མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོ་སྐམ་པོ་ཞིག་གི་སྐད་ཆ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

གནམ་ལ་ཀ་ཞིག་ཡོད་ན་ཆག་ནས་ཤོག
ས་ལ་གསེར་ཞིག་ཡོད་ན་བཏོན་ནས་ཤོག
བར་ན་བྱ་ཞིག་ཡོད་ན་བཟུང་ནས་ཤོག
འཇིག་རྟེན་སྲིད་པའི་གྲོང་དུ་གླུ་ཞིག་ལོངས།།

གནའ་མིའི་གཏམ་ལ་བདེན་མིན་གཉིས་ཀ་ཡོད།།
གྲོགས་པོའི་ཚིག་ལ་བཟང་ངན་གཉིས་ཡོད་རེད།།
ནང་མིའི་སློབ་གསོ་ཉན་མིན་རང་ལ་ཐུག།
འདི་ཕྱིའི་ལེགས་ཉེས་སེམས་ཀྱི་ཕྱི་ནང་རེད།

ཞིམ་པོའི་ཟས་ཀྱང་མི་གཙང་ངོ་བོར་འགྱུར།།
ཉན་པའི་གཏམ་ཡང་བྲག་ཆའི་ཟླ་རུ་འགྱུར།།
དགོས་པའི་དོན་ཡང་གཡང་གཟར་ཆུ་དང་མཚུངས།།
ངོ་གསོ་མེད་པའི་འཁོར་བར་སྐྱིད་སྡུག་མོད།།

ཆས་པའི་ཕྱིར་ཉིན་གཏམ་བཟང་རོ་ལ་སྤུངས།།
གསོན་པའི་དུས་སུ་མྱི་ཁ་སྙིང་ལ་བསྣུན།།
འཚོ་བའི་ངན་ངོན་འདུར་བའི་སྔ་གཞུག་ལ།།
འགྱོད་མེད་འཆི་ཁའི་མིག་ནི་དཀོན་རེ་སྐད།།

བསམ་པ་ཅན་ལ་རེ་བའི་འོད་སྣང་མང་།།
འཁྲུལ་སྣང་ཅན་ལ་དུག་གི་ཚོར་བ་ལྕི།།
བརྣབས་སེམས་ཅན་ལ་རང་གཞན་གཉིས་འཕུངས་ཤིག།
འདྲིས་ཤིང་གཤིབ་པའི་མཐའ་ནི་གཟད་དེ་འོང་།།

འཇིགས་ཤིང་འདར་བའི་ཆོམ་རྐུན་གང་བྱས་ཀྱང་།།
ངལ་ཞིང་རྒྱུགས་པའི་རྒྱུ་དངོས་གང་སྒྲུབ་ཀྱང་།།
རང་གཞན་གཉིས་མེད་གཡོ་སྒྱུ་གང་འཁྲབ་ཀྱང་།།
གཟུགས་མེད་འཆི་བདག་དེ་ལ་ངོ་མེད་ཡིན།།

༡༠།༩།༡༡ལ་བྲིས།

འབྲེལ་ཡོད་གསར་འགྱུར།

tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡

མཆན། 3

  1. kamgam says:
    ལོ་ 14 སྔོན།

    རེད
    དུག་གི་ཡུལ་ན་དྭངས་གཙང་དཀར་ཐིག་མེད།།
    མ་རིག་འབྲས་བུ་གློ་བུར་དགའ་གཤིས་ཤིག།
    བན་བུན་སབ་སིབ་གཉུག་མའི་ཆོས་ཉིད་འདི།།
    ཆོས་ཉིད་རྒྱལ་མོའི་ཁྲིམས་ལ་གནས་ནས་བཞུད།།

    Reply
  2. lobsang59 says:
    ལོ་ 14 སྔོན།

    རྩོམ་ཡིག་བཀླགས་ནས་སོང་ཡོད་

    Reply
  3. drikungpa says:
    ལོ་ 14 སྔོན།

    བཀླགས་ནས་ཕུར་ཐལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese