གནམ་ངོ་རུབ་འདུག མ་གཞི་ས་སྒང་དེ་ནས
སུ་ཚང་གི་ལྟོགས་པ་ཁྱུ་ཞིག དེ་ཚང་གི་སྒོ་འགྲམ་ནས་ངུས་ཀྱང་
ཡ་ལན་མེད་པའི་གནམ་འོག་གི་སྐྱེ་བོ་དག་གི
ངའི་རིགས་ཀྱི་འགོ་དང་རྐང་འོག་ནས་བཞུར་སོང་
ང་བསྟུད་མར་གཉིད་ན་འདོད་བྱུང་
སུ་ཚང་གི་བརྙས་བཅོས་འཁུར་ནས
འུ་ཚང་གི་སྐྱིད་སྡུག་གི་རླུང་ཁར་དེད་དུས
ས་སྒང་གི་མཚན་མོ་དེ་དག་ལ
སྐར་མ་ཁྱུ་གཅིག་གིས་འདར་ཟུག་བསམ་ན
ང་སྡེ་མཐའ་ཞིག་ནས་གཉིད་ན་འདོད་སོང་
གཉིད་ལ་དགའ་བའི་རིགས་སུ་སྐྱེ་བ་ནས
སྒྱུད་ལུག་པའི་ངང་ཚུལ་འདི་དག
ཤ་དང་རུས་པའི་གསེང་དུ་འཛངས་དེ་འོང་
ཨམ་ཚུགས་བསྡམས་སྟེ བསམ་གཞིགས་བྱས་དུས
ངའི་སྐྱི་མོའི་ཁ་དོག་ཡང་ཚོར་བ་མེད་པར་གྱུར
རྒྱུ་མཚན་དང་རེ་བཞག་གྲངས་མེད
བདེན་པ་དང་གནས་ལུགས་ཆེས་མང་བོ་ཞིག
དབྱངས་རྟ་ཚད་མེད་ཀྱི་འགྲོས་དང་འགྲོགས་ནས
འཛམ་གླིང་ཧྲིལ་བོའི་གློད་སྐུད་སྣ་འདུས་ཀྱི་ཁྲོད་ན་གྲགས་ཀྱང་
ངེད་ཚང་གི་སྒོ་འགྲམ་ན་ཡོད་པའི་སྒྲུ་བརྡུལ་འཕྲུལ་ཆས་དེ་དག་ལས
གང་ཡང་ཐོས་མི་ཐུབ་པ སུ་ཚང་གི་རྒོལ་བརྡུངས་སླེབས་པ་རེད
ང་གཉིད་དུ་བཅུགས ངས་གནས་ལུགས་དང་བཤད་མི་ཤེས
གཉིད་དུ་བཅུགས ངས་བདེན་པ་ཡང་བཤད་མི་ཐུབ
གཉིད་ན་འདོད ངས་རང་ལ་བོད་པ་ཟེར་ནས་འབོད་ཀྱང་ཁག་གི
གཉིད་འདོད་ན་གཉིད་རྐྱང་གྱིས་ལོ།
བོད་པ་ཚོ་གཉིད་མི་ཁུག་པའི་ཉི་མ་འདི་ལ་ཁྱོད་རང་གཉིད་ན་འདོད་པ་ཡ་མཚན་རེད། ཁ་བྱང་གཅིག་པུ་ལས་བཀླགས་མེད།