མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གོང་ཆུ་ཚོད་དང་བོའི་སྟེང་གི་རླངས་འཁོར་འཛིན་བྱང་ཉོས་དེ་གངས་མཚོ་ངེད་གཉིས་ཕྱིར་ཨེ་སི་རལ་གྱི་རྒྱལ་ས་རྗོ་སུ་ལམ་དུ་ཁ་ཕྱོགས་པ་ཡིན། ཨེས་ལ་གྲི་ ནས་ངེད་གཉིས་གངས་མཚོའི་གྲོགས་མོ་ཝན་གྱིས་རོགས་པ་བྱས་མེད་ཚེ་ངེད་གཉིས་རླངས་འཁོར་གྱི་རྗེས་མ་ཟིན། ངེད་གཉིས་བསྡོད་ས་ནས་ཡོང་བཞིན་པའི་སྐབས་དེར་ཝན་གྱིས་ངེད་གཉིས་ལ་ཁ་པར་འབྱོར་ནས་སེམས་འཁྲལ་མ་བྱེད་ང་རང་སོང་དེ་རླངས་འཁོར་ས་ཚིགས་ནས་ཁ་ལོ་བ་བཤད་དེ་ཁྱེད་གཉིས་ལ་སྒུག་ནས་བསྡད་ཆོག་ཟེར།

གང་ལྟར་ངེད་གཉིས་རྗོ་སུ་ལམ་གྲོང་ཁྱེར་ནང་དུ་འབྱོར་ནས་སྐར་ཆ་ཁ་ཤས་ཤིག་ལ་སྒུག གངས་མཚོའི་ཨ་མ་ངེད་གཉིས་བསུ་བར་རླངས་འཁོར་ས་ཚིགས་ཤིག་དུ་སླེབས། གངས་མཚོའི་ཨ་མའི་ནང་དུ་དགོང་ཟས་ཤིག་བཟོས་དེ་ཟོས་རྗེས་སུ་གངས་མཚོའི་གྲོགས་མོ་སྒྲ་ཝེ་ནས་སྐད་བཏང་བ་ལྟར་སྒྲ་ཝེ་གྱི་ནང་མི་དང་མཇལ་འཕྲད་བྱས་པ་དང་དགོང་ཟས་ཀྱི་རྗེས་ཀྱི་མངར་ཟས་ལ་ལྷན་དུ་རོལ།

ཕྱིར་གངས་མཚོའི་ཨ་མའི་ཁྱིམ་དུ་འབྱོར་ནས་ང་རང་གིས་གློག་ཀླད་དྲ་ཚིགས་ནང་གི་དུས་བབ་དང་བང་ཆེན། ཧི་གཟུགས་ཟིན་བྲིས་བཅས་སུ་རང་ཉིད་ཀྱི་ཟིན་བྲིས་སྤེལ་བ་དང་ཁ་བརྡ་དང་གཞན་ཟིན་བྲིས་ཁ་ཤས་ལ་བལྟ་ཀློག་བྱས་པ་དང་བསམ་ཚུལ་ཀྱང་རེ་ཟུང་བྲིས། ཉིན་མ་ཁ་ཤས་རིང་དུ་ང་རང་ཨེས་སི་རལ་གྱི་ལྷོ་ཕྱོགས་མངའ་ཁུལ་ཨེས་ལ་གྲི་ནས་ང་རང་བསྡོད་ས་དེ་ནས་གློག་ཀླད་ཀྱི་བརྡ་རྟགས་མི་འདུག་སྟབས། ཟིན་བྲིས་སྤེལ་ཐུབ་མ་བྱུང་བ་དང་། ཟིན་བྲིས་དེ་དག་བསྔོགས་རྒྱུ་ཡང་མ་བྱུང་། དྲ་ཐོག་གི་བོད་མིའི་སྐྱིད་སྡུག་བསྐོར་ཡང་ཐོས་ཐུབ་མ་སོང་། དོ་ནུབ་ངས་དྲ་ཐོག་གི་དྲ་ཚིགས་སོ་སོ་རུ་ཉུལ་བ་ཡིན། དྲ་གྲོགས་རྙིང་བ་བསྐོར་ཞིག་གི་སྟེང་དུ་དྲ་གྲོགས་གསར་བ་རེ་ཟུང་ཞིག་ཀྱང་མཐོང་རྒྱུ་འདུག ༢༣།༡།༠༩  

འདང་དགོང་གངས་མཚོས་ང་རང་ལ་གྲ་སྒྲིག་བྱས་པའི་ཅ་ལག་དང་ཟ་མ་སོགས་འཁུར་ནས་ངེད་གཉིས་ཞོགས་པ་སྔ་བོ་རྗོ་སུ་ལམ་ནས་ཨེས་ལ་གྲི་ལ་འགྲོ་བའི་རླངས་འཁོར་ས་ཚིགས་ཡོད་སར་ཡོང་བ་ཡིན། ཁོ་མོས་རླངས་འཁོར་ས་ཚིགས་ནས་མིག་ཆུ་འཕུད་ཞོར་དུ་ཁྱེད་རང་གི་དྲན་བཞིན་དུ་ང་རང་ལ་སྒོར་ཁུག་འཁུར་དགོས་པའི་དྲན་གསོ་མི་བྱེད་པར་གང་བྱེད་དགོས་ཟེར་ནས་ངུས། ངས་ཁོ་མོ་ལ་སྐྱོན་ཡོད་ནི་མ་རེད། མ་ངུ་དང་ང་རང་ལམ་ཁ་ནས་ཟ་རྒྱུ་དང་འཐུང་རྒྱུ་ཚང་མ་ཡོད་པ་རེད་ལ། ཨེས་ལ་གྲི་ལ་འབྱོར་ན་ཝན་ང་རང་བསུ་རུ་ཡོང་ངེས་རེད་ཅེས་བཤད་དེ་སེམས་གསོ་བྱས་པ་ཡིན།

རླངས་འཁོར་ནང་ནས་ང་རང་ལ་བུད་མེད་ཞིག་དང་འདུག་སྟེགས་ཉེ་འཁྲིས་སུ་འཁེལ་བ་དང་བུད་མེད་དེའི་མིང་ཡང་ང་རང་གི་དགའ་རོགས་གངས་མཚོའི་མིང་དང་གཅིག་པ་ཡིན་པ་མ་ཟད། མོ་རང་ལ་ཡང་རྒྱ་གར་དུ་བོད་པ་ལ་དྭགས་པ་ཞིག་དགའ་རོགས་ཡོད་ཟེར་བ་དང་ངེད་གཉིེས་ཀྱིས་རྒྱ་གར་གྱི་བསྐོར་ནས་ཁ་བརྡ་བྱས། ཁོ་མོ་ལམ་བར་དུ་བསྡད། ཁོ་མོས་ང་རང་ལ་རྗེས་ཕྱོགས་ཁྱེད་རང་ལ་རོགས་པ་རེ་བྱེད་དགོས་རྒྱུ་འདྲ་ཡོད་ན་ང་རང་ལ་ཁ་པར་གཏོང་ཕྱོགས་དང་ང་རང་གི་རོགས་པ་བྱེད་ཆོག་ཟེར་ནས་བཤད་པ་མ་ཟད། ང་རང་ལ་དྲན་བརྟེན་སྒོར་ཁུག་ཆུང་ཆུང་ཞིག་སྤྲད་སོང་། ང་རང་གི་དེའི་ཁ་ཕྱེ་ནས་བལྟས་དུས་སུ་ནང་དུ་དུ་ནག་འདུག  ཡིན་ཡང་། ཁོ་མོས་ང་རང་ནི་དུ་ནག་འཐེན་མཁན་གྱི་བོད་པ་སྐྲ་རིང་ཞིག་རེད་བསམ་པ་ལོས་ཡིན།
 
ཨེས་ལ་གྲི་ལ་འབྱོར་དུས་རླངས་འཁོར་ས་ཚིགས་དུ་གངས་མཚོའི་གྲོགས་མོ་ཝན་གྱིས་རླངས་འཁོར་བཏང་ནས་ང་རང་བསུ་རུ་འབྱོར་འདུག་པ་དང་ངེད་གཉིས་འགྲོག་ནས་བསྡོད་ཁང་ཆུང་ཆུང་དུ་ཡོང་བས་ལམ་བར་དུ་ཁོ་མོས་ང་རང་གི་ལག་དུ་ཤིས་དཀར་སུམ་བརྒྱ་སྤྲད་དེ་འདི་ཁྱེད་རང་ལ་གངས་མཚོའི་སྤྲོད་ཤོག་ཟེར་གྱི་འདུག་ཟེར། ངེད་གཉིས་དེ་ནས་ལས་ཀ་བྱེད་སའི་ཡིག་ཚང་ལྟེ་བ་རུ་བྱིན་དེ་ཐོ་འགོད་བྱས་པ་དང་ང་རང་ལ་ཤོག་བྱང་ལས་ཀའི་སྔ་དགོང་དུ་ཐོ་འགོད་བྱེད་སྤྱད་ཀྱི་ཤོག་བྱང་ཞིག་དང་གོན་པ་བཅས་སྤྲད་སོང་། གྲོགས་མོ་ཝན་གྱིས་མོ་རང་འགྲོ་ཁར་ང་རང་ལ་ཁ་བརྡ་མང་བོ་ཞིག་བྱས་པ་ནི་ཁྱེད་རང་ལ་དཀའ་ཁག་དང་དགོས་མཁོ་འདྲ་བྱུང་དུས་ང་རང་ལ་འབྲེལ་བ་བྱོས་དང་ངས་ཁྱེད་རང་ལ་རོགས་བྱེད་ཆོག་ཟེར་ནས་ང་རང་ལ་མོ་རང་གི་ནང་གི་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་ཤོག་བུ་ཆུང་ཆུང་ཞིག་གི་སྒང་དུ་བྲིས་དེ་སྤྲད་སོང་།

ང་རང་གི་ལས་ཁུངས་ནང་གི་ལས་བྱེད་བུད་མེད་ཤེས་རིས་དང་མཉམ་དུ་ཉིན་གོང་ཁ་ལག་ཟོས་རྗེས་ལས་ཀ་བྱེད་སའི་ཟ་ཁང་གི་སྒོ་འགྲམ་དུ་བར་མོ་རང་གི་བསྐྱལ་བ་དང་མོ་རང་གིས་ཀྱང་ལས་ཀ་དང་འབྲེལ་བའི་དཀའ་ངལ་ག་རེ་བྱུང་ན་ང་རང་ལ་ཐད་གར་ཁ་པར་གཏོང་ཤོག་དང་ངས་ཁྱེད་རང་ལ་རོགས་པ་བྱེད་ཆོག  དེ་ལ་ངོ་ཚ་དང་ཡ་ང་དེ་འདྲའི་བྱེད་དགོས་ཀྱི་ཡོད་པ་མ་རེད་ཅེས་བཤད་དེ་འབུད་སོང་།

ང་རང་གི་ཆུ་ཚོད་ཕལ་ཆེར་གསུམ་ཙམ་ལ་ཐབ་ཚང་ནང་གི་ཡར་འགྲོ་མར་འགྲོ་བྱེད་ཞོར་དུ་གངས་མཚོ་ལ་ཁ་པར་ནང་གི་འཕྲིན་ཡིག་རེ་བསྐུར་ནས་ང་རང་གི་གནས་ཚུལ་ཐ་དག་ཁོ་མོ་ལ་བཤད་པ་ཡིན། ཁོ་མོ་ཡང་སེམས་པ་བྲེལ་བ་ཅུང་ཙམ་སྐྱེ་དགོས་བྱུང་བ་ནི། ང་རང་ཐབ་ཚང་ནང་དུ་ཆུ་ཚོད་གཉིས་གསུམ་རང་གཅིག་བུར་བསྡད་ཡོད་པ་དེའི་ཆེད་དུ་རེད། ཆུ་ཚོད་གསུམ་པའི་སྟེང་དུ་མ་བྱན་སླེབས། དེ་ནས་བཟུང་ལས་མགོ་བཙུགས་དེ་དགོང་མོའི་ཆུ་ཚོད་བཅུ་དང་སྐར་ཞེ་ལྔ་བར་དུ་ཐབ་ཚང་ནང་དུ་ལས་ཀ་བྱས་པ་ཡིན།

མ་བྱན་དང་མ་གཡོག་བུད་མེད་རྒྱགས་པ་དེ་གཉིས་ཀྱི་ང་རང་ལ་ཡང་ཡང་ཁ་ལག་ཟོ་ཟེར་ནས་བཤད་ཀྱང་། ང་རང་གིས་དོ་ནུབ་ང་རང་ལ་ནང་དུ་ཁ་ལག་ཡོད། འདི་ནས་མི་ཟ་སང་ཉིན་ནས་ཟ་ཆོག་ཞེས་བཤད་དེ་དགོང་མོ་བདེ་ལེགས་སང་ཉིན་ཆུ་ཚོད་གཉིས་པའི་སྟེང་དུ་མཇལ་ཆོག་ཟེར་ཞོར་དུ་ལག་འཇུ་ཞིག་བྱས་དེ་ང་རང་གི་ལས་འཛིན་ཤོག་བྱང་དེ་འཕྲུལ་ཆས་ཐོ་འགོད་ཡོད་སར་ལས་མཚམས་བཞག་པའི་ཐོ་འགོད་བྱས་ཚར་རྗེས་སུ་ཕྱིར་རང་གི་བསྡོད་གནས་སུ་ལོག་བཞིན་པའི་སྐབས་དེར་གངས་མཚོ་ལ་ཁ་པར་བཏང་ནས་ཉིན་བཀང་གི་ལས་དོན་སོགས་བཤད་དེ་ཕན་ཚུན་ལ་དགོང་མོ་བདེ་ལེགས་བཞག་ནས་ཁ་པར་གྱི་སྒོ་བརྒྱབ་པ་ཡིན། ནང་དུ་འབྱོར་ནས་རང་ཉིད་ཀྱིས་ཁ་སང་གངས་མཚོའི་ཨ་མའི་གྲོགས་མོ་དང་གྲོགས་པོ་རེ་ཟུང་ཞིག་ལ་བོད་ཟས་ཤིག་བཟོས་པ་དེའི་ལྷག་འཕྲོ་འཐེན་ཐུག་བརྔོས་མ་ཞིག་འཁུར་ནས་ཡོང་ཡོད་པ་དེ་ཚ་བོ་བཟོས་དེ་རང་ཉིད་གཅིག་བུས་ཁང་བ་ཆུང་ཆུང་ནང་ནས་ཁུ་སིམ་མེར་ཟོས་ཚར་རྗེས་སུ་ཉལ་སའི་ནང་དུ་འཛུལ་ནས་ཞོ་འགྱིག་སྣོད་ཆུང་ཆུང་འཐུང་ཞོར། ང་རང་ལ་དངོས་ནས་མགྲོན་ཁང་བརྫིག་པོ་དེ་ཡི་ནང་དུ་ལས་ཀ་རེག་པ་ཡིན་ནམ་སྙམ་ནས་སྟོང་འདང་གི་བསམ་བློའི་རྨི་ལམ་ཞིག་ཀྱང་གཏོང་དགོས་བྱུང་། ཨོ་རེད། ང་རང་ལ་ཆུ་ཚོད་གཅིག་གི་ནང་དུ་ལས་གླ་ཤིས་དཀར་ཉི་ཤུ་དང་ཟུར་ཆ་གཅིག་རེག་གི་ཡོད་པ་རེད། དེ་ནི་ཧིན་སྒོར་དུ་འཁུགས་ན་ཉིས་བརྒྱ་བཞི་བཅུ་ལྷག་ཞིག་རེད་འདུག ད་ནི་ལས་ཀ་འདི་ནི་ཉིན་རེ་ལ་ཆ་སྙོམས་ཀྱི་ཆུ་ཚོད་བརྒྱད་ལ་བྱས་པ་ཡིན་ན་ནི། ང་རང་ལ་ཤིས་དཀར་བརྒྱ་དང་བདུན་བཅུ་མ་ཟིན་ཙམ་ཞིག་རེག་གི་ཡོད་པ་རེད། དེ་ནི་ཧིན་སྒོར་ལ་འཁུགས་ན་ཉིས་སྟོང་ཙམ་རེད། ལས་ཀ་འདི་རྒྱུན་ལྡན་ཆགས་སོང་བ་ཡིན་ན་ནི་དངོས་ནས་ཡག་པོ་འདུག ང་རང་ལ་གློག་ཀླད་དང་རང་གི་རྩོམ་ཡིག་དང་བརྩམ་སྒྲུང་གི་སྔ་མ་ཡང་ག་ལེར་འབྲི་ཐུབ་ངེས་རེད། གང་ལྟར། བདུན་ཕྲག་གཅིག་གི་རྗེས་སུ་ལས་ཀ་འདི་རྒྱུན་ལྡན་ཆགས་མིན་ཤེས་ངེས་རེད། ཡིན་ཡང་། ལས་ཀ་འདི་མིན་པས་གངས་མཚོའི་གྲོགས་མོ་ཞིག་གིས་ཀྱང་ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་མཁན་མ་བྱན་ཞིག་དགོས་ཀྱི་འདུག་ཟེར། དེ་ཡིན་དུས་ང་རང་ལ་ལས་ཀ་རེག་མི་རེག་ཟེར་བ་དེ་ནི་དཀའ་ལས་མེད་པ་ཆགས་ཡོད། ཡིན་ཡང་། གངས་མཚོ་ལ་བྱིས་པ་ཆགས་ཡོད་སྟབས། མོ་རང་ལ་ནི་ལས་ཀ་སྟབས་བདེ་ཞིག་རེག་མིན་མི་ཤེས་ཀྱང་། ང་རང་གི་ལས་ཀ་འདི་རྒྱུན་ལྡན་ཆགས་དེ་བསྡད་པ་ཡིན་ན་ནི། ངེད་གཉིས་ལ་གསོག་རྒྱུ་དང་བེད་སྤྱོད་བྱེད་རྒྱུ་གཉིས་ཀ་འདུག་ཨང་སྙམ་བཞིན། གློག་ཀླད་ནང་ནས་བརྙན་འཕྲིན་ཞིག་ལ་བལྟ་འགོ་བཙུགས། ༢༥།༡།༠༩

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. kawakarpo says:
    ལོ་ 15 སྔོན།

    ལས་ཀ་རག་པ་ཡག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese