མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅེས་པའི་སྙིང་གི་བུ་དང་བུ་མོ་གཉིས་ལ་བྲིས་པའི་འཕྲིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་དེ་རིང་ནི་ཨེས་སུ་རལ་གྱི་རྒྱལ་ས་རྗོ་སུ་ལམ་གྱི་འགྲམ་གྱི་གྲོང་བརྡལ་ར་མོ་ཀྲི་ན། ངས་རང་གི་གཅེས་པའི་བུ་དང་བུ་མོ་ཁྱེད་གཉིས་ལ་རང་ཉིད་བོད་མི་རིགས་ཀྱི་ཉེན་འཕྲེང་གི་དུས་ཚོད་འདི་ཉིད་ལ་ཕོ་ཉྭ་ཞིག་བྱེད་དུ་འགྲོ་བར་སེམས་ཐག་བཅད་ཚར་བའི་རྗེས་ཡིན། ད་ལྟ་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་ཉེར་གཉིས་རེད། སྙིང་གི་གཅེས་ཕྲུག་མ། ཐར་མ་མཚོ། ཁྱེད་རང་གཉིད་དུ་གཡུར་ནས་ཆུ་ཚོད་གཅིག་སོང་ཡོད། ཁྱེད་ཀྱི་ནུ་བོ་ཁ་བའི་ལྷ་སྲས་ཨ་མའི་བང་དུ་བཟུང་ནས་གཉིད་འདུག་ལ། ཁྱེད་ཀྱི་ཨ་མ་དང་ཨ་མ་རྒན་མོ་གཉིས་ཀྱིས་བརྙན་འཕྲིན་ཐད་གཏོད་ལེ་ཚན་ཞིག་ལ་ཅེར་ནས་ཡོད།

ཕ་རྒན་ངས་འདི་ནས་ཁྱེད་མིང་སྲིང་གཉིས་ལ་སེམས་ཁོང་རུས་པའི་གཏིང་ནས་དགོངས་དག་ཞུ་བཞིན་ཡོད་ལ་ཞོར་དུ་འཕྲིན་ཡིག་ཐུང་ཐུང་བྲིས་ཡིན། དངོས་ནས་འཇིག་རྟེན་སྤྱིའི་འགྲོ་ལུགས་ལ་གུས་པ་ཡོད་པའི་ཕ་རྒན་ཞིག་གི་ངོས་ནས་བཤད་ན་ངས་དེ་རིང་ཁྱེད་གཉིས་ལ་ཁྲེལ་མེད་བྱས་ཡོད་ལ། ཁྱེད་གཉིས་ལ་འགན་འཁུར་མེད་པ་བདེན་པ་ཡིན། འོན་ཀྱང་། ང་རང་འོང་སའི་མི་རིགས་བོད་ཡིན་པ་དང་། ཕ་རྒན་ང་རང་དེང་ཐོག་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དོན་ཡང་བོད་མི་རིགས་ཀྱི་དོན་དུ་ཡིན་ཟེར་ན་ཆོག་ན་ཡང་། བར་སྐབས་ནས་དོན་དག་ཆེས་མང་བོ་ཞིག་དང་འཕྲད་དེ། ད་ལྟ་བར་དུ་ང་ལ་འཚམ་པའི་ལས་འགུལ་ཞིག་མ་སྤེལ་ཐབས་མེད་ཀྱི་དུས་ཚོད་དེ་འདྲ་སླེབས་མེད་པ་མ་ཡིན་ཡང་། སེམས་ཐག་མི་གཅོད་ཐབས་མེད་ཀྱི་གནས་འདི་འདྲ་ལ་ཐུག་མྱོང་མེད་ལ། དེ་འདྲའི་དུས་ཚོད་དང་རན་པོ་ཡོད་པའི་མི་རིགས་ཀྱི་འཐབ་རྩོད་ཀྱི་དུས་ཚོད་ཅིག་མ་མཐོང་མོད། ད་ལྟ་ནི་དུས་ལ་བབ་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།

དེ་རིང་ནི་ཕ་རྒན་ངས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་བླངས་དེ་བོད་མི་རིགས་སྐྱོབས་པའི་ཞི་འབོད་དོན་ཚན་ལྔ་ཡོད་པ་ཞིག་འཁུར་ནས་ཕྱིར་རྒྱ་གར་དུ་སོང་ནས་བོད་མི་རིགས་ལ་རང་དབང་མ་ཐོབ་བར་དུ། རང་ཉིད་ཀྱི་ཚེ་སྲོག་བདེན་དབུང་དུ་བཞག་ནས་གོམ་བགྲོད་བོད་ལ་ཁ་ཕྱོགས་དེ་བྱེད་རྩིས་ཡིན། དེ་ཡིན་དུས་བུ་མོ་ཐར་མ་མཚོ་ཁྱེད་རང་ད་ལྟ་ལོ་གཉིས་དང་ཟླ་བདུན་ཙམ་ཡིན་ལ། བོད་སྐད་བཤད་མི་ཤེས་ཀྱང་། ཕ་རྒན་ངས་བཤད་པ་ཕལ་ཆེ་བ་ཞིག་གོ་ཡི་ཡོད་པ་དེ་ཡི་ཕ་རྒན་ང་ལ་དགའ་བདེ་ཚད་མེད་སྟེར་མྱོང་ཡོད། ལྷག་དོན་དུ་ཁྱེད་རང་ལ་ངས་མུ་མཐུད་དུ་བོད་སྐད་སློབ་མ་ཐུབ་པར་ང་རང་འདི་ལྟར་ལམ་དུ་མི་ཆས་ཐབས་མེད་ཆགས་དོན་ནི། བོད་མི་རིགས་ལ་ང་དང་འདྲ་བར་བཤད་ལ་དགའ་བའི་མི་མང་བོ་ཡོད་པ་ལས། ལག་ལེན་བསྟར་བའི་མི་ཉུང་སྟབས། ང་རང་གི་འགོ་བཙུགས་ནས་ཁ་ཞེ་མཚུངས་པའི་ལམ་ཞིག་མི་སྟོན་ཐབས་མེད་རེད། གཅིག་བྱས་ན། ངས་བསམ་བློ་བཏང་བ་དེ་དག་ནོར་འཁྲུལ་ཡིན་ཡང་སྲིད་ཀྱང་། ང་ལ་ཡིད་ཆེས་ཡོད། བོད་མི་རིགས་འདི་ལ་ཤེས་རབ་དང་བློ་གྲོས་ཡོད། སྤོབས་པ་དང་ཡོད། སྙིང་སྟོབས་ཡོད། འདི་དག་ནི་ང་ཡི་ཡིད་ཆེས་ཡིན་དུས། ཁྱེད་སྤུན་གཉིས་འཚར་ནས་འོང་དུས། ད་གཟོད་ཕ་རྒན་ངའི་དམ་བཅས་པའི་སྒྲུབ་བྱ་འདིའི་ཕ་རོལ་ཞིག་མཐོང་བར་ཡིད་ཆེས་ཡོད།

སྙིང་གི་གཅེས་པའི་བུ་མོ་ཐར་མ་མཚོ་ལགས། ཁྱེད་རང་འཚར་ལོངས་བྱུང་དེ་འོང་དུ། ཕ་རྒན་ཟེར་ནས་འབོད་ས་མེད་དུས་སུ། ཁྱེད་རང་ལ་ཁྱེད་ཀྱི་མ་རྒན་གྱིས་དེ་རིང་ངས་འདི་ལྟར་ཁྱེད་ཚོ་སྐྱུར་ནས་སོང་བའི་གཏམ་རྒྱུད་ཅིག་བཤད་ངེས་ཡིན་ལ། དེ་དུས་ཁྱེད་ཀྱི་མ་རྒན་གྱིས་གང་གསུང་ན་དེ་དག་ཚང་མ་བདེན་པ་ཡིན་ངེས་རེད་ལ། ཁྱེད་རང་གི་མ་ལོའི་ཁྱེད་མིང་སྲིང་གཉིས་ལ་བདག་སྐྱོང་བྱས་ནས་མི་གྲལ་དུ་བཅུགས་པ་ཡིན་དུས། ཁྱེད་དང་ནུ་བོ་ཁ་བའི་ལྷ་སྲས་གཉིས་ཀྱིས་རང་གི་དྲིན་ཆེན་མ་ལོ་ལ་བདག་པོ་ཡག་པོ་ཞིག་རྒྱགས་ཞོར། མི་ཚེ་འདིའི་ནང་དུ་འགྲོ་བ་མིའི་རང་དབང་ལ་མནར་གཅོད་གཏོང་མཁན་གྱི་རིགས་ལ་ངོ་རྒོལ་བྱེད་པའི་མིང་སྲིང་གཉིས་ཆགས་པར་རེ་བ་དང་ཞོར་དུ། ཕ་རྒན་ངས་ཁྱེད་གཉིས་འདི་ལྟར་བོད་མི་རིགས་ཀྱི་ཕོ་ཉྭ་ཞིག་བྱེད་པའི་ཆེད་དུ་སོང་བ་དེར་སེམས་གཏིང་ནས་འགྱོད་གཤེགས་ཡོད་ལ། གལ་སྲིད། སྟབས་ལེགས་ནས་བོད་དོན་བདེན་མཐའ་གསལ་ནས་ཕ་རྒན་ང་གསོན་ནས་བསྡད་ན། ངས་ཁྱེད་གཉིས་གཙོ་བའི་འགྲོ་བ་དག་གི་ཆེད་དུ་ལས་ཀ་ཞིག་བྱེད་ཁོ་ཐག་ཡིན་པ་སེམས་ལ་འཛིན་པར་ཞུ། སྙིང་ནས་གཅེས་པའི་བུ་མོ་ཐར་མ་མཚོ་དང་བུ་ཆུང་ཁ་བའི་ལྷ་སྲས་ལགས།

གཅེས་པའི་ཁ་བའི་ལྷ་སྲས་ལགས། ད་ལྟ་ཁྱོད་རང་སྐྱེ་ནས་ཟླ་ངོ་དྲུག་བདུན་གཅིག་གི་སོང་མེད་ལ། ཨ་ཕ་ཟེར་ནས་འབོད་ཐུབ་པ་ཕར་ཞོག ཨ་ཕ་སུ་ཡིན་ཡང་ཡག་པོ་མི་ཤེས་ཚད་འདིར་ངས་ཁྱེད་རང་སྐྱུར་ནས་འགྲོ་བཞིན་ཡོད་པ་རེད། ཁྱོད་རང་འགྲོ་བ་སྤྱི་མཚུངས་ལྟར་ག་ལེར་ཆེན་པོ་ཆགས་ནས་འོང་དུས། ཕ་རྒན་ཟེར་ནས་འབོད་ས་ཞིག་མེད་པ་དང་། ཕ་རྒན་ཟེར་ནས་སྟོན་རྒྱུ་མེད་པའི་དུས་དེ་ལ་ཁྱོད་ཀྱིས་རང་གི་ཨ་མ་ལ་ང་རང་གང་དུ་སོང་མིན་སྐོར་ཏན་ཏན་འདྲི་ངེས་ཡིན། དེ་དུས་ངའི་རེ་བ་ལ་ཁྱོད་རང་གི་མ་རྒན་གྱིས་ང་རང་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཡི་ཆེད་དུ་ཁྱོད་རང་སྐུར་ནས་བུད་སོང་བ་རེད་ཅེས་བཤད་དུས། སྐབས་དེར་ཁྱོད་རང་གིས་མི་རིགས་ཟེར་ན་ཅི་ཞིག་ཡིན་པ་དང་རང་དབང་ཟེར་ན་ག་འདྲ་ཞིག་ཡིན་མིན་ཡང་མི་ཤེས་པའི་ཚད་ཅིག་ཏན་ཏན་ཡིན་སྲིད། འོན་ཀྱང་། ཁྱོད་རང་ཆེན་པོ་ཆགས་ནས་འོང་དུས་ཟླ་ངོ་དྲུག་མ་ཟིན་ཙམ་ལ་མ་གཏོགས་ཁྱོད་རང་གི་འགྲམ་དུ་བསྡོད་མ་ཐུབ་པའི་ཕ་རྒན་ལ་ཁོང་ཁྲོ་ཟ་སྲིད་ལ། གཅིག་བྱས་ན་སྤོབས་པའང་སྐྱེ་སྲིད། གང་ལྟར། ངའི་རེ་བ་ལ་ཁྱོད་རང་ཆེན་པོ་ཆགས་རྗེས། འགྲོ་བ་མི་ཞེས་པའི་ཚད་གཞི་ལ་གཙུག་དུ་བཀུར་ནས་གང་དུ་ཞི་བདེ་དང་རང་དབང་ལ་གོད་ཆག་བྱུང་གི་ཡོད་ཚེ། དེ་ནས་འགྲོ་བ་མིའི་ཞི་བདེ་དང་རང་དབང་གི་ཆེད་དུ་ལས་ཀ་རེ་བྱེད་པར་སྨོན།

ད་ནི་ངས་འདི་ནས་སྐད་ཆ་མང་བོ་མང་བོ་ཞིག་ཁྱོད་གཉིས་ལ་འདི་ནས་བྲིས་ཀྱང་། ཁྱོད་གཉིས་ཆེན་པོ་ཆགས་དུས་སུ་ཡི་གེ་འདི་ཁྱོད་གཉིས་ཀྱིས་ཀློག་ཐུབ་ཀྱི་ཡོད་མེད་གང་ལྟར་ཡང་། ཉི་མ་དེ་རིང་ནས་བཟུང་། ཁྱོད་གཉིས་ཀྱི་འགྲོ་འདུག་སྤྱོད་ཀྱི་བདག་ཡོད་ཚད་ངས་ཁྲིམས་ཐོག་ནས་ཁྱོད་གཉིས་ཀྱི་མ་ལོ་སྤྲད་ཡོད་པ་སེམས་ལ་བཟུང་ནས། བརྩེ་བའི་དྲིན་ཆེན་མ་ལོ་ལ་བྱམས་ཀྱིས་སྐྱོང་རོགས་ཞུ། བྲིས་ན་རྫོགས་མཐའ་མེད་པའི་སྐད་ཆ་མང་བོ་ཞིག་ཡོད་ཀྱང་། མཐའ་དོན་ཁྱོད་གཉིས་ཀྱི་འཚར་ལོངས་ཁྲོད་དུ་དཀའ་ངལ་མེད་པར་སྨོན་འདུན་ཡོད་ལ། ཕ་རྒན་ང་ཁྱོད་གཉིས་ལ་སེམས་གཏིང་ནས་བརྩེ་བ་ཟབ་མོ་ཡོད་པ་རྫུན་མིན་ཞེས་ཕ་རྒན་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། ༢༨།༢།༡༢

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. chrgudo says:
    ལོ་ 14 སྔོན།

    བུ་བུ་མོར་སྙིང་གཏམ་བཤད་ས་མ་དགོས།།
    སྐྱེས་ཕོ་མོའི་སྐྱེ་སྒོ་འགོག་མཁན་ཞིག་ལ།།
    ཕ་བུ་ལོའི་བར་ལ་ཇུས་དོགས་མེད་རུང་།།
    མིག་མཆི་མས་དབང་མེད་མཁུར་མགོ་བརྒྱུད་ཐལ།།

    Reply
  2. རྔ་སྒྲ says:
    ལོ་ 14 སྔོན།

    སེམས་འགུལ་ཐེབས་པའི་འཕྲིན་ཡིག་འདིའི་ང་སླར་ཡང་བསམ་གཞིགསཀྱི་འཆིང་རྒྱར་ལྷུང་། ངོ་མ་བཟང་གི

    Reply
  3. bodpayin says:
    ལོ་ 14 སྔོན།

    བོན་རྒྱ་ཟེར་བ་ལགས། ཁོས་བོད་དོན་ལ་ཁ་གཡར་ནས་ཆུང་མ་དེ་དང་ཁ་ཁ་བྱེད་འདོད་ཀྱིན་པ་དེ་རེད། ཁོས་དེ་སྔོན་ཞིག་ནས་ཆུང་མ་དེ་དང་ཁ་ཁ་བྱེད་འདོད་པའི་རྣམ་འགྱུར་མང་བོ་ཞིག་བསྟན་ཡོད་ཀྱང་། ཁ་གཡར་ས་མ་རེགས་ནས་ད་བར་ལྷག་པ་རེད། མྱི་ངན་འདི་ལ་ལས་རྒྱུ་བཅའ་རྒྱུ་ངོ་མ་མང་གི ཆུང་མ་གཡུག་ཐུབ་སོང་ན། དེ་ནི་ཁོས་པ་ངོ་མ་དེ་འགྲུབ་སོང་བ་རེད། བོད་དོན་ནི་ཁ་ཙམ་དང་ཆུང་མ་གཡུག་བྱེད་ཀྱི་ལག་ཆ་ཙམ་རེད།

    Reply
  4. kangwod says:
    ལོ་ 14 སྔོན།

    (མཇུག་དེ་ག་རང་མཐུད་ཐུབ་པ་)མཇུག་དེ་གར་མཐུད་མ་ཐུབ་པ
    (ཡིན་ནའང་། ཟིན་ཏུ་བསམས་ན་)ཡིན་ནའང་། ཞིབ་ཏུ་བསམས་ན། ཞེས་སུ་བཅོས་རོགས།

    Reply
  5. kangwod says:
    ལོ་ 14 སྔོན།

    གྲོགས་ཤ་དང་ཁྲག་ད་དུང་རུས་པ། ཡང་ན་ལྷ་དང་ཀླུ་ད་དུང་གཉན། ལུས་དང་ངག་ད་དུང་ཡིད་ལགས། ཁྱེད་འདི་ལྟར་ཆོད་སེམས་བརྟན་པོས་ལམ་ལ་ཆས་པ་དེ་ནི་བློ་ཡིད་ལས་བརྒལ་བའི་གནས་ཚུལ་ཞིག་རེད། མ་གཞི་ནས་ཁྱོད་ལ་འུ་ཚུགས་ཆེ་ནི་རེད། བསམས་ནོ་དེ་ལས་དགོས་པ་མ་ཟད་ལས་ནས་མྱངས་དགོས་པ་དེ་ནི་ཁྱོད་ཀྱི་འདས་ཟིན་པའི་གཏམ་རྒྱུད་ལས་ཚུར་སྣང་ཐུབ་པ་ཞིག་རེད། དེའི་པྱིར་ཕལ་ཆེར་ཁྱོད་བཀགས་ནའང་ཁོག་རྒྱུ་མ་རེད། ཡིན་ནའང་། བོད་སྐྱོད་ཀྱི་ལས་འགུལ་འདི་འདྲ་སྔོན་ཆད་ཡང་ཐེངས་མང་བརྩམས་པ་མ་ཟད་ཞི་རྒོལ་ཆེན་མོའི་སྔ་གཞུག་ལའང་ཐེངས་ཁ་ཤས་ཆས་པ་རེད། བྲོས་ནས་སོང་ནའང་མ་ཐར་བ་རེད། དེའི་ཕྱིར་ཁྱོད་ཀྱང་ཐར་ཁེགས་པོ་ཡིན་རྒྱུ་རེད། སྤྱིར་ན་ལས་ཀ་མགོ་རྩོམ་རྒྱུ་གལ་ཆེན་རེད། མཇུག་དེ་ག་རང་མཐུད་ཐུབ་པ་དེ་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ལའང་ཤིན་ཏུ་མང་བ་མ་ཟད། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཀྱང་བདེན་པའི་འུ་ཚུགས་ཀྱི་ལས་འཆར་ཚུན་ཆད་བྲིས་གནང་ཡོད་པ་རེད། ཡིན་ནའང་། ཐ་མར་འདིར་ལྟར་ལྷག་པ་རེད། ཁྱེད་ཀྱིས་ཀྱང་འདིར་ལྟར་ས་བསྒྲགས་གནམ་བསྒྲགས་བྱས་པ་དེ་ནི་ནོར་འཁྲུལ་ཅི་ཡང་མ་རེད། དེ་ནི་གངག་བསམ་དྲང་བོར་སྨྲས་པའི་བདེན་རྟགས་ཤྀག་ལས་ཅི་ཡང་མ་རེད། དེའི་ཕྱིར། ལས་འགུལ་དེ་མགོ་རྩོམ་རྒྱུ་ཡིན་ནའང་། མཇུག་བདེ་བླག་ངང་བསྡུ་རྒྱུ་དང་གླེན་རྟགས་མི་སྟོན་རྒྱུ་གལ་ཆེན་རེད། སྲོག་གཏོང་བ་ཙམ་ནི་དཔའ་བོ་ཅི་ཡང་མ་རེད། མི་ཅོལ་ཆུང་དག་གིས་སྲོག་མང་བ་གཏོང་གི་རེད། དཔེར་ན། ཕོ་མོའི་འདོད་བརྩེ་ཙམ་གྱི་ཆེད་དུའང་སྲོག་བཏང་བའི་མི་གྲངས་མེད་ཅིག་གནམ་འོག་འདིར་ཡོད་པ་རེད། དེ་དག་ལའང་རང་རང་གི་ཚོད་ཀྱི་བདེན་ལུགས་ཡོད་པ་རེད་ལ། གནོན་དཀའ་བའི་ཚོར་བའང་ཡོད་པ་རེད། ཡིན་ནའང་། ཟིན་ཏུ་བསམས་ན་དེ་ནི་གླེན་རྟགས་ལས་ཅི་ཡང་མ་རེད། སྲོག་གཏོང་བ་དེའང་སྤྲུལ་སྐུ་བསོད་བྷོ་ནང་བཞིན་སེམས་བསྐྱེད་ཀྱི་རྩིས་ཟིན་ནས་བཏང་ན་འདི་ཕྱི་གཉིས་ལ་ཡོད་པ་དང་དགེ་བ་ཞིག་རེད་དེ། དེ་འདྲ་དཀའ་རྒྱུ་རེད། དེའི་ཕྱིར་བོད་ཕྱི་ལོགས་ནས་མི་སྲོག་བཏང་ན་དེ་ལ་ངོས་ནི་སྙིང་བོ་ཞྀག་མཐོང་གི་མི་འདུག དེ་ལས་དོན་ཕན་ལྡན་པའི་ལས་འགུལ་རླབས་ཆེན་གཞན་ཡོད་རྒྱུ་རེད། དཔེར་ན། དེང་སང་ཤིང་བཟའ་རིན་པོ་ཆེ་སོགས་ཀྱི་ལས་འགུལ་དེ་འདྲའི་ནང་འཛུལ་ཞུགས་ཐུབ་ན་རླབས་ཆེན་རེད་ལ། དགོས་ངེས་ཀྱང་རེད། སྤྱིར་ན་ཁྱོད་འདིར་ཐོན་ན་མཉམ་འཛོམས་ཤིག་བྱུང་རྒྱུ་རེད། དེ་དུས་ཁ་བརྡ་བྱེད་དགོས་བསམས་ནས་ཡོད་དེ། དེ་རིང་འདི་འདྲ་ཞིག་ཤོར་སོང་། རྡ་སར་བསླེབས་ན་ངེས་པར་འབྲེལ་བ་ཞིག་གནོངས་དང་ག་ལེར་ཁ་བརྡ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese