་་་་་་་་་་་་་་་་་་་་རང་གི་བུ་ཆུང་ཁ་བའི་ལྷ་སྲས་ལ་བླངས་པའི་གླུ་ཡིག་ཐོག་དུ་བཏབས་པ།
ཁ་བའི་ལྷ་སྲས། སྙིང་གི་གཅེས་ཕྲུག
ཁྱོད་ལ་བྱམས་པའི་མ་ཞིག་ཡོད།
ཁྱོད་ལ་དུངས་པའི་ཨ་ཅེ་ཞིག་ཡོད།
ཁྱོད་ལ་བརྩེ་བའི་ཕ་ལོ་ཞིག་ཡོད།
འདི་ནི་ཁྱོད་ཀྱི་འཇིག་རྟེན་རེད།
འདི་ནི་ཁྱོད་ཀྱི་ཁྱིམ་ཚང་རེད།
འཚར་ནས་ཤོག་དང་། སྙིང་གི་གཅེས་ཕྲུག
བུ་ཆུང་བསམ་པའི་དོན་འགྲུབ།
བུ་ཆུང་ཚེ་རིང་ལོ་བརྒྱ།
བུ་ཆུང་ཁ་དྲོ་བཀྲ་ཤིས།
མགྱོགས་པོ་འཚར་ནས་ཤོག་དང་།
ཕ་ལོས་ཁྱོད་ལ་བོད་སྐད་བཤད་ཡ།
ཕ་ལོས་ཁྱོད་ལ་བོད་ཡིག་སློབ་ཡ།
སྙིང་གི་གཅེས་ཕྲུག ཁ་བའི་ལྷ་སྲས།
སྙིང་གི་གཅེས་ཕྲུག ཁ་བའི་ལྷ་སྲས།
སྙིང་གི་གཅེས་ཕྲུག ཁ་བའི་ལྷ་སྲས།
དགོངས་དག བརྩེ་བ་ནི་དྭངས་མ་རེད་་་་་ཞེས་བཅོས་རོགས།
དུངས་པ་ནི་ཡང་དག་རེད། བརྩེ་ནི་དྭབས་མ་རེད། ཁྱོད་བུ་ཆུང་ལ་མདངས་ཆེ་ནི་་འཇིག་རྟེན་ནའང་བདེན་དཔང་བྲལ་བའདྲ། བཟང་གི་དགའ་ནི་ཡིན།