རླུང་གིས་འཁུར་ནས་འོང་བའི་སྐད་ཆ་དེ་མི་སྙན་གི
མེ་ཡིས་བསྲེག་ནས་འོང་བའི་གཏམ་རྒྱུད་དེ་ནི་འཇིགས་ཤིང་འདར
ས་ལ་འཐིམ་པའི་རུས་རྐང་དེ་དག་ནི་དེ་འདྲའི་སྐྱི་ཡ་བ་ཞིག
ཆུ་བོ་ངུས་པའི་སྒྲ་དབྱངས་དེ་ནི་དེ་འདྲའི་སྐྱོ་བོ་ཞིག
དེ་རིང་གི་རྔ་བ་བདེ་མོ་རེད་དམ
ས་ཆེན་ཁྲོས་པའི་ཁ་དབུགས་དེ་ནི་ཧ་ལས་པ་ཞིག
ཆུ་ཆེན་བཞུར་བའི་རླབས་སྒྲ་དེ་ནི་མཛེས་ཤིང་ལྗིད་པ་ཞིག
མེ་དམར་པོ་འབར་བའི་ཤེད་ཤུགས་དེ་ནི་རྔམ་བརྗིད་ལྡན་པ་ཞིག
རླུང་ནང་གི་ཚེ་སྲོག་དེ་དག་ནི་ཉན་མི་སྤྲོ་བའི་སྐྱོ་གར་ཞིག
དེ་རིང་རྔ་བ་བདེ་མོ་རེད་དམ
ཚེ་སྲོག་མེས་ཡིས་བསྲེགས་ཤུལ་ནས
ང་ཚོས་རང་ཉིད་ཀྱི་ངོ་བོ་བཙལ