མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། སོ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་པ་སྔ་ཙམ་ཡར་བླངས་དེ་གངས་དཀར་ལྷ་མཚོ་ཁྲིད་ནས། ངེད་གཉིས་རྡ་ས་ལེག་ལོར་གྱི་གཙུག་ལག་ཁང་དུ་མཆོད་མཇལ་དུ་སོང་བ་ཡིན། དངུལ་འཛིན་ཤོག་བྱང་བེད་སྤྱོད་བཏང་ནས་དངུལ་འདོན་ས་མེག་ལོར་དུ་ཡོད་ཀྱང་། དེ་ཡི་གློག་སྒམ་ནང་དུ་དངུལ་ད་ལྟ་མི་འདུག་ཟེར་ནས་བྲིས་འདུག་ཞེས་མོ་རང་གིས་བཤད་སྟབས། ངེད་གཉིས་དངུལ་ཕྱིར་འདོན་ཆེད་དུ་མེག་ལོར་ནས་བོད་ཁྱིམ་སློབ་གྲྭ་བར་དུ་རྐང་ཐང་དུ་སོང་ན་ཡང་། དེ་ནས་ཀྱང་མ་ལོན་སྟབས། ཕྱིར་མེག་ལོར་དུ་ཡོང་ནས་ཚོད་ལྟ་ཞིག་བྱས་པ་དེ་ལེགས་འགྲུབ་བྱུང་། རང་ཉིད་ལ་མཚོན་ན་དངུལ་བྱང་ཞིག་བེད་སྤྱད་དེ་སྒོར་མོ་ཕྱིར་བཏོན་མྱོང་མེད་ལ། དངུལ་བྱང་བཟོ་བ་ལ་སྒོར་མོ་ཡང་མེད། ཕྱི་རྒྱལ་བ་དག་ནི་དངུལ་བྱང་ཞིག་འཁུར་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ཉུལ་བཞིན་ཡོད་པའི་ནང་གི་ངའི་མཛའ་མོས་ཀྱང་། རང་གི་རྔུལ་ཆུའི་བསགས་པའི་སྒོར་མོ་དེ་དག་ད་ནི་ངེད་གཉིས་ཀྱིས་ལོངས་སུ་སྤྱོད་ཀྱིན་ཡོད་པ་རེད།

མོ་རང་གི་ལག་ཁྱེར་ཁ་པར་ལ་བརྡ་རྟགས་ཀྱི་སྐྱོན་ཞིག་ཡོད་པ་དེ་ཡི་ཆེད་དུ་རྡ་ཤོད་ཀྱི་ཁ་པར་ལས་ཁུངས་ཤིག་ལ་བཅར་ན་ཡང་། དེ་ནས་ལས་ཁུངས་ཅན་རྡི་སྒར་དུ་ཡོད་པ་དེར་འགྲོ་དགོས་པར་བཤད་པ་དེར་ངེད་གཉིས་ཀྱང་འགྲོ་འདོད་མེད་པར་ཕྱིར་མེག་ལོར་དུ་ཡོང་ནས་མི་རིང་བར་འགྲོ་བའི་ཕྱོགས་སུ་ཅ་དངོས་མི་ཉུང་བ་ཞིག་བསྡུ་གསོག་བརྒྱབས། ཁོ་མོ་རང་གི་ངོ་ཤེས་པའི་མི་རེ་ཟུང་ཞིག་ལ་ཐུག་འཕྲད་བྱེད་དུ་སོང་། ངས་རང་གི་གྲོགས་པོ་ཚོར་སྐུལ་བའི་རྒྱབ་གཉེར་ཡི་གེ་དེ་དག་ལེན་དུ་སོང་བའི་ལམ་བར་དུ་གྲོགས་པོ་སྐལ་བཟང་དང་འཕྲད། གྲོགས་པོ་སྐལ་བཟང་དང་ངེད་གཉིས་ཆུང་དུས་ཕ་ཡུལ་ནས་གྲྭ་ས་གཅིག་ནས་ངོ་ཤེས་པ་ཡིན། ཁོ་རང་ཡང་གྲྭ་ཟུར་ཆགས་ཡོད་པ་མ་ཟད། སྐྱིད་སྡུག་སྣ་མང་ཞིག་མྱོང་བ་རེད།

ད་ལྟའི་འཆར་ཁོ་རང་གིས་གསོག་སྒར་སློབ་ཐར་མ་ཕྱིན་པར་ཕྱི་ལ་ཐོན་ནས་ཁོ་རང་གི་གསར་དུ་སློབ་གྲྭ་ནས་བརྩེ་བ་ཆགས་པའི་བུད་མེད་དེ་དང་ཁོ་གཉིས་ཀྱི་མ་འོངས་འཚོ་བའི་ཆེད་དུ་ཕྱི་ནས་ལས་ཀ་རེ་བྱས་ནས་སྒོར་མོ་ཉུང་ངུ་ཞིག་གསོག་འདོད་ཀྱི་རེད་འདུག དེ་ཡི་སྟབས་ཀྱི་ཁོ་རང་གིས་ལས་ཀ་ཞིག་དགོས་ཀྱི་ཡོད་པ་དང་ངས་རོགས་པ་འདྲ་བྱེད་ཐུབ་མིན། ང་རང་གི་སྤུན་མཆེད་ལ་སྐད་ཆ་ཞིག་བཤད་ཐུབ་མིན་གསུངས་པ་དེར། ང་ཡི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཡོད་སར་སོང་དེ། རྗེས་སུ་མི་འདྲ་དགོས་ན་ཁོ་རང་ལ་བརྡ་བྱེད་རོགས་གནོང་ཞེས་ངོ་སྤྲོད་བྱས་པ་ཡིན།

ཕྱིར་ཡོང་བའི་ལམ་བར་དུ་གྲོང་སྡེ་གཅིག་པའི་ཕོ་གསར་གཉིས་དང་སྐལ་བཟང་གི་རྒན་མོ་བཅས་ཐུག་ནས་ངས་ཁོང་ཚོ་ལ་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས་སྤྲད་པའི་དངུལ་དེ་ནས་ཟ་ཐུན་གཅིག་གི་འགྲོ་ཁའི་བདེ་མོ་བཞག་པ་ཡིན། གྲོགས་པོ་དེ་དག་གི་གདོང་ན་དངོས་ནས་ལྷད་མེད་ཀྱི་དུངས་པ་ཡོད་པ་མ་ཟད། ཁོང་ཚོས་ང་ནི་ཆེས་བདེ་སྐྱིད་ལྡན་པའི་ཕྱི་རྒྱལ་གྱི་འཚོ་བ་ཞིག་རོལ་དུ་འགྲོ་རྒྱུ་ཡིན་པར་སྙམ་པ་དང་དེར་སྨོན་འདུན་ཡང་ཞུས་སོང་། འོན་ཀྱང་། ཕྱི་རྒྱལ་ནི་གང་འདྲ་ཡོད་མེད་དང་སླེབས་མིན་སོགས་གཞི་ནས་རེད། ང་ཚོའི་ཟ་མ་ཟས་རྗེས་སུ་རང་རང་གི་སར་ཁ་གྱེས་པ་ཡིན། ང་རང་གི་ལས་ཀ་བྱེད་སའི་དག་ཞིང་གི་ཟ་ཁང་ནང་གི་གྲོགས་པོ་ཚོས་ང་དང་ཁོ་མོ་གཉིས་ཀྱི་མི་ཚེ་ལ་ཁ་གཡང་སྙན་མོ་ཞིག་གི་ལམ་མཇུག་གནང་སོང་། གྲོགས་དཀོན་མཆོག་བསྟན་འཛིན་གྱིས་ངེད་གཉིས་ལ་དམིགས་བསལ་བསྐྱེལ་མ་གནང་བྱུང་།

ང་རང་ནི་ས་ཁུལ་འདི་ནས་ཡུན་རིང་དུ་བསྡད་པ་མ་ཟད། སྙིང་ནས་དགའ་བའི་མི་ཞིག་གི་ཆེད་དུ་གཏམ་རྒྱུད་ཀྱང་ཡོད་ས་ཡིན། ད་ནི་ཡོད་ཚད་ལ་གང་ཡང་མ་ཐོབ་པའི་ལམ་ཕྲན་ཞིག་ནས་མི་རིགས་གཞན་ཞིག་གི་བུད་མེད་ཅིག་གི་དངུལ་འཛིན་ཤོག་བྱང་ལ་བསྟེན་ནས་གཞན་ཡུལ་གང་ཞིག་ལ་མི་རིང་བར་ལུས་པོ་འདི་བསྐྱེལ་མི་སྲིད་པ་མ་རེད་སྙམ་ན། སེམས་ནས་སྐྱོ་བ་ཞིག་ཀྱང་འདུག ད་ནི་གང་ལ་ཐུག་ན་ཡང་། ད་ལྟའི་འཚོ་བ་འདི་ལ་འགྱུར་བ་ཞིག་འགྲོ་དགོས་པའི་དུས་རེད་སྙམ་ཞོར། རྡ་ས་མེག་ལོར་དུ་ཁ་གྱེས་ལ་རན་པ་དེར་བསམ་བློ་འདྲ་མིན་འཁོར། སྣང་བ་མཐུན་སའི་བོད་ཀྱི་བུད་མེད་དེ་དག་གི་ཁྲོད་ནས་ངས་ཚེ་རོགས་མ་རྙེད་པར། ད་ནི་སྐད་ཡིག་གཞན་ཞིག་དང་རིག་གཞུང་གཞན་ཞིག་གི་གོམ་འདྲིས་བྱེད་དུ་འགྲོ་དགོས་པ་མ་ཡིན་ནམ། ཤུ་རེ་གོ

ད་ལྟའི་འཆར་མོ་རང་ནི་ང་ལ་དངོས་ནས་བཟང་བ་མ་ཟད། ངས་འདོད་པ་ཆེས་མང་བོ་ཞིག་ལ་མོ་རང་གི་གཏན་ནས་རྒྱལ་འགལ་མི་བྱེད། ངས་མོ་རང་ལ་ང་རང་ཁྱེད་ཀྱི་རྒྱལ་ཁབ་དུ་སླེབས་པ་ཡིན་ན། ངས་རང་གི་ནུ་མོ་ལ་བལྟ་སྐྱོང་བྱེད་དགོས་པ་ཡིན། དེ་ཡི་སྐོར་ངས་ཁྱེད་ལ་སྔ་ས་ནས་བཤད་ཀྱི་ཡོད། གཞན་པའི་ད་ལྟའི་འཆར་ང་ལ་རྒྱ་གར་དུ་བལྟ་སྐྱོང་བྱེད་དགོས་ས་སུ་ཡང་མེད་ཅེས་བཤད་པ་དེར། མོ་རང་གིས་ཀྱང་མོས་མཐུན་གནང་གི་འདུག མོ་རང་གིས་ད་ལྟ་ངེད་གཉིས་ཐོངས་ཆེན་ཕྱི་རུ་འགྲོ་བཞིན་ཡོད་པ་རེད། རེག་སོང་བ་ཡིན་ན་དེ་ནས་ངེད་གཉིས་ཕྱིར་ཡོང་ཁོམ་ཏན་ཏན་ཡོད་ངེས་རེད་ཟེར།

༩།༨།༠༨ལ།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཚེས་གཉིས་དང་གསུམ་ལ་ཟིན་བྲིས་མི་འདུག་པས་སྟོང་པ་ལོག་དགོས་བྱུང།
    རྗེས་སུ་མཇལ་ཡོང།

    Reply
  2. kadorse says:
    ལོ་ 15 སྔོན།

    ཡང་བསྐྱར་ཁྱེད་ཀྱི་རྩོམ་གྱི་སྒམ་ཆུང་དེར་ཐེངས་གཅིག་ཡོང་དགོས་བྱུང། དགོངས་མཁྱེན་མེད་པ་ཅིག

    དྲ་གྲོགས་ལགས།
    སྔར་ནས་ང་ལ་གོ་ཐོས་ཞིག་བྱུང་བས་དེ་ནི་ཁྱེད་ཀྱིས་དེབ་འགའ་བཏོན་ཡོད་སྐད་འདུག་ཀྱང་ང་ནི་མནོ་བསམ་ཤེས་ཙམ་གྱི་སློབ་མ་ཞིག་ཡིན་དུས་དེབ་འདི་དག་རྩ་བ་ནས་མཐོང་མ་མྱོང། ཐུགས་རྗེ་གཟིགས་ཁྱེད་ཀྱི་དེབ་དེ་རྣམས་ཀྱི་མིང་དེ་དག་ངེས་པར་དུ་དྲ་བརྒྱུད་དེ་རང་ནས་ང་ལ་ཡིག་ལན་ཞིག་གནང་བར་ཞུ། ང་ནི་དེབ་དེ་དག་ཀློག་པར་ཤིན་ཏུ་འདོད། སླར་ཡང་རེ་བ་ཞིག་ཡོད་པ་དེ་ནི་ཁྱེད་ཀྱི་དེབ་དེ་དག་གི་དཀྱིལ་ནས་རང་བློར་འབབ་ཤོས་དེ་ང་ལ་ངེས་པར་དུ་ཡིག་ལན་ཞིག་གནང་བར་ཞུ། ངས་ཐབས་ཤེས་ཡོད་དགུ་བཏང་ནས་དེབ་དེ་ཐེངས་དང་པོ་ཀློག་ཆོག

    Reply
  3. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ATM CARD ལ་དངུལ་འཛིན་ཤོག་བྱང་ཡིན་པ་དེ་རིང་ཚིག་གསར་པ་ཞིག་ཤེས་བྱུང་བས་ཐུགས་རྗེ་ཆེ་གནང།

    Reply
  4. affthin says:
    ལོ་ 15 སྔོན།

    དེ་ནས་ཤོད་དང་། ཁ་རོག་གེར་མ་འདུག་བཤད་ཀི་སྡོད་དཱ། ང་ཚོས་ཀློག་གི་ར་ཡོད།

    Reply
  5. dorjie says:
    ལོ་ 15 སྔོན།

    མ་ཉལ་གོང་དུ་འདི་ཡང་བཀླགས་ཟིན་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese