མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། བཅུ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

བཅུ་བཞི།

ནམ་རྒྱུན་དུ་ང་རང་ལ་གུང་གསེང་ཡོད་དུས་སུ་བུ་མོ་མ་སྐྱེ་སྔོན་དུ་ཆུ་ཚོད་བཅུ་དང་ཕྱེད། ཡང་ན། བཅུ་གཅིག་བར་དུ་ཉལ་གྱི་ཡོད། བུ་མོ་སྐྱེ་བ་ནས་བཟུང་། མཚམས་རེར་ང་རང་ཆུ་ཚོད་དགུ་བ་མ་གཏོགས་ཉལ་ཐུབ་ཀྱི་མེད་པ་དེ་ནི་མཛའ་མོ་ལ་བུ་མོ་ཅུང་ཙམ་རེ་བལྟ་རོགས་བྱེད་དགོས་པ་དེ་ཡིན། སྐྱེ་བ་གཞན་དག་ལ་བསྡུར་བ་ཡིན་ན། ང་རང་ནི་འདི་ཁུལ་གྱི་སྐྱེ་བ་ལས་ཅན་གྱི་གྲངས་ཤིག་ཡིན། མཛའ་མོས་བདག་ལ་བསམ་ཤེས་བྱེད་པའི་གྲངས་ཀ་ནི་དངོས་ནས་ཉུང་ཉུང་མིན། དེ་བཞིན་དུ་མོ་རང་གིས་ང་རང་གི་འདོད་པ་མང་བོ་ཞིག་ལ་བསྟུན་ཤེས་བྱེད་པ་ཡིན། གནད་འགག་ཆེ་ས་ནས་ངེད་གཉིས་མི་མཐུན་སའི་ཆ་ཞིག་ཡོད་པ་དེ་ནི་ཕན་ཚུན་གྱི་སེམས་ངོགས་ལ་བརྐོས་ཤིང་། འདག་ཐབས་མེད་པའི་སེམས་ཀྱི་རྒྱུན་ཐག་གི་འགྲོ་ལུགས་དེ་ཡིན།

ང་རང་མགྲོན་ཁང་གི་འོག་ཤོད་དུ་སླེབས་དུས་མོ་དང་བུ་མོ་གཉིས་ཀ ཞོགས་ཟས་ཟ་སར་སླེབས་འདུག་པ་མ་ཟད། བུ་མོ་རྐུབ་སྟེགས་ཤིག་གི་སྒང་ལ་བཞག་ནས་ང་རང་ལ་སྒུག་ནས་འདུག ང་དེ་རུ་འབྱོར་མ་ཐག མོ་རང་གིས་ཁྱེད་རང་གིས་ག་རེ་འཐུང་འདོད་འདུག སྐོམ་ཆུ་མངར་མོ་ཡིན་ནམ། འཚིག་ཇ་ཡིན་ནམ། འོ་མ་ཡིན་ནམ། ག་རེ་འཐུང་ཞེས་དྲིས་སོང་། ངས་འཚིག་ཇ་ཞིག་འཐུང་གི་ཡིན་ཞེས་ལན་བཏབས་དུས། མོ་རང་གིས་གྲོད་ཁོག་ཆེན་པོ་དེ་འཁུར་ནས་ང་ཚོ་ལ་ཞོགས་ཟས་ལེན་དུ་འགྲོ་སོང་།

གུང་གསེང་གི་ཉིན་གཉིས་ནི་དེ་ལྟར་ཚར་བ་དང་། ངེད་གསུམ་ཕྱིར་མཚོ་དམར་པོ་དང་མཚོ་ཤི་བོའི་འགྲམ་རྒྱུད་དེ་རྗོ་སུ་ལམ་དུ་ལམ་ལ་ཆས། ལམ་བར་དུ་བུ་མོ་མ་ཉལ་སྟབས། ངེད་གསུམ་༡༠༡་ཟེར་བའི་ས་ཁུལ་ཞིག་ཡོད་པ་དེ་རུ། རིན་མེད་དུ་འགྲོ་བསྐྱོད་བྱེད་ཆོག་པའི་རི་དྭགས་ཁང་ཞིག་ཡོད་པ་དེ་རུ་སོང་ནས། དུས་ཚོད་ཅུང་ཙམ་བཏང་། རི་དྭགས་ཁང་དེ་རུ་སེམས་ཅན་མི་ཉུང་བ་ཞིག་ཡོད་ན་ཡང་། གཏན་ནས་རིག་མྱོང་མེད་པའི་སེམས་ཅན་གཅིག་གཉིས་ཤིག་མ་གཏོགས་མེད་ཀི དེ་ནི་བྱ་ཆེན་པོ་ཨོ་སུ་ཀྲི་ལེ་ཡ་ནས་འཁུར་ཡོང་བ་ཞིག་དང་། སེམས་ཅན་རི་བྲག་ལ་གནས་པ་ཞིག་བཅས་རེད།

རྗོ་སུ་ལམ་དུ་འབྱོར་དུས་ས་རུབ་ཙམ་ཡིན་ལ། མོ་རང་གི་ཨ་མ་ནང་དུ་མི་འདུག་ན་ཡང་། ངེད་ཚོ་ལ་ཟ་མ་བཟོས་ནས་བཞག་འདུག མོ་རང་ལ་ཟ་ས་མེད་པར་བཤད། ངས་རང་གི་ཕོར་བའི་ནང་དུ་རན་པ་ཞིག་བླུགས་དེ་འཁུར་ནས་ཡོང་ནས་བུ་མོའི་འགྲམ་དུ་བསྡད་ནས་བུ་མོ་ངེད་གཉིས་ཀྱིས་ཟས་པ་ཡིན། ང་རང་གིས་ཁོང་ཁྲོ་ཐུང་ཐུང་ཞིག་གིས་མོ་རང་གི་མ་རྒན་ལ་ཁ་ལན་ལོག་པ་དེ་ནི་དངོས་ནས་ཡག་པོ་མེད་པའི་ངེས་པ་དེ་སེམས་ཁུངས་ནས་རྙེད་སྟབས། ངས་མོ་རང་གི་མ་རྒན་མ་ཕྱིར་ནང་དུ་སླེབས་པར་སྒུག་པ་ཡིན།

བུ་མོ་གཉིད་སོང་བ་དང་མཛའ་མོས་ཚགས་པར་ཞིག་ཀློག་ནས་བསྡད་ཡོད་ལ། ང་རང་གློག་ཀླད་སྟེང་དུ་བསྡད་ནས་དྲ་རྒྱ་ཁག་ལ་ཉུལ་ནས་བསྡད་ཡོད་པའི་སྐབས་དེ་འདྲ་ཞིག་ལ་མོ་རང་གི་མ་རྒན་མ་ནང་དུ་སླེབས་སོང་། དེ་དུས་ངེད་གཉིས་ཀྱིས་འཚམ་འདྲི་བྱས་པ་ཡིན། མོ་རང་གིས་ཀྱང་སླར་ཡང་ངེད་གཉིས་ལ་འཚམ་འདྲི་བྱས་སོང་། ངས་སྐར་མ་ཁ་ཤས་ཤིག་གི་རིང་དུ་གློག་ཀླད་དུ་བསྡད་རྗེས། མཛའ་མོ་ལ་མོ་རང་ལ་གློག་ཀླད་དགོས་མིན་བཤད་དུས། མོ་རང་གིས་ཅུང་ཙམ་རིང་དུས་ཚོད་གཏོང་གི་ཡིན་ཟེར། དེ་ནས་ང་རང་ཡར་བླངས་དེ། ཁྱམས་རྭར་སོང་ནས་ཐ་མག་ཞིག་འཐེན་རྗེས་ཕྱིར་ནང་དུ་ཡོང་།

མཛའ་མོས་གློག་ཀླད་སྒང་དུ་ཅེར་ནས་ཡོད་ལ། མོ་རང་གིས་མ་རྒན་གྱིས་འཁྱག་སྒམ་ནང་དུ་ཟས་ལྷག་དག་འཇོག་གིན་ཡོད། སྐབས་དེར་ངས་ཁྱེད་གཉིས་ལ་ང་རང་གིས་སྐད་ཆ་ཞིག་བཤད་རྒྱུ་ཡོད། དེ་ནི་ཉིན་འགའི་སྔོན་དུ་ང་རང་གིས་ཚོར་བ་ཆུང་ཆུང་ཞིག་གི་རྐྱེན་བྱས་ནས། སྐད་ཅོར་བརྒྱབས་པ་དེར་དགོངས་དག་ཞུས་པ་ཡིན་ལ། ཕྱིས་སུ་སླར་ཡང་དེ་འདྲའི་ནོར་འཁྲུལ་མི་བཟོ་བར་དམ་བཅས་པ་ཡིན། སེམས་གཏིང་ནས་དགོངས་དག་ཞུ། དམིགས་བསལ་གྱིས་ཨ་མ་ཁྱེད་རང་ལ་ཞུས་པ་ཡིན།

མོ་རང་གིས་མ་རྒན་གྱིས་དེ་སྐྱོན་ནི་མ་རེད། སྐབས་དེར་ངས་ཁྱེད་རང་ལ་བུ་མོའི་སྔོན་ནས་སྐད་མ་རྒྱགས་ཅེས་བཤད་པ་ཡིན། དེ་མ་གཏོགས་སྐྱོན་ཡོད་པ་མ་རེད་ཟེར། མཛའ་མོས་གློག་ཀླད་ལ་ཅེར་མཚམས་བཞག་ནས་གདོང་ཡོངས་ལ་འཛུམ་གྱིས་བཀང་ནས་ང་ལ་བལྟས་དེ་བསྡད་འདུག སྐད་ཆ་དེ་ཡིས་མོ་རང་གི་སེམས་པ་བཟི་བ་འདྲ། གང་ལྟར། ངས་ད་ནི་ང་རང་གི་སེམས་པ་བདེ་བ་ཡིན། དགོངས་དག་ཞུ་བའི་གོ་སྐབས་རེག་སོང་། ཉིན་གཉིས་སྔོན་དུ་དགོངས་དག་ཞུ་འདོད་ཡོད་ཀྱང་། ལས་ཀ་ཚར་ནས་ངེད་གསུམ་ལྷོ་ཕྱོགས་སུ་སོང་བ་རེད། ད་ནི་ཕྱིར་འབྱོར་བ་ཡིན་དུས་གོ་སྐབས་འདི་དམ་འཛིན་བྱས་པ་ཡིན། ད་ང་རང་ཉལ་དུ་འགྲོ་རྒྱུ་ཡིན། གཟིམ་ཤག་གནོང་།

མཛའ་མོ་དང་ང་རང་གི་མ་ཚབ་གཉིས་ཀྱིས་ང་རང་ལ་གཟིམ་ཤག་གནོང་ཟེར།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. drikungpa says:
    ལོ་ 15 སྔོན།

    ཡ་ཡ་ད་ཡག་པོ་བྱུང་སོང་ཁོང་གཉིས་སེམས་སྤྲོ་པོ་བཟོས་པ་མ་ཟད་ང་ཡང་བློ་བདེ་པོར་ཆགས་སོང་། ཡ་དེ་ནས།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    ཁ་བ་ནག་པོ་ལགས། དུས་ཐོག་དུ་ཕེབས་ནས་ཀློག་བཞིན་པ་དེར་དགའ་ནས་ཡོད། ཉིད་ཀྱིས་གསུངས་པའི་ཁ་བརྡ་དེ་དག་ཡིད་ལ་བཟུང་ཡོད། རྗེས་སུ་ཕེབས་རྐྱང་བྱོས། ངས་སྒོ་དྲ་ཐོག་གི་སྤུན་ཟླ་ཡོངས་ལ་ཕྱེ་ནས་བཞག་ཡོད་ལགས།

    Reply
  3. kawakarpo says:
    ལོ་ 15 སྔོན།

    ཨོ་ཁ་སང་ངས་ངོ་དེབ་ནང་ནས་ཁྱེད་དང་ཁྱེད་ཀྱི་མཛའ་མོ་བུ་མོ་ཐར་མ་མཚོ་གསུམ་མཐོང་སོང་། མཛའ་མོ་མཛེས་མ་ཞིག་འདུག་ལ་ཐར་མ་མཚོ་ཡང་དེ་འདྲའི་སྙིང་རྗེ་བོ་ཞིག་འདུག ད་ནི་ཐར་མ་མཚོ་དང་མ་འོངས་པའི་བྱིས་པ་སྙིང་རྗེ་བོ་དེའི་མདུན་ནས་ཧ་ཧ་ཧོ་ཧོ་བྱས་ནས་སྡོད་དང་མི་ཚེ་སྐྱིད་ལ་བཀུག་པ་རེད། ལྷག་པར་དུ་མཛའ་མོའི་ཁོག་ན་བྱིས་པ་ཡོད་དུས་མོའི་སེམས་པ་སྐྱིད་པོ་ཡོང་ཐབས་རེ་བྱོས་དང་ཁོག་གི་བྱིས་པའི་བདེ་ཐང་དང་ཁྱད་པར་དུ་ཀླད་པ་བདེ་ཐང་ཡོང་བར་ཧ་ཅང་ཕན་ཐོགས་ཡོད་པ་རེད། འདི་ནི་ཁ་ཏ་མིན་པར་གྲོགས་པོ་ཞིག་གི་སེམས་གཏམ་ཡིན།

    Reply
  4. kawakarpo says:
    ལོ་ 15 སྔོན།

    འདི་བཀླགས་ཚར་རྗེས་ངའི་མིག་མཐའ་ནས་རང་དབང་མེད་པར་མཆི་མ་རྡོག་པོ་འགའ་ཐུར་དུ་འགྲིལ་སོང་། ང་ཚོས་ཤེས་གསལ་ལྟར་བཟའ་ཚང་ནང་ཁུལ་དང་གྲོགས་པོ་ནང་ཁུལ་དུ་ཅུང་ཟད་མི་འགྲིག་པ་རེ་བྱུང་དུས། དོན་དག་ཆུང་ཆུང་ཆེན་པོ་མ་བཟོས་པར་དོན་དག་ཆུང་ཆུང་ཡང་ཆུང་བཟོས་ཏེ་ཕན་ཚུན་དགོངས་དག་ཞུས་པ་ཡིན་ན་སེམས་པ་སྤྲོ་ལྷང་ལྷང་དང་ཡང་སངས་སངས་རེ་ཆགས་རྒྱུ་ཡོད་ནི་རེད། ལྟོས་དང་། ཁྱེད་ཀྱི་མཛའ་མོའི་མ་རྒན་ད་ནི་དགའ་ནས་བསྡད་ཡོད་པ་རེད་ལ། ངའི་བུ་མོར་འདི་འདྲའི་མག་པ་ཡག་པོ་ཞིག་རག་འདུག་བསམས་ཏེ་ཁ་ནས་མ་བཤད་ཀྱང་ཁོག་ནས་སྤོབས་པ་སྐྱེས་ནས་བསྡད་ཡོད་པ་རེད། མི་ལོ་ལོན་སྐྱིད་སྡུག་མང་པོ་བརྒྱུད་དེ་ཡོང་བ་ཡིན་པས་གཞོན་པ་དག་གི་སེམས་ཁམས་ཀྱང་ཤེས་ནི་རེད། ད་ངའི་སེམས་ཀྱི་རྡོག་ཁྲེས་དེ་ཐང་ལ་བཞག་ཚར་བ་ཡིན། གྲོགས་པོ། ངོ་མ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese