ལ་དང་ལུང་བ་མང་བོ་མང་བོ་ཞིག་བརྒལ་ནས
སེམས་དང་བསམ་པ་མང་བོ་མང་བོ་ཞིག་ལ་ཉན་ནས
འཚོ་དང་འཚོལ་བའི་མི་གཤིས་མང་བོ་མང་བོ་ཞིག་བསྲེས་རྗེས
གཞི་ནས འཇིག་རྟེན་ནི་གོར་གོར་ཞིག་དང་ལེབ་ལེབ་ཞིག
ཡང་ན ཟུར་གསུམ་དང་ཟུར་བཞི རྡོག་རྡོག་དང་ནར་ནར
གང་དུ་ཡང་བསམ་དུ་ཆོག་པའི་ངེས་པ་འདིས
ང་ནི་འགུལ་ན་མི་འདོད་པའི་མི་ཞིག་དུ་བཏང་སོང་
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།