མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་ཆུང་གི་མིང་འདི་འདྲ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

 

ཁ་བའི་ལྷ་སྲས  ཕ་རྒན་ངས    ཁྱེད་ལ་འདི་ལྟར་མིང་ཞིག་བཏགས་ཡོད
འདི་ནི་བཏགས་མིང་རེད    དོན་དངོས་ཀྱང་
ཁྱེད་རང་ནི་ཁ་བའི་ལྗོངས་ཀྱི་བདག་པོ་ཞིག
ལྷ་ཡུལ་ཁམས   གང་རུང་ཞིག་ནས་བཏང་བའི་ཕོ་ཉྭའམ
འདོད་པའི་བྱ་བ་ལེགས་པར་འགྲུབ་པའི་སྲས་ཤིག་སྟེ
བོད་ཡུལ་མུན་པའི་སྐྱོ་བ་འཁུར་དུ་ལེན་པ་དང་
རིགས་རུས་ཀྱི་གདུང་བ་ལ་དབྱེ་བ་མེད་པར
འགྲོ་བ་མིའི་སྐྱིད་སྡུག་གི་ལེགས་ཉེས་རྟོགས་པའི
ཤེས་རབ་ཀྱི་རལ་གྲི་འཛིན་པའི་སྐྱེ་བུ་ཞིག་དུ་འགྱུར་བར
ངས་འདི་ནས་རེ་སྨོན་གྱིས  བདག་གི་བུ་ཆུང་   ཁྱོད་ལ་མིང་འདི་བྱིན་ཡོད
ཁ་བའི་ལྷ་སྲས   ཨ་མས་བཤད་ན མིང་གཞན་ཞིག་ཡོད་ཟེར

ངའི་སྙིང་ནས་མཆེད་པ་བཞིན  ངའི་ཤ་ནས་སྐྱེ་བ་ལྟར
ངའི་ཁྲག་ནས་ཐོན་པ་ལྟར   ངའི་རུས་ནས་བྱུང་བ་ལྟར
ངས་ཁྱོད་ལ་མིང་འདི་འདྲ་ཞིག་བཏགས་ཡོད
བདག་གི་བུ་ཆུང་  ད་ལྟ་དེ་རིང་ནི
ཁྱེད་རང་མི་ཡུལ་འདིར་སླེབས་ནས་ཉིན་ལྔ་ལས་མིན་ཡང་
ཁྱེད་ལ་མིང་ཞིག་མེད་པར་འདུག་དོན་མེད
འགྲོ་བ་མི་ཚང་མ་ལ་ཕ་མ
བླ་མ   སྲོལ་ལུགས  འདྲ་མིན་ནས་བྱུང་བའི་མིང་རེ་ཡོད
དེས་ན   ངས་སུ་ལ་ཡང་མ་དྲིས་པར་ཁྱེད་ལ
དེ་རིང་ནས་ཁ་བའི་ལྷ་སྲས་བཏགས་ཡོད
སྙིང་གི་གཅེས་ཕྲུག    ཁྱེད་ལ་ད་དུང་ 
བྱམས་ཤིང་བརྩེ་བའི་ཨ་ཅེ་ཞིག་ཀྱང་ཡོད

ཁ་བའི་ལྷ་སྲས  བདག་གི་གཅེས་ཕྲུག
ཁྱེད་ཀྱི་ཨ་ཅེ་ཡི་མིང་ལ་ཐར་མ་མཚོ་རེད
དེ་ཡང་  ཕ་རྒན་ངས་གང་ཞིག་རྙེད་པ་ལྟར
ཅི་ཞིག་ནས་འཕྲོགས་པ་ལྟར
གཞན་ཞིག་ལ་སློང་བ་ལྟར  སུ་ཚང་ནས་བརྐུས་པ་བཞིན
ཁྱེད་ལ་མིང་བཏགས་པ་བཞིན  ང་རང་གི་བློ་བཀོད་ལས་འབུས
དེ་རིང་ནས་བཟུང་   ཁྱེད་མིང་སྲུང་གཉིས་ཀྱིས
ཕ་རྒན་ངའི་ཤུལ་རྗེས་ན    བོད་ཅེས་པའི་མིང་ཞིག་ཡོད་པ
འཆི་བ་སྔས་ཐོག་ལ     མ་སླེབས་པའི་ཉིན་མོ་དེ་ཡི་བར་དུ་བརྗེད་མི་རུང་
ཁ་བའི་ལྷ་སྲས  སྙིང་གི་གཅེས་ཕྲུག
སྐད་ཆ་འདི་ཕ་རྒན་ངའི་ཁྱེད་རང་སྐྱེ་བའི་ཤིས་ཚིག་ཡིན་ལ
སེམས་ཀྱི་རེ་སྐུལ་ཡང་ཡིན  སྙིང་གི་གཅེས་ཕྲུག
འཚར་ནས་ཤོག  བདེ་ཐང་ངང་   ཁ་བའི་ལྷ་སྲས

འབྲེལ་ཡོད་གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

སྐར་མ ༡༧ སྔོན་ལ།
པར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་རྒྱ་ཡིག་དྲ་ཚིགས་ལས་བླངས།
Mobile App

༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག

ཆུ་ཚོད་ ༢ སྔོན་ལ།
tt
Mobile App

ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས།

ཆུ་ཚོད་ ༤ སྔོན་ལ།
ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༢༤ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

༢༠༢༦/༡༡/༡༠
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

༢༠༢༦/༡༡/༡༠

མཆན། 7

  1. drakpa says:
    ལོ་ 15 སྔོན།

    ཡག་པོ་འདུག་་་་མི་མཐུན་ནས་་་་་་་ཡོང་ངེས་ཡིན།

    Reply
  2. drikungpa says:
    ལོ་ 15 སྔོན།

    ངས་ཁ་བའི་ལྷ་སྲས་མི་ཡུལ་དུ་ཕེབས་པར་དགའ་སྤྲོའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
    ཁ་བའི་ལྷ་སྲས་མཆོག་གི་རང་མི་རིགས་ཀྱི་བླ་སྲོག་ཞིག་གནང་ཐུབ་པའི་རེ་སྨོན་ཡོད།
    ཤ་ཁྲག་ལགས་བཀྲིས་བདེ་ལེགས།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་ཅག་གི་སྨོན་འདུན་དང་དུས་རྒྱུན་བདག་གི་ཟིན་བྲིས་ལ་དོ་སྣང་བྱས་པ་དེར་དགའ་ནས་ཡོད།

    Reply
  4. kangwod says:
    ལོ་ 15 སྔོན།

    དྲ་གྲོགས་ཁྱེད་ལ་བུ་ཆུང་སྟག་འདྲ་བ་ཞིག་སྐྱེས་པར་སྙིང་ནས་དགའ་བསུ་ཞུ། དེ་ནི་ཁྱེད་གཟའ་ཟླ་གཉིས་ཀྱི་ཁོག་པའི་སྙིང་དང་། བུ་མོ་ཐར་མ་འཚོའི་མྱིང་བོ་སྐར་ཆུང་ལྟ་བུ་ཞིག་ཡིན་ངེས་པས། བདག་གིས་བཅོས་མིན་གྱི་དགའ་བསུ་ཞུ།

    Reply
  5. karmadentse says:
    ལོ་ 15 སྔོན།

    ཡ་ཡ། ཡིད་ལ་དམ་འཛིན་བྱེད་འོང་།

    Reply
  6. chok zyl says:
    ལོ་ 15 སྔོན།

    ཕུལ་འདོད ་་་བཅོས་རོགས།

    Reply
  7. chok zyl says:
    ལོ་ 15 སྔོན།

    ཁ་གཡང་ཞིག་འབུད་འདོད་བསམ། ཨ་ཕའི་གཅེས་ཕྲུག་མར་ལོ་ལྷ་སྲས། ཁྱེད་ཉི་མ་དེ་རིང་ནས་འཇིག་རྟེན་མི་ཡུལ་དུ་བྱོན་པ་རེད། ཨ་ཕས་ཁྱེད་ལ་དེ་རིང་ནས་རེ་བ་དང་ཕུགས་འདུན་ཡོད་ཚད་བཅོལ་སོང་། ཁྱེད་ཀྱིས་ཡང་ཉིན་ཞིག་ལ་མཐོང་ཡོང་གི་རེད། དེ་ནས་བཟུང་ཕ་ལོའི་གདུང་རྒྱུད་དེ་འཛིན་རྒྱུ་ཁས་ལེན་བྱེད་དགོས་རེད། ཉིན་དེ་རིང་ཁྱེད་གཟའ་མི་ཚང་མ་ཚེ་རིང་ལོ་བརྒྱ། ཁ་དྲོ་བཀྲ་ཤིས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese