མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེར་གཅིག

བོད་མི་དང་ཕྱི་རྒྱལ་བ་དག་གི་བར་དུ་མི་འདྲ་བ་ཞིག་ཡོད་པ་ནི། སྐྱེ་བོ་སུ་ཞིག་གིས་བཤད་ཐུབ་པ་ཞིག་ཡིན་ངེས་ཀྱང་། དེ་ཡི་སྐོར་གང་འདྲ་ཡིན་མིན་རང་ཐོག་ནས་མྱོང་གི་ཡོད་མཁན་གྱི་བོད་མི་ང་འདྲ་བ་དག་ནི་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ལ། རང་རང་གནས་སའི་རྒྱལ་ཁབ་ཀྱི་ཁོར་ཡུག གོམ་གཤིས། ཁྲིམས། དགའ་ཉེ་དག་གི་དགའ་སྐྱོ་སོགས་མི་འདྲ་བ་དེ་ཡང་བཤད་ཐུབ་པ་ཞིག་ཡིན། དེ་ཡིན་དུས་ང་རང་གནས་ཡུལ་གྱི་རྒྱལ་ཁབ་འདི་ནི་བོད་མི་དག་གིས་ཕྱི་རྒྱལ་དུ་འབོད་པའི་ཡུལ་གྲུ་ཁག་གི་ཁྲོད་ཀྱི་གཅིག་དེ་ཆགས་ཡོད། རྒྱལ་ཁབ་འདི་ནི་རང་བཙན་ཐོབ་ནས་མི་ལོ་དྲུག་བཅུ་རེ་གསུམ་མ་གཏོགས་སོང་མེད་པའི་རྒྱལ་ཁབ་ཅིག་ཡིན། མིང་དུ་ཨེས་སུ་རལ་ཟེར་གྱི་ཡོད། ལོ་རྒན་དྲུག་བཅུ་རེ་གསུམ་རིང་གི་རྒྱལ་ཁབ་འདི་ནི་དངོས་ནས་ཧ་ལས་པའི་ཡར་རྒྱས་མགྱོགས་པོ་སོང་བའི་འཁྲིས་ཀྱི་གཅིག་ཆགས་ཡོད།

མི་གྲངས་ཉུང་ལ་ས་ཁུངས་ཆུང་བ་ཡིན། ད་ལྟའི་འཆར་རྒྱལ་ཁབ་འདིར་རྗོ་ཤུ་མི་རིགས་ཀྱི་གཙོ་བའི་ཁ་ཆེ་དང་ཡེ་ཤུ་བ། འདི་གསུམ་གྱི་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་གྲངས་ས་ཡ་བདུན་ཙམ་ཡོད་རབས་གླེང་གི་ཡོད། རྗོ་ཤུ་བ་རང་གི་བཤད་ཚུལ་ལ་ཁོང་ཚོའི་རིགས་ནི་ས་ཡ་དྲུག་དུ་འདོད། གང་ལྟར། གཞུང་དང་སྒེར་གཉེར་གྱི་ལས་རིགས་ཤུགས་ཆེ་ས་བརྒྱ་ཆའི་དགུ་བཅུ་ཁོང་ཚོའི་མི་རིགས་ཀྱི་བཟུང་ཡོད། སྐད་ཡིག་གི་ཐད་ནས་རྒྱལ་ཁབ་འདིའི་སྐད་ཡིག་གི་ཐོག་མ་ནི་ཁོང་ཚོའི་སྐད། ཧེས་པོའི་ཟེར་བ་དེ་ཡིན། གཉིས་པ་ཁ་ཆེ་ཡི་གེ་དང་། གསུམ་པ་དབྱིན་སྐད་བཞག་ཡོད། སྒོ་བྱང་མང་ཤོས་ལ་དེ་ལྟར་བྲིས་ཡོད། འོན་ཀྱང་། རྗོ་ཤུ་བ་མང་ཤོས་ཀྱི་ཁ་ཆེ་བའི་སྐད་སྤྱངས་མེད་ལ། ཁ་ཆེ་བ་ཉུང་ཤས་ཤིག་གིས་ལས་ཀ་དང་འཚོ་གནས་ཀྱི་ཆེད་དུ་རྗོ་ཤུའི་སྐད་ཤེས་ཀྱི་ཡོད། གལ་སྲིད་དབྱིན་སྐད་ཤེས་མཁན་ཞིག་ཡིན་ན། རྒྱལ་ཁབ་འདི་ནས་ཕལ་ཆེར་དཀའ་ངལ་མི་འཕྲད་པ་ཡིན། ལས་ཁུངས་དང་། འགྲུལ་ཚིགས། ཕྱོགས་བསྐྱོད། མགྲོན་ཁང་དང་ཟ་ཁང་། གང་དུ་ཡང་དབྱིན་སྐད་ཀྱིས་ས་རྒྱ་ཆོད་ཀྱི་ཡོད།

དེ་ཡིན་དུས་རང་ཉིད་བོད་མི་ཞིག་ཡིན་དུས་ག་དུས་ཡིན་ཡང་། ཤ་གསེང་རུས་གསེང་དུ་འཐིམ་ནས་ཡོད་པ་ནི། ཆུང་དུས་ནས་གཤིས་སུ་འཇག་པའི་བོད་ཀྱི་གོམ་གཤིས་དང་བོད་ཀྱི་སྐད་དེ་ཡིན། ང་རང་དེ་ལ་དུངས་ཞེན་ཡོད་པ་བཞིན། ང་ཡི་མཛའ་མོ་མོ་རང་ལ་ཡང་རང་གི་སྐད་དང་ཡི་གེ་ལ་དུངས་པ་ཡོད་ལ། ཡོད་ཀྱང་ལོས་ཆོག ཁོ་མོ་ལ་རང་གི་སྐད་དང་ཡི་གེ་ཡི་སྟེང་ནས་ལས་ཀ་དང་ཐོབ་ཐང་སོགས་ཚང་མ་རེག་གི་ཡོད་པ་ཡིན་དུས། དམིགས་སུ་བཀར་ནས་དེ་ལ་བརྩེ་བ་ཞིག་ཡོད་ངེས་ཡིན། འོན་ཀྱང་། རང་ཉིད་ལ་བོད་ཀྱི་སྐད་དང་གོམ་གཤིས་ཀྱིས་དམིགས་སུ་བཀར་ནས་འདི་ན་ལས་ཀ་ཞིག་མེད་ཀྱང་། བོད་པའི་གོམ་གཤིས་ཀྱིས་མིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་བསམ་ཤེས་བྱེད་ཐུབ་ས་མང་བོ་ཞིག་ཡོད་པ་དེ་ནི། བརྩི་བཀུར་དང་། ཆེ་བཀུར་ཆུང་བྱམས། ཁྲེལ་དང་ངོ་ཚ། བསམ་ཤེས་དང་བཟོད་བསྲན་སོགས་མང་གི ཁོང་ཚོའི་མི་རིགས་ལ་ཡང་འདི་དག་ཡོད་ངེས་ཡིན་ལ། ཡོད་སྟངས་དེ་ཡང་རང་གི་ཁེ་ཕན་གཙོ་བོར་འཛིན་པའི་སྣང་ཚུལ་ཞིག་རྟག་པར་ང་ལ་སྤྲོད།

བོད་མི་དག་གིས་རང་གི་ཁེ་ཕན་ལས་གཞན་གྱི་གཙོ་བོར་འཛིན་པ་ཁ་ནས་རྒྱུན་དུ་བཤད་པ་བཞིན་ལག་ལེན་དུ་ཡང་མི་ཉུང་བ་ཞིག་འགྲོ་བཞིན་ཡོད་པ་ཡིན་དུས། ངས་ཐོག་མར་ལས་ཀ་གང་བྱེད་པ་དང་གང་སྒྲུབ་ས་ནས་ཐོག་མར་རང་ཉིད་བོད་མི་ཞིག་ཡིན། མི་གཅིག་གི་མིང་མིན། ང་ནི་མི་རིགས་ཤིག་གི་ཚབ་མཚོན་དུ་འགྲོ་ཆོག་པ་ཡིན་དུས། ངས་ཤུ་རེ་བྱེད་དགོས། ནོར་འཁྲུལ་ཡོང་སྲིད་ཀྱང་། མ་ཡོང་སྔོན་དུ་འབད་འབུངས་བྱེད་དགོས་ཞེས་རང་ཉིད་ལ་རྟག་དུ་དྲན་སློང་གི་ཡོད་ལ། ནང་དུ་ཡིན་ཡང་གང་ཐུབ་ཅི་ཐུབ་ཀྱིས་རང་གི་མཛའ་མོའི་གང་འདོད་མང་བོ་ཞིག་ལ་བསྟུན་ཅི་ཐུབ་བྱེད་ཁུལ་བྱེད་ཀྱི་ཡོད། གཟའ་མཇུག་དུ་གུང་གསེང་མང་ཤོས་ཤིག་ལ་ང་རང་ནང་དུ་བསྡོད་འདོད་ཡོད་པ་ནི། མོ་རང་གིས་ཀྱང་གསལ་བོ་ཤེས་ཀྱི་ཡོད།རེད་དེ། མོ་རང་ནི་འགྲུལ་བཞུད་ལ་དགའ་བའི་རིགས་ཀྱི་བུད་མེད་ཅིག་ཡིན་དུས། མོ་རང་གི་འདོད་པ་ལྟར། ང་རང་གིས་ཀྱང་མོ་དང་འགྲོག་ནས་གུང་གསེང་སྐབས་སུ་ཕྱི་ལོག་ལ་འགྲོ་བཞིན་ཡོད།

ཁ་སང་ཡང་ང་རང་གི་གྲོགས་པོ་བུ་ཆུང་གི་བཟའ་ཐོར་སོང་བའི་བུད་མེད་{བོད་མིང་}ཤེས་རབ་ལྷ་མོས་རེ་སྐུལ་བཞིན། ང་ཚོ་དེ་རིང་རྗོ་སུ་ལམ་ང་རང་གི་མཛའ་མོ་མོ་རང་གི་ཨ་མའི་ནང་ནས་ཕྱི་དྲོ་མཚོ་འགྲམ་ཞིག་ལ་གུར་འཁུར་ནས་ཞག་བསྡོད་བྱེད་དུ་འགྲོ་བར་ཁ་འཆམ་ཡོད་པ་རེད། སྤྱིར་ན་ང་རང་ནི་འགྲོ་འདོད་མེད་པར་ནང་དུ་ལྷོད་ལྷོད་ཀྱིས་དྲ་ཐོག་གི་སྤུན་ཟླ་དག་ལ་ཁ་བརྡ་རེ་བྱེད་པ་དང་། ཡུན་རིང་ཞིག་ལ་ཁ་བརྡ་བྱེད་མ་ཐུབ་པའི་རྒྱང་རིང་གི་ངོ་ཤེས་སོགས་ལ་གླེང་མོལ་རེ་བྱས་དེ་འདུག་འདོད་ཀྱང་། ང་རང་གི་སྐྱེ་དམན་གྱིས་ཅ་དངོས་སོགས་འཁུར་རྒྱུའི་ཐད་ལ་དཀའ་ངལ་ཡོད་པ་ཡིན་དུས། ངས་མོ་རང་ལ་ང་རང་འགྲོ་ན་མི་འདོད་ཀི་ཟེར་ནས་མ་བཤད་པར། ཅ་དངོས་དག་བསྡུ་གསོག་བརྒྱབས་ནས་མོ་རང་གི་རླངས་འཁོར་ནང་དུ་བླུགས་པ་ཡིན།

མཛའ་མོའི་གྲོད་ཁོག་ནི་དངོས་ནས་ཆེན་པོ་ཆགས་ཡོད་པ་དང་། ད་ལྟའི་འཆར་ས་གནས་འདི་ལ་ཡང་གནམ་གཤིས་ཅུང་ཚ་བ་སླེབས་ཡོད་སྟབས། མོ་རང་ང་ཚོ་མ་སོང་སྔོན་དུ་ངལ་གསོ་ཕྲན་པུ་ཞིག་བྱེད་དགོས་ཀྱི་འདུག་ཞེས་འོག་ཁང་དུ་ཉལ་དུ་བུད་སོང་། མོ་རང་གི་ཨ་མ་ཡིས་ཚགས་པར་རེ་ཀློག་ཞོར། བུ་མོ་ཐར་མ་མཚོའི་འགྲོ་འདུག་ལ་མིག་གིས་བལྟ་སྐྱོང་བྱེད་ཀྱི་ཡོད། ང་རང་གློག་ཀླད་དུ་བསྡད་ནས་ངལ་ཞིག་གསོ་བཞིན། དྲ་ཐོག་གི་གསར་འགྱུར་དག་ལ་མིག་ཉུལ་ཞིག་བྱེད་ཀྱིན། རང་གི་མཛའ་མོ་གཉིད་ལས་སད་རྒྱུར་སྒུག་ནས་ཡོད། སྤྱིར་ནས་ང་རང་གི་མཛའ་མོ་ཡིས་ང་རང་གི་བསམ་ཚུལ་ཤེས་ཀྱི་ཡོད་པ་རེད། ང་རང་ཕྱི་ལ་འགྲོ་བར་དགའ་བོ་མེད་པ་དང་། གུང་གསེང་གི་སྐབས་སུ་ནང་དུ་བསྡོར་རྒྱུར་མོས་པ་དེ། གང་ལྟར། ངས་མོ་རང་གི་འདོད་པ་ལ་བསྟུན་གང་ཐུབ་ཞིག་བྱེད་པའི་ཁུལ་རེད།

ཆུ་ཚོད་གཉིས་གསུམ་སྔོན་དུ་ང་རང་གིས་ནང་ཚང་མ་གཙང་མ་ཞིག་དཀྲུས་ཚར་མ་ཐག བོད་རིགས་གྲོགས་པོ་དག་ལ་རེ་རེ་བཞིན་ཁ་པར་རེ་བཏང་། བུ་ཆུང་གི་རླངས་འཁོར་གྱི་སྣུམ་སྒམ་ལ་ཨུ་ཁུངས་ཤིག་གཏད་ཡོད་པ་དེར་བཟོ་བཅོས་བྱེད་སར་ཡོད་ཟེར། གྲོགས་པོ་རྡོར་རྒྱལ་ནི་ནང་དུ་ཡོད་པ་དང་། ཁོ་རང་གི་ཁྲིམས་རྩོད་པའི་ས་ནས་སྐད་ཆ་བཟང་ངན་གང་ཡང་མེད་པར་ཡོད་ཟེར། གྲོགས་པོ་བློ་བཀྲ་ཡིས་རང་གི་བུ་མོ་ཆེ་བའི་ལོ་གཅིག་གི་བུ་གསོ་ཁང་གི་དུས་ཚོད་རྫོགས་ནས་དེ་རུ་འཁོར་ནས་བྱིས་པ་ལོ་མཉམ་དག་གི་ཐུགས་སྤྲོ་ཞིག་གཏོང་སར་ཡོད་ཟེར། ཁོང་ཚོའི་དེ་རིང་གཟའ་མཇུག་བསྐྱེལ་སྟངས་ནི་དེ་ལྟར་ཡིན་ལ། ང་རང་གི་གཟའ་མཇུག་བསྐྱེལ་ས་ནི་མཚོ་འགྲམ་ཞིག་དུ་འཁེལ་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༤ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 5

  1. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་ཅག་ཕེབས་པ་དེར་དགའ་བསུ་ཡོད། མུ་མཐུད་དུ་ཕེབས་རྐྱང་བྱོས།

    Reply
  2. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཁྱེད་ཀྱི་ཟིན་བྲིས་འདི་ནི་འཚོ་བ་དང་འབྲེལ་བའི་ཤིན་ཏུ་སྙན།
    ཐུགས་རྗེ་ཆེ།

    Reply
  3. Baichung says:
    ལོ་ 15 སྔོན།

    དེང་སང་བདེ་མོ་ཡིན་ནམ་གྲོགས་པོ་ལེགས།

    Reply
  4. chok zyl says:
    ལོ་ 15 སྔོན།

    ངོ་མ་དཔྱད་བརྗོད་དོན་སྙིང་ཞིག་སྤེལ་གྱིན་འདུག་པས་མུ་མཐུད་དུ་ཀློག་འདོད་ཡོད།

    Reply
  5. woser says:
    ལོ་ 15 སྔོན།

    ཚོར་བ་གསོན་པོ་ཞིག་འདི་ན་བཞུར་བཞིན་པར་རྗེས་སུ་ཡི་རང་དང་ལེའུ་ཕྱི་མ་ནས་མ་ཆད་པར་ཀློག་འདོད་སྐྱེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese