱང་། སྤྱི་ཚོགས་ཀྱི་ནད་སྙིང་ལྕི་མོའི་ཕྱི་ནང་གསང་གསུམ་ལ་མནར་གཅོད་ཐེབས་ནས་འགུལ་མེད་དུ་གྱུར་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 6

  1. sha tak ri sim says:
    ལོ་ 15 སྔོན།

    གངས་རིའི་བུ་ལགས། བདེ་ཐང་ཡིན། འཚམ་འདྲི་ཞུས་པ་བཀའ་དྲིན་ཆེ། སེམས་པ་དངོས་ནས་སྐྱོ་ནི་ཞིག་རེད། དེང་སང་བོད་ལ་སྐྱེ་ཡང་བོད་དོན་དུ་ལས་ཀ་ཏུལ་འབྲི་ཙམ་ཡང་བྱེད་མི་ཐུབ་པའི་བོད་མི་ཞིག་གི་སྐྱེ་ནས་ཡོད་པ་དེར།

    Reply
  2. snowyson says:
    ལོ་ 15 སྔོན།

    གྲོགས་པོ་ལགས་ཁྱེད་བདེ་མོ་ཡིན་པས

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    རྣམ་པ་གསུམ་ཕེབས་པ་དགའ་ནས་ཡོད། བསམ་ཚུལ་གསུངས་པ་དེར་གུས་བརྩི་ཡོད།

    Reply
  4. kkalsang says:
    ལོ་ 15 སྔོན།

    གྲོགས་པོ་ངས་བཀླགས་ཏེ་བསམ་ཚུལ་བཤད་ཁོམ་མེད་ཀྱང་ཡོང་བའི་བརྡ་ཞིག་བཏང་ནས་བུད་སོང་ང་།

    Reply
  5. karmadentse says:
    ལོ་ 15 སྔོན།

    ཨ་འཇིགས་ཀྱི་མུག་སྐད་འདི་ལ་བསམ་བློ་གཏོང་རྒྱུ་འདུག བོད་ཕྱི་ནང་གཉིས་ཀ་དཀར་བོ་དང་ནག་པོ་ངང་ནས་མི་བལྟ་བར་ཡིད་ལ་བཟུང་།

    Reply
  6. jigme says:
    ལོ་ 15 སྔོན།

    ཨ་རོགས། ཁྱོད་ཀྱིས་ཅི་ཞིག་བཤད་འདོད་ཡོད། མི་མང་གི་སེམས་ཤུགས་གཅོག་གི་ཡོད་དམ། བཙན་བྱོལ་གཞུང་གིས་མི་འཇོན་ཚུལ་དང༌། བཙན་བྱོལ་མི་མང་གིས་མི་བྱེད་ཚུལ་རྐྱང་རྐྱང་མ་གཏོགས་གླེང་རྒྱུ་མེད་དམ། གལ་སྲིད་བོད་དོན་གླེང་འདོད་ན། གང་ཟག་རེ་གཉིས་ཤིག་གཞི་ལ་བཞག་ནས་ཕྱོགས་རྐྱང་བ་ཞིག་དང་མ་གླེང་རོགས།

    ང་ཚོར་ཆེས་གལ་ཆེ་བ་ནི། བོད་མི་ཡོངས་ལ་རེ་བ་རྒྱག་ས་ཞིག་ཡོད་པ་དེ་རེད། རེ་བ་རྒྱག་སའི་གཞུང་དེ་རེད། དེ་དང་དངོས་ཤུགས་བརྒྱུད་གསུམ་ན་འབྲེལ་བ་ཡོད་པའི་མི་མང་དེ་དག་རེད། དེ་དག་གི་ཉིན་རེའི་བྱེད་སྒོ་ཁག་ཤེས་པར་བྱ་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese