མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་དབུ་མའི་ཁྲོད་དུ་སུ་ཞིག་འགྲོ་མྱོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

རང་གིས་རང་ལ་རྫུན་གཏམ་རྟག་དུ་བཤད།།
རང་གིས་རང་ལ་གཡོ་སྒྱུ་རྒྱུན་པར་འཁྲབ།།
རང་གིས་རང་ལ་ལེ་ལོ་ཁོ་ན་བྱེད།།
འདི་འདྲའི་ང་ཚོར་རེ་བ་གཞན་གང་ཡོད།།

 

ཁ་ནས་གང་ཐོན་བཤད་པར་བདག་པོ་མེད།།
སེམས་ལ་གང་ཤར་ལག་ལེན་སྤྱངས་པ་མེད།།
ཐབས་དང་རིག་པའི་ལས་དོན་མི་འཁྱོངས་པའི།།
འདི་འདྲའི་ང་ཚོར་ཁག་འཇོག་བྱེད་ས་མང་།།

 

བྱེད་པའི་ལས་ལ་ནམ་ཡང་ཆིག་སྒྲིལ་མེད།།
མ་བྱས་རླུང་གི་སྐད་ཆར་ཉན་རྒྱུར་དགའ།།
ཁྲིམས་དང་ལུགས་སྲོལ་ཟེར་ནས་འགོག་མཁན་མེད།།
འདི་འདྲའི་ང་ཚོར་འཇོན་པའི་བྱས་རྗེས་དཀའ།།

 

ཕར་ལ་ཐུག་ན་དེ་ཡི་སྐད་ཆར་ཉན།།
ཚུར་ལ་སླེབས་ན་བདེན་བདེན་འགྲིག་འགྲིག་བཤད།།
གནས་ལུགས་རྐྱང་བཤད་བྱེད་པའི་སྙིང་སྟོབས་མེད།།
འདི་འདྲའི་ང་ཚོར་རེ་བ་གང་ཞིག་ཡོད།།

 

རེ་བ་མ་སྒྲུབ་ནམ་ཡང་འགྲུབ་མ་མྱོང་།།
སྒྲུབ་པའི་བྱ་བཞག་ཆིག་སྒྲིལ་ནུས་པ་དགོས།།
ནུས་པའི་གོང་བུ་ལག་ལེན་རྩ་བ་ཡིན།།
འདི་འདྲའི་བྱེད་ཐབས་ཤིག་ནི་ང་ཚོར་མེད།།

 

རང་གི་སྒེར་དོན་སྤྱི་དོན་གཉིས་བསྡུར་དུས།།
སྤྱི་དོན་ཁ་དང་རང་དོན་ཁོག་ཡིན་པའི།།
འདི་འདྲའི་ཐབས་བསྡིག་མི་རིགས་ལས་ངན་ཚང་།།
ང་དང་བཅས་པ་རྩིས་ན་སྙིང་རྗེ་ཡུལ།།

 

དབུ་མའི་ལྟ་བ་རྟོགས་པའི་གཞུང་ཞབས་དཀོན།།
དབུ་མའི་ལོངས་ཤོག་སྒྲུབ་པའི་འཐབ་མོ་མེད།།
དབུ་མའི་གཞུང་ལུགས་ཤེས་པའི་སློབ་བུ་སྟོང་།།
དབུ་མ་ཟེར་ནས་ད་དུང་གཉིད་དུ་གཡུར།།

ཆོས་དང་སྲིད་གཉིས་གཅིག་དུ་མ་གྲུབ་པར།།
རྩ་ཁྲིམས་ཆོས་ཁྲིམས་གཉིས་ནི་གཅིག་མིན་དུས།།
ཆོས་ཚིག་སྲིད་ལ་བསྲེས་པའི་བོད་པ་ཚོ།།
བསམ་ན་སྙིང་ཆུང་གཟེར་བའི་ཟུག་རྔུ་རེད།།

 

སྲིད་ལ་སྲིད་ཀྱི་ཁྲོམ་ཞིག་ཡོད་མྱོང་ལ།།
ཆོས་ལ་ཆོས་པའི་ཐོབ་ཐང་རེག་དགོས་དུས།།
དབུ་མའི་ལམ་ཕྲན་ཟེར་བ་མི་ཤེས་ཚེ།།
ཆོས་སྲིད་དཀྲུགས་དཀྲུགས་མ་བྱེད་རིགས་མཐུན་ཚོ།།
 

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

མཆན། 3

  1. sha tak ri sim says:
    ལོ་ 14 སྔོན།

    ཁྱེད་རྣམ་པ་གཉིས་ཕེབས་ནས་ཀློག་པ་དང་བསམ་ཚུལ་བྲིས་པ་དེར་དགའ་ནས་ཡོད།

    Reply
  2. adumikchu says:
    ལོ་ 14 སྔོན།

    སངས་རྒྱས་མེད་པ་མིག་གིས་བལྟས་ཏེ་བཤད།།
    དབུ་ལམ་མི་ཕན་མྱོང་རྟོག་མེད་པར་འཆད།།
    རང་གིས་ཤེས་ཡོན་བཟང་ངན་མི་ལྟ་བར།།
    གཞན་ལ་དཔྱོད་ཁུལ་བྱེད་པ་གླེན་པའི་རྟགས།།

    སངས་རྒྱས་ཡོད་མེད་སེམས་ཀྱིས་མྱོང་བ་དགོས།།
    དབུ་ལམ་བཟང་ངན་ཤར་སྐྱོད་ཤེས་ན་ཤེས།།
    གང་ཡང་མ་ཤེས་སུ་ཡང་མ་སོང་བར།།
    ཡོད་མེད་བཟང་ངན་བཤད་པ་ལྐུགས་པ་ཉིད།།

    རང་གི་རིགས་ལ་རང་གིས་དམའ་འབེབས་བྱེད།།
    རང་རེའི་རྒྱལ་བོར་རང་གིས་སྨད་ལ་འབད།།
    གང་ཡང་མི་ཤེས་ཅི་ཡང་མི་འགྱོན་པའི།།
    གངས་ཅན་པ་ཡི་མི་འགའ་སྙིང་རེ་རྗེ།།

    རྒྱལ་བས་གང་གསུངས་རྣ་བའི་ལྷགས་པ་བྱེད།།
    དཔྱོད་པའི་ཤེས་རབ་གང་ཡང་མི་དགོས་པར།།
    ཐོལ་བྱུང་བསམ་བློ་འཆད་པའི་གླེན་རྒན་ཚོ།།
    བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མིག་ལོང་རེད།།

    རྒྱ་ཡི་ཕྱོགས་ལ་བཤད་པའི་གཏམ་ཞིག་བྲལ།།
    རང་གིས་ཕྱོགས་ལ་དམོད་པའི་ཚིག་ལོ་མང་།།
    ནང་རྣོ་ཕྱི་ལ་རྟུལ་བའི་གྲི་ངན་པ།།
    ཡུལ་གྱར་བོད་མིར་མི་དགོས་སྤང་རྒྱུ་རེད།།

    རང་གི་བདེ་ལམ་རང་གིས་མ་བརྙེད་པར།།
    ཞི་བདེའི་དེད་དཔོན་ནོར་སོང་ཟེར་བ་དེ།།
    རྣ་བའི་གོ་ན་ཁ་ནས་མི་བགོད་པར།།
    རྐུབ་ནས་དགོད་ཁ་ཤོར་ནས་མ་བཟོད་ཐལ།།
    གྲོགས་པོ་ལགས། ཡག་པོ་བྲིས་འདུག བཀའ་དྲིན་ཆེ།

    Reply
  3. kamgam says:
    ལོ་ 14 སྔོན།

    ཨོ་བཀླགས་ཡོད་གཞན་བཤད་ཀྱི་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese