མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་གྱི་ལས་འགུལ་དེར་རྒྱབ་སྐྱོར་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

༢།༨བྱེས་བཅར་བཀའ་བློན་ཁྲི་བ་མཆོག་གི་གཙོ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཀྱིས། ༢།༨ལས་འགུལ་ཞེས་ཟླ་ངོ་གཅིག་མ་འདས་ཙམ་གྱི་སྔོན་དེར་བསྒྲགས་པ་རེད། སང་ཉིན་ནི་ཉི་མ་དེར་སླེབས་ཡོད། དེ་ཡང་ལས་འགུལ་སྤེལ་སྟངས་ལ་དངོས་ནས་རྒྱབ་སྐྱོར་ཞུ་ཐུབ་ཀྱི་མི་འདུག་ལ། ལས་འགུལ་གྱི་དུས་ཡུན་དངོས་ནས་དེ་འདྲའི་ཐུང་ཐུང་ཞིག་ལས་མི་འདུག ལྷག་དོན་དུ་སྲིད་སྐྱོང་བའི་མིང་འཛིན་པའི་སྐྱ་བོ་ཞིག་གིས་ཀྱང་མི་མང་ལ་བྱང་ཆུབ་སེམས་མཆོག་དང་མཆོད་འབུལ་བྱེད་པར་སྐུལ་ལྕགས་བྱེད་པའི་ལུགས་སྲོལ་འདི་ནི་མི་རིགས་ཤིག་གི་འཐབ་རྩོད་དང་། ད་ལྟ་བོད་ནང་གི་རང་ལུས་མེ་བསྲེག་གི་ལས་འགུལ་ཁྲོད་འདས་པའི་སྤུན་ཟླ་དག་གི་མགྲིན་ཚབ་ཙམ་ཡང་མཚོན་མི་ཐུབ་ལ། ཁོང་ཚོས་རེ་འབོད་ཙམ་ཡང་འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱི་རྣ་ལམ་དུ་བསྐྱེལ་མི་ཐུབ། དེ་ལྟར་མ་ཐུབ་པ་དེས་བོད་དོན་ལ་ལས་འགུལ་སྤེལ་བའི་སེམས་ཤུགས་ཀྱི་མེ་ལྕེ་ཡང་སྤར་མི་ཐུབ་པ་ཡིན།

ལྷག་པར་དུ་དུས་ཡུན་དེ་འདྲའི་ཐུང་ཐུང་ཞིག་གི་ནང་དུ། མི་རིགས་ཤིག་གི་ཤི་གསོན་ཁྲོད་དུ་གནས་པའི་གཞིས་ལུས་བོད་མིའི་མེ་མདའི་འོག་གི་མི་ཚེ་ལ་གཏན་ནས་འགྱུར་བ་འགྲོ་ཐུབ་མེད། བྱེས་ཀྱི་སྲིད་སྐྱོང་བའི་དབུ་ཁྲིད་ནས་མི་རིགས་ཤིག་གཉིད་ལས་སློང་དགོས་པ་ལས། མི་རིགས་ཤིག་མུ་མཐུད་དུ་གཉིད་དུ་གཡུར་བའི་ལམ་ཁར་གཏན་ནས་འདེད་མི་རུང་བ་ཡིན། མི་རིགས་ཤིག་གི་འཐབ་རྩོད་ལས་རྒྱལ་དགོས་ན། སྨོན་ལམ་འདེབས་པ་དང་སྐྱབས་འཇུག་ཞུས་པ་དེ་ཙམ་གྱིས་འགྲུབ་མྱོང་བའི་ལོ་རྒྱུས། ད་ལྟའི་བར་དུ་རང་དབང་ཤོར་མྱོང་བའི་ང་ཚོ་གནས་བཅའ་སའི་རྒྱ་གར་གྱིས་ཀྱང་བྱས་མེད་ལ། རྒྱལ་ཁབ་གཞན་དག་གི་ལོ་རྒྱུས་ཁྲོད་དུའང་བྱུང་མྱོང་མེད། དབུས་བོད་མིའི་སྲིད་སྐྱོང་བས་དངོས་ནས་ཁ་ཞེ་གཉིས་མེད་ཀྱི་མི་རབས་གསར་བའི་དབུ་ཁྲིད་ཀྱི་སྤོབས་པ་ཡོད་པའི་སྒོ་ནས་ལས་འགུལ་ཞིག་སྤེལ་ཐུབ་པར་འབོད་སྐུལ་ཞུ་རྒྱུ་ཡིན།

སང་ཉིན་གྱི་ལས་འགུལ་འདི་འདྲ་ནི། ཕྱིས་སུ་སྲིད་སྐྱོང་བ་ཞིག་གི་མིང་ཐོག་ནས་མ་སྤེལ་རོགས། ང་ཚོ་ལ་མི་རིགས་ཤིག་སྐྱོབས་པའི་ལས་འགུལ་ཞིག་དགོས་པ་ལས། མཆོད་འབུལ་རེ་བྱས། སྨོན་ལམ་འདྲ་བཏོན། མར་མེ་ཁྲོམ་སྐོར་རེ་བྱས། དེ་འདྲ་ནི་དངོས་ནས་དགོད་ཤོར་བའི་འཐབ་རྩོད་རེད། ལྷག་དོན་དུ་བོད་མི་ཞིག་ལ་བོད་ལྭ་གྱོན་ནས་ལས་འགུལ་སྤེལ་རོགས། ཁ་རས་ནག་པོ་གྱོན་རོགས་ཟེར། ཁ་རས་ནག་པོ་གྱོན་པ་དེ་ཡི་གང་ཞིག་མཚོན་གྱི་ཡོད་དམ། གཞིས་ལུས་མི་ནང་གི་སྡུག་བསྔལ་མཚོན་གྱི་ཡོད་དམ། གཞིས་ལུས་མི་མང་གི་མནར་གཅོད་མཚོན་གྱི་ཡོད་དམ། དེ་མིན་ན་བཞུད་མ་ཐག་པའི་མེ་ལྕེ་ཡི་ཁྲོད་ཀྱི་སྤུན་ཟླ་དག་གི་འབོད་སྐུལ་མཚོན་གྱི་ཡོད་དམ། ང་ཚོ་ལ་རང་ས་དགོས་ཟེར་ནས་སྐྱབས་བཅོལ་དུ་སྤྱི་ལོ་ང་དགུ་ནས་ཡོང་བ་མ་གཏོགས། གཞན་གང་ཡང་མིན་པ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་ཕྱིར་བལྟས་ཤིག་བྱོས་དང་། སྲིད་སྐྱོང་བ་གཙོ་བའི་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཁུར་བ་ཚོ་ལགས། དོན་དངོས་སུ། ངས་ཞུ་འདོད་པ་ནི། སྲིད་སྐྱོང་བ་ཞིག་གིས་ལས་འགུལ་དེ་ཙམ་ཞིག་ལ་འབོད་སྐུལ་བྱས་པ་དང་ལས་འགུལ་དེ་འདྲ་ཞིག་སྐུལ་ལྕགས་བྱས་པ་དེར་སེམས་ཕམ་ནས་བསྡད་ཡོད།

ང་ཚོའི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་ཁོང་གིས་སྲིད་ལ་སྲིད་ཀྱི་བདག་པོ་ཞིག་གནང་ཡོད་པ་དེ་ལའང་དོན་དག་ཞིག་ཡོད་པ་རེད། དེ་དོན་ཐུགས་སུ་ངེས་པར་གྱིས་ཤིག  སྲིད་སྐྱོང་བ། མི་རབས་གསར་བའི་སྲིད་སྐྱོང་བ་ལགས། གཞིས་ལུས་བོད་མིའི་ཁ་ལག་གི་ཚབ་བྱེད་མ་ཐུབ་པའི་ཉིན་མོ་དེར། བྱེས་བོད་མིའི་སྒྲིག་འཛུགས་ཟེར་བ་ཞིག་གཏན་ནས་དགོས་དོན་མེད་ལ། ཁ་བཏོན་བྱེད་མཁན་དང་མཆོད་མེ་སྒྲོན་ནས་བསྡོད་མཁན་གྱི་སྲིད་སྐྱོང་བ་ཞིག་བོད་མི་རིགས་ཀྱི་ད་ལྟའི་ཉེག་ཕྲ་བའི་གནས་སྐབས་འདི་ལ་གཏན་ནས་དགོས་འཁོ་མེད་པ་ཡིན། ང་ཚོ་ལ་ལས་འགུལ་དགོས་ཀྱང་། སང་ཉིན་གྱི་ལས་འགུལ་དེ་འདྲ་དངོས་ནས་མི་དགོས་ཀི ལས་འགུལ་གྱི་ངོ་བོ་ལ་འགྱུར་བ་མ་སོང་ཚེ། གཞིས་ལུས་བོད་མིའི་མགོ་ཐོག་གི་མེ་མདའ། རྒྱ་ནག་སྲིད་གཞུང་གིས་དམག་མི་དེ་དག་གིས་ཕྱིར་བསྡུ་མི་བྱེད་པ་སེམས་ལ་འཛིན་པར་ཞུ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 14

  1. yeshisamdup says:
    ལོ་ 13 སྔོན།

    ཁྱིད་ཚོའི་འདོད་པ་ལྟར་ན་བོད་མི་ཡོད་ཚད་སྐད་འབོད་ལ་འགྲོ་དགོས་པ་ཡིན་ནམ།
    ད་དུང་སློབ་གྲ་དང་དགོན་པ་ཚོགས་པ་ཁག་གིས་སློབ་སྦྱོང་དང་ལས་དོན་ཡོད་ཚད་བཞག་ནས་ཉིན་མཚན་དབྱེར་མེད་དུ་སྐད་འབོད་བྱེད་དགོས་པ་ཡིན་ནམ།
    ལར་ནས་ཕྱི་རྒྱལ་བ་ཚོའི་ལས་འགུལ་དཔེལ་ཕྱོགས་དང་བོད་པ་ཚོའི་ལས་འགུལ་དཔེལ་ཕྱོགས་ལ་ཁྱད་པར་ཡོད་ཀྱི་རེད་།
    ཁྱེད་ཚོ་དོན་ངོ་མར་སེམས་ཤུགས་དེ་འདྲ་ཡོད་ན་ལོ་གསར་སྐབས་རྡྭ་སར་ཞས་བཅད་བྱེད་དུ་ཡོང་དགོས་པ་རེད་།
    དུས་རྒྱུན་དུ་རང་རང་གི་ལས་དོན་ཡོད་ཚད་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན་པའི་དམིགས་ཡུལ་དང་འདུན་པ་ཡོད་དགོད་པ་རེད།

    Reply
  2. padmashri says:
    ལོ་ 13 སྔོན།

    ཁྱེད་ཀྱིས་བཤད་པ་དེ་ལ་དངོས་གནས་དོན་དག་འདུག ཁ་སང་གི་ལྷག་དཀར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མེད་པ་མིན་ལ་། བཙན་བྱོལ་བསྒྲིག་འཛུགས་ཀྱི་བཀའ་ཤག་ནས་འགོ་བརྩམས་པ་ཡིན་ཙང་མདུན་དུ་ཐོན་ནས་ལས་འགུལ་ནང་བཞུགས་པ་ཡིན། གོང་དུ་རྒྱང་མིག་གིས་དེ་ནི་འཁྲབ་སྟོན་རེད་གསུང་པ་གང་འདྲ་ཡིན་མིན་ཧ་མ་གོ་ཀྱང་ལས་འགུལ་གང་སྤེལ་ཀྱང་དམིགས་ཡུལ་ངེས་ཅན་ཞིག་དགོས། སྨོན་ལམ་རྒྱབ་པ་དང་མྱ་ངན་བྱས་པ་དེས་རྒྱ་ཆེ་སའི་ལས་འགུལ་ལ་ཤུགས་ག་རེ་འཐེབ་ཡོང་ན། ཁྲབ་སྟོན་ངོ་མ་དེ་སྤྱི་འཐུས་རྣམས་ལོ་གསར་ཚེས་གཅིག་ཉིན་གཙུག་ལག་ཁང་དུ་ཉིན་གཅིག་ཟས་བཅད་ངོ་རྒོལ་གནང་གི་ཡིན་མི་མང་མཉམ་བཞུགས་གནང་རོགས་ཟེར་བ་དེ་རེད། ཨ་ཙི་། ཟས་བཅད་ངོ་རྒོལ་གནང་གི་ཡོད་ན། རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་གནང་རྒྱུ་གོ་བསྒྲིགས་བྱས་ནས་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་ཐབས་གནང་ན་ཅི་མ་རུང། དམག་དཔོན་ནང་དུ་བསྡད། དམག་ཨབ་ཕྲུག་ཁ་ཤས་རྡི་ལི་རུ་གཞུང་ཚབ་ཁག་ལ་བཏང་པས་ཕན་ཐོག་ཡོང་རེ་འདུག་གམ། ཀྱི་ཧུད།

    Reply
  3. shelkarlobsang says:
    ལོ་ 13 སྔོན།

    བྱ་བ་གང་བྱེད་ཀྱང་གཞན་གྱི་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་རྒྱུ་ལས་སླ་པོ་རེད། འོན་ཀྱང་སོ་སོས་འགྲིག་པ་ག་རེ་གནང་ཡོད། མ་འོངས་པར་ག་རེ་གནང་རྩིས་ཡོད་ཅེས་ཁ་ནང་དུ་ཕྱོགས་ནས་བསམ་ཞིབ་གནང་རྒྱུ་ཡང་དེ་བས་རིན་ཐང་ཆེ།

    Reply
  4. atsang says:
    ལོ་ 13 སྔོན།

    ཤ་ཁྲག་རུས་གསུམ་འོ་ན། ཁྱོད་ལས་འགུལ་ལ་རྒྱབ་སྐྱོར་མེད་པ་རང་གི་བལྟ་སྟངས་ཤིག་རེད། གཞན་གྱི་ཐབས་ལམ་འགྲིག་མེད་ན་ཁྱོད་ལ་བྱེད་ཐབས་གང་ཡོད་ཤོད་དང་། ད་དུས་ལ་བབ་ཡོད།

    Reply
  5. sha tak ri sim says:
    ལོ་ 13 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་ལགས། ང་ཚོས་ལས་འགུལ་གྱི་ངོ་བོ་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་བར་ནས་དེ་ཤེས་ཀྱི་མི་འདུག དངོས་ནས་ལས་འགུལ་དང་མི་རིགས་ཤིག་གི་འཐབ་རྩོད་གཉིས་ལ་བར་ཁྱད་ཡོད་པའང་ཤེས་ཀྱི་མེད་པ་འདྲ། དེ་ལྟར་བསམ་ནས་འོང་དུས་སེམས་སྐྱོ་བ་ཡིན།

    Reply
  6. sha tak ri sim says:
    ལོ་ 13 སྔོན།

    ཕུན་ཚོགས་ལགས། ཉིད་ནས་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགའ་གུས་ཡོད། ལས་འགུལ་གྱི་རྣམ་པ་དེ་ནི་དངོས་ནས་མི་རིགས་ཤིག་གི་འཐབ་རྩོད་ལ་ཕན་ནུས་ཡོད་པ་ཞིག་མ་རེད་ཅེས་བཤད་ཀྱི་ཡོད། དེ་ཡི་སྐོར་ནས་དགོང་ཚུལ་འདྲ་ཡོད་ན་ཐད་ཀར་གསུང་རོགས་ཞུ། ག་ལེར་ཞིབ་དུ་གླེང་ན་འགྲིག་གི་འདུག

    Reply
  7. songtsengompo says:
    ལོ་ 13 སྔོན།

    སྤྱི་ཡོངས་གི་ཆ་ནས་བཤད་ན་སང་ཉིན་གི་ལས་འགུལ་དེ་གལ་ཆེན་ནང་གི་དོན་ཆེན་རེད། ཡིན་ཡང་ལས་འགུལ་སྤེལ་སྟངས་གི་སྒོ་ནས་ལྟས་ན་འཁྲབ་སྟོན་རེད་ ད་དུང་རྒྱ་ནག་གི་གཤིན་ཆོག་སྲོལ་རྒྱུན་ལྟར་རས་ནག་ཞིག་གི་གདོང་གཡོག་ནས་ཞལ་འདོན་སྐྱོར་བ་དེ་རེད། ངོ་རྒོལ་མིན་པ་གསལ་པོ་རེད་ དེ་སོང་ཙང་ང་ཡང་སང་ཉིན་གི་འཁྲབ་སྟོན་ལ་རྒྱབ་སྐྱོར་མེད།

    Reply
  8. phuntsok says:
    ལོ་ 13 སྔོན།

    སྐད་ཆ་འདི་བཤད་སྟངས་ཡ་མཚན་ཞིག་རེད། ངོ་མ་ཡིན། གཅིག་ནས་སྐད་ཆ་ཁེར་བརྗོད་ལྟ་བུ་ཞིག་དང་སྣང་བ་དྲན་འཁྲུལ་ལྟ་བུའི་བརྗོད་སྟངས་ཤིག་གིས་རྩོམ་གྱི་བརྗིད་ཁོག་ཡོངས་སུ་གཏོར་འདུག་པ་ལྟ་བུར་སྣང་། མདོ་དོན་གསལ་བོ་ཞིག་དང་གོ་རིམ་ཚང་བ་ལྟ་བུ་ཞིག་གིས་བརྗོད་ཐུབ་མེད་པ་ལྟ་བུར་སྣང་བས་བརྗོད་དོན་ངོ་མ་ཞིག་དང་དོན་དག་རྡོག་རྡོག་ཅིག་མེད་པ་ལྟ་བུར་སྣང་།

    གཉིས་ནི། སྲིད་སྐྱོང་གི་བྱེད་སྟངས་ལ་མོས་མཐུན་མེད་ཀྱང་ཆོག་ལ་རྒྱབ་སྐྱོར་མེད་ཀྱང་འགྲིག འོན་ཀྱང་སོང་ཉིན་གྱི་ལས་འགུལ་འདི་བྱེད་དགོས་ངེས་ཤིག་ཡིན་མིན་ལ་བསམ་བློ་ཞིབ་མོ་ཞིག་བཏང་མེད་བཞིན་དུ། རྒྱབ་སྐྱོར་མེད་ཟེར་སྟངས་འདི་ཡ་མཚན་པ་ཞིག་མ་རེད་དམ་ཟེར་བ་འདི་ཡིན།

    སོང་ཉིན་གྱི་ལས་འགུལ་འདི་བོད་ནང་གི་གནས་བབ་དང་། རྒྱ་ནག་གི་འགྲེལ་བཤད་བཅས་ལ་དཔག་སྟེ་དཔྱད་ན་ཧ་ཅང་གི་དགོས་ངེས་ཤིག་ཡིན་ལ། དེ་ལས་ཀྱང་ས་ཁུལ་ཡོངས་རྫོགས་དུས་གཅིག་ཏུ་ལངས་དགོས་པའི་ལས་འགུལ་འདི་ནི་བོད་ཀྱི་ཤི་བོ་ཤི་མོ་ཚོའི་བྱེད་ཐབས་གསལ་བོ་ཞིག་ཡིན། སྨོན་ལམ་ཙམ་དང་གསོལ་འདེབས་ཙམ་གྱིས་ཕན་ཐོག་ཡོང་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་དོན་མེད། ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ཀྱང་དེ་བཞིན་མིན། གཙོ་ཆེ་ཤོས་ནི་བོད་ཀྱི་ལས་འགུལ་གྱི་འགོ་སློང་སྟངས་ནས་ད་ལྟའི་སྐུ་སྲོག་མཆོད་མེར་ཕུལ་བའི་སྙིང་སྟོབས་དང་འབྲེལ་ནས་ཡོད་པའི་ལས་འགུལ་ཞིག་ཡིན།

    གསུམ་ནས་ལས་འགུལ་ཟེར་ན་ཡིན་གཅིག་མིན་གཉིས་ཁུ་ཚུར་གནམ་ལ་ཕྱར་དགོས་པ་ཞིག་མིན་ཁྱོས་ཀྱང་ཤེས། དེ་བས་ལས་འགུལ་འདི་དེ་བཞིན་གྱིས་ལ། ལས་འགུལ་གཞན་ཞིག་ཁྱོད་ཀྱི་མོས་པ་ལྟར་སྤེལ་ཐུབ་པ་ཡིན་ན་ལས་འགུལ་གྱི་རྣམ་པ་དང་བྲོ་བ། ཁྱད་ཆོས་སོགས་འཛོམས་པ་རེད་སྙམ།

    འདི་ནི་སྐབས་ཐོག་གི་བསམ་ཚུལ་རང་ཡིན། གང་ལྟར་ལས་འགུལ་མུ་མཐུད་འབྱུང་གི་རེད་ལ་བྱུང་ཡང་དགོས་ངེས་རེད།

    Reply
  9. sha tak ri sim says:
    ལོ་ 13 སྔོན།

    ཀུན་དགའ་ལགས། ཉིད་ནས་བདག་གི་བསམ་ཚུལ་དེར་རྒྱབ་སྐྱོར་ཞུས་པ་བཀའ་དྲིན་ཆེ། ང་ཚོས་དངོས་ནས་འབོད་སྐུལ་ཤུགས་ཆེན་པོ་བྱས་ནས། དབུས་བོད་མིའི་སྒྲིག་འཛུགས་གསར་བའི་སྲིད་སྐྱོང་བ་མཆོག་གི་གཙོ་བའི་ལས་ཀྱི་སྣེ་མོ་བ་དག་ལ་དྲན་བསྐུལ་གཏོང་དགོས་ཀྱི་འདུག དེ་མ་གཏོགས་རྐུབ་སྟེགས་སྲུང་ནས་ལོ་དུས་རྫོགས་འགྲོ་ས་རེད། དེ་དུས་གཞིས་ལུས་བོད་མིའི་ཚེ་སྲོག་གི་འབོད་སྒྲ་ཡང་རྒྱ་དམག་གིས་མེ་མདའི་ཚར་གཅོད་ཚར་ངེས་ཡིན།

    Reply
  10. tiltsangwa says:
    ལོ་ 13 སྔོན།

    རྒྱབ་སྐྱོར་ཡོད།
    ང་ཚོ་རང་དབང་ལུང་པར་སྡོད་པའི་བཙན་བྱོལ་གཞུང་དང་མི་མང་གིས་ཁ་སང་དེ་རིང་གི་ཛ་དྲག་གནས་བབ་འདི་འདྲའི་སྐབས་སུའང་སྔར་བཞིན་བསྔོ་སྨོན་མཆོད་འཔུལ་དང་། འདས་པོ་ཚོའི་གྲངས་འབོར་གསལ་བསྒྲགས་ཙམ་གྱིས་བོད་ཀྱི་རྩ་དོན་འགྲུབ་མི་སྲིད་ལ། གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་རེ་བ་དང་ཡིད་ཆེས། ལྷག་དོན་ང་ཚོ་གངས་ཅན་པའི་སྤྱི་དོན་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་དམིགས་འདུན་དང་ཐུགས་སྨོན་གྱི་ཆ་ཤས་ཙམ་ཡང་སྐོང་ག་ལ་ཐུབ། གང་ལྟར་ཇི་ཡང་མི་འཇོན་གང་ཡང་མི་ཐུབ་ན་བཙན་བྱོལ་གཞུང་གི་རང་མདོག་ངོ་མ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ལ་གསལ་བོར་བསྟན་ན་བཟང་།

    Reply
  11. sha tak ri sim says:
    ལོ་ 13 སྔོན།

    རྒྱང་མིག་ལགས། དངོས་ནས་ཡིད་སྐྱོ་བའི་གནས་སྟངས་འདི་ནི་དམིགས་སུ་བཀར་ནས་གཞིས་ལུས་མི་མང་གི་མགོ་ཐོག་གི་མེ་མདའ་དང་སེམས་ཐོག་གི་རེ་འབོད་ཅེས་འགྲུབ་དགོས་ན། བྱེས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་དེ། ཁ་ཐོག་ལག་ཐོག་གི་ལས་འགུལ་ཞིག་སྤེལ་དགོས་ཀྱི་ཡོད་ལ། དེ་ཡི་རྗེས་སུ་ང་དང་ཁྱེད་གཉིས་ཀྱི་གཙོ་བའི་བོད་རིགས་འདུས་བསྡོད་ཀྱི་ཡུལ་གྲུ་སོ་སོ་ནས་གཅིག་རྗེས་གཅིག་མཐུད་དུ་ཉིན་མཚན་བསྟུད་མར་ལས་འགུལ་སྤེལ་ཐུབ་པ་ཡིན་ན། གཟོད་ནས་བོད་མི་རིགས་ཀྱི་འཐབ་རྩོད་དེ་ཡང་མི་རིགས་ཤིག་གི་འཐབ་རྩོད་ཀྱི་ངོ་བོར་འགྱུར་ངེས་ཡིན་ལགས།

    Reply
  12. sha tak ri sim says:
    ལོ་ 13 སྔོན།

    སྲིད་སྐྱོང་བ་ཞིག་གིས་མིང་ཐོག་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་རོགས་ཟེར་ནས་བཤད་དེ་འོང་དུས། བོད་ཀྱི་མི་རབས་གསར་བའི་དབུ་ཁྲིད་དམ་སྲིད་སྐྱོང་བ་ཞིག་གི་དངོས་ནས་རང་གི་གཞིས་ལུས་མི་མང་གི་མགྲིན་ཚབ་དང་ཁ་ལག་གཉིས་ཀྱི་ཚབ་དེ་འདྲ་ཞིག་མ་གཏོགས་བྱུང་གི་མེད་དུས། དངོས་ནས་སེམས་པ་སྐྱོ་ཡི་འདུག་ཡ།

    Reply
  13. tkunga says:
    ལོ་ 13 སྔོན།

    རྒྱབ་སྐྱོར་ཡོད།
    སང་ཉིན་གྱི་དེ་ལས་འགུལ་མ་རེད་འཁྲབ་སྟོན་རེད། སྦྱིར་བཏང་ང་ཚོའི་བོད་ནང་ལ་གདུང་སེམས་དང་རྒྱབ་སྐྱོར་མཚོན་བྱེད་ཅེས་བཤད་ཀྱི་འདུག དེ་ངས་བལྟས་ན་ནོར་འཁྲུལ་རེད། བོད་ཕྱི་ནང་གཉིས་ཀྱི་གཅིག་གིས་གཅིག་ལ་ངོ་སོ་ཁྱེར་དགོས་དོན་མེད། རང་རང་ས་ནས་འཕགས་ཚག་བྱེད་ཅི་ཐུབ་བྱས་ན་འགྲིག་པ་རེད། ཚང་མ་རང་ཉིད་ཀྱི་ཆེད་དུ་རེད།

    Reply
  14. karmadentse says:
    ལོ་ 13 སྔོན།

    ཡ་ཡ།བཀླགས་ཡོད།ལག་པ་གཡས་གཡོན་གཉིས་ཆ་གལ་ཆེན་ཡིན་པས་སང་ཉིན་གྱི་ལས་འགུལ་ཡང་སྤེལ་དགོས་པ་ཞིག་མིན་འགྲོ་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese