རྒྱུས་མེད་རྒྱལ་ཁམས་ཞིག་ནས།།
གཞན་སྐད་གཞན་ཡིག་སྤྱངས་དུས།།
རང་ཡུལ་ཁ་བ་ཅན་གྱི།།
སྐད་དང་ཡི་གེ་དྲན་བྱུང་།།
རྒྱུས་མེད་རྒྱལ་ཁམས་ཞིག་ནས།།
གཞན་མིའི་སྒེར་གཤིས་མཐོང་དུས།།
བྱམས་དང་སྙིང་རྗེ་བདག་པོ།།
བོད་མིའི་གཞན་གཅེས་དྲན་བྱུང་།།
རྒྱུས་མེད་རྒྱལ་ཁམས་ཞིག་ནས།།
ཟིང་ཟིང་གྲོང་ཁྱེར་འགྲིམ་དུས།།
ལྷ་ཡི་བཀོད་པ་ལྟ་བུའི།།
བོད་ཡུལ་རྩྭ་ཐང་དྲན་བྱུང་།།
གཞན་མི་ཇི་འདྲ་བཟང་ཡང་།།
ཤ་དང་རུས་པའི་མདུད་པ།།
ཆུང་ནས་བརྒྱབས་པའི་རིགས་ལ།།
གཏན་ནས་བསྡུར་ཐབས་མ་བྱུང་།།
གླུ་ཚིག་འདི་གླུ་བ་གླུ་མ་སུ་ཡི་ལེན་འདོད་ཡོད་ན་དེ་ལ་ཕུལ་བ་ཡིན། བོད། ཤ་ཁྲག་རུས་གསུམ་ནས། ༤།༨།༡༡
སྐད་ངག་བདེ་མོ་ཞིག་ཡོད་ནོ་སྔོན་ནས་ཤེས་ཡོད། ལོངས་ཤིག ཉན་ནས་འདུག་ཡ
འབྲོང་བུ་ལགས།
དྲིན་དང་ཕ་མ་ཁ་ཐག་རིང་གི་ཐལ།།
སྙིང་གི་གྲོགས་དག་ཁ་ཁར་བུད་སོང་ཐལ།།
སེམས་དང་བསམ་པ་འགྱུར་མེད་དྲི་མེད་གླུ།
ཤར་མར་ཐོལ་ནས་བླངས་པ་དགའ་ནས་ཡོད།།
རྒྱུས་མེད་ས་མཐའ་འདི་ནས།།
ཕ་ཡུལ་ཕ་མ་དྲན་གི།
མར་དང་རྩམ་པ་དྲན་གི།
འདང་ཅན་གྲོགས་པོ་དྲན་གི།
ངས་གླུ་འདི་ལེན་ན་འཇོག
དེ་ཙམ་ཡིན།