མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་འཐབ་རྩོད། དེ་རིང་གི་ང་ཚོ།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

 


ང་ལ་སྤོབས་པ་ཡོད། བོད་མི་ས་ཡ་དྲུག་གི་སྤོབས་པ་ཡིན།

ང་ལ་ཡིད་ཆེས་ཡོད། བོད་མི་ས་ཡ་དྲུག་གི་ཡིད་ཆེས་ཡིན།

ང་ལ་དམ་བཅའ་ཡོད། བོད་མི་ས་ཡ་དྲུག་གི་རེ་འབོད་ཡིན།

དེའི་ཕྱིར། ང་ལ་འཇིགས་པ་དང་སྐྲག་སྣང་མེད།

ང་འདི་ལྟར་ལམ་ལ་ཆས་བཞིན་ཡོད།

ཞི་བདེ་དང་རང་དབང་དེའི་ཆེད་དུ།

ཞི་བའི་འཐབ་རྩོད་འདི་ཡི་སྔ་གཞུག་ཀུན་ཏུ་ངས་བཤད་པའི་སྐད་ཆ་དག

ནམ་ཡང་ང་དང་ལྷན་དུ་ཡོད།

སྤུན་ཟླ་ཁྱེད་ཅག་གིས་དེ་རིང་ནས་བཟུང་ངའི་འགྲོ་འདུག་སྤྱོད་གསུམ་ལ་བརྟག་ནས་དཔྱད་པ་དང་མིག་གིས་འཚོ་རོགས་ཞུ།

ངའི་མདུན་ན་རླབས་ཆེ་བའི་དྲིན་ཆེན་མ་ལོ་ཡོད་ལ། ངའི་རྒྱབ་ན་སེམས་ཤུགས་ཀྱི་མེ་ལྕེ་འབར་བའི་ནུ་མོ་ཡོད།

ད་དུང་བོད་མི་ཡོད་ཚད་ཀྱི་མིག་ཆུ་དང་སྐྱེལ་མ་ཡོད།

ཆེས་མང་པོ་གླེང་བའི་དུས་ཚོད་དེ་ང་ལ་མེད་ཀྱང། ངས་གང་ཞིག་ནས་ནོར་འཁྲུལ་རེ་ཤོར་ཚེ།

ཁྱེད་ཅག་གིས་ང་ལ་སྐྱོན་བརྗོད་བྱ་རོགས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 17

  1. a yer mel says:
    ལོ་ 14 སྔོན།

    བསམ་བློ། སྙིང་སྟོབས། ལ་རྒྱ། གསུམ་ལྡན་གྱི་མི་ཞིག་གིས་འདི་ལྟ་བུའི་ལས་འགུལ་དང་ལེན་སྐབས། གཙོ་བོ་བསམ་བློས་མདུན་འཁྲིད་ཐུབ་པ་བྱ་རྒྱུ་གལ་ཆེན་རེད། ངེས་པར་དུ་བསམ་བློ་ཐོངས། འདི་ངའི་རེ་བ་ཡིན་ལ་ང་ནི་ཁྱེད་ཀར་ཁ་
    ཞེ་གཉིས་མེད་ངང་དགའ་མཁན་ཞིག་ལས། གཞན་ཅི་ཡང་མིན། རེད་ཡ། མི་ཚེའི་བྱ་བ་ཞིག་ཡིན་ཚར་དུས། ཆེས་ཕུགས་བརྟན་དང་ཡུན་རིང་། མཐའ་འབྲས་དོན་ཆེན་ཞིག་ཡིན་དགོས་པ་མ་རེད་དམ། དེ་བས། རྗེས་སུ་ཁྱེད་རང་འུ་ཚོ་ཡོད་སའི་ས་ཆ་མང་པོ་ཞིག་ལ་འོངས་ཏེ། ཆ་རྐྱེན་གང་ཡང་མེད་པའི་དམིགས་ཡུལ་དེ་དག་གིས་ཆེད། ༼རང་སར་རང་སྐྱོད་༽ཀྱི་ཆབ་སྲིད་ལྟ་བའི་ངོ་སྤྲོད་དང་གོ་རྟོགས། ཆ་རྐྱེན་དང་ཁ་ཕྱོགས་སོགས་བྱ་སྤེལ་བཙལ་གསུམ་གནང་ནས། གཞི་རྒྱ་ཆེ་བའི་ལས་འགུལ་རབས་དང་རིམ་པ་མང་པོ་ཞིག་འོངས་པར་ངས་རྨི་ལམ་རྨི་བཞིན་དང་། སྨོན་ལམ་འདེབས་ཀྱིན་ཡོིད། སྐད་ཆ་འདི་ཚོ་བདག་སེམས་ཀྱི་ཁ་དོག་ཙམ་ལས། གཞན་འདི་ནི་ཆུ་ལ་བསྐུར་ཡང་ཆོག མེ་ལ་བསྲེག་ཀྱང་རུང་། ངོ་མ་ཡིན། བོད་ཀྱི་གན་འདེ་རྗེ་ཁྱེད་རང་རྒྱལ་གྱུར་ཅིག།

    Reply
  2. kkunsang@yahoo.com says:
    ལོ་ 14 སྔོན།

    བོད་མི་རིགས་ཡོངས་ཀྱི་རྩ་དོན་ཤ་གསེས་རུས་གསེས་ལ་ཐིམ་པའི་རྒྱལ་བཅེས་པ་ཚེ་བརྟན་རྡོ་རྗེ་བོད་ཤ་ཁྲག་རིས་གསུམ་ཡིན་པ་དེ་རིང་གཞི་ནས་ཤེས།
    ཁྱེད་ནི་བོད་དོན་གླེང་མོལ་དགའ་ཡང་ཁྱེད་ཀྱི་སེམས་ཁོང་ན་བསུབ་ཏུ་མེད་པའི་བོད་མི་རིགས་ལ་བཅང་བའི་བརྩེ་སེམས་ཡོད་པ་གཞི་ནས་ཤེས།
    ཁ་དྲོ་་་་་་་བཀྲ་ཤིས་ཁྱེད་མ་བུ་གསུམ་ལ་སེམས་གཏིང་ནས་རྗེས་སུ་ཡིད་རང་ཡོད།

    Reply
  3. tseringdhorjee says:
    ལོ་ 14 སྔོན།

    ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ནི་བརྗོད་དུ་མེད་པ་ཞིག་རེད་རྗེས་སུ་ཡི་རང་ཡོད།འོན་ཀྱང་ཁྱེད་ཀྱི་སྲིང་མོ་ལྡི་ལི་མན་ལ་མི་ཁྲིད་རྒྱུ་ངས་རེ་བ་ཡིན། ཁྱེད་རང་ཚོ་ལ་དཀའ་ངལ་ཡོང་རྒྱུ་རེད་འདོད།བལ་ཡུལ་གྱི་དམག་མི་ཚོ་མ་རབས་ཡོད་པ་རེད་ཟེར་གྱིན་འདུག་པས་ངས་བསམ་ན་མ་ཁྲིད་ན་བསམ་གི

    Reply
  4. nyroblang says:
    ལོ་ 14 སྔོན།

    ཁྱོད་ཀྱི་སྤུན་ཆུང་སྲིན་པོ་ངས་ཁྱེད་ལ་ལམ་བར་ནས་བདེ་བར་སྨོན་ཞེས་ཁ་གཡང་ཙམ་ལས་ཅི་ཡང་བཤད་མ་ཕོད།

    Reply
  5. phuntsok says:
    ལོ་ 14 སྔོན།

    ངས་ནམ་རྒྱུན་གྲོགས་པོ་ཤ་ཁྲག་རུས་གསུམ་ཀྱི་རྩོམ་ཡིག་ཁག་ལ་དེ་ཙམ་དོ་སྣང་སྤྲོད་ཀྱིན་མེད་ལ། དེ་ལས་ཀྱང་ཁོས་གང་བཤད་ལ་ཉན་འཇོག་བྱེད་ཀྱིན་མེད། རྒྱུ་མཚན་ཤ་ཁྲག་རུས་གསུམ་གྱི་གང་བཤད་ལ་ཆ་འཇོག་བྱ་རིན་མི་འདུག་སྙམ་པས་ཡིན།
    འོན་ཀྱང་ཐེངས་འདིའི་ལས་འགུལ་གྱིས་ངས་ཤ་ཁྲག་རུས་གསུམ་ལ་འཛིན་པའི་བསམ་ཚུལ་གཞི་ནས་བསྒྱུར་བྱུང་ལ། དེ་ལས་ཀྱང་ཁོས་ཅི་བཤད་ལ་ཆ་འཇོག་མེད་པའི་སྣང་ཚུལ་དེ་དཀྲུག་སོང་།
    ཁྱོད་ཀྱི་ལས་འགུལ་གྱི་འགོ་མ་བརྩམས་གོང་གི་ཉིན་ཤས་སྔོན་ཀྱི་དགོང་དྲོ་ཞིག་ལ་ང་ཚོ་སི་ཁེ་ཕིའམ་གནམ་ཁེབ་གྱི་སྒོ་ཡོལ་བརྒྱུད་ཁ་བརྡ་བྱས་མྱོང་ཡོད་ལ། ཁ་བརྡའི་ནང་དོན་ཀྱང་རང་དབང་ལུང་ཡོད་མཁན་ཚོ་དང་། ང་ཚོ་རང་ས་ནས་འདུག་མི་ཉན་པའི་ཚུལ་མང་པོ་ཞིག་བཤད་པ་དེ་ཡིན།
    འོན་ཀྱང་སྐབས་ཐོག་དེ་ལའང་ངས་ནི་ཁྱོད་ལ་ཁ་ཡ་དེ་ཙམ་བྱས་མེད་པ་མ་ཟད། ཁ་བརྡ་དེ་རིགས་ནི་ཁྱོད་ཀྱི་ནམ་རྒྱུན་འུར་སློང་རང་བཞིན་ཀྱི་རྩོམ་ཡིག་དེ་དག་མཚུངས་པའི་ལྟ་ཚུལ་ཙམ་དུ་བསྐྱུར་ཏེ། ཁྱོད་ལ་ཁ་ཐུག་གི་ཁ་བརྡ་བྱེད་མཁན་ཀྱང་ཁྱོད་ཀྱི་གྲོགས་པོ་རྙིང་པ་སྐལ་བཟང་རྒྱ་མཚོ་ལགས་སྔུན་དུ་བརྫང་ནས་རང་ཉིད་ཁྱོད་ཀྱི་མིག་མདུན་དུའང་བཅར་ཐུབ་མེད། འདི་ནི་ང་ལ་མཚོན་ན་བློ་འགྱོད་ཅིག་ཀྱང་ཅི་ལ་མིན།
    གང་ལྟར་དེ་རིང་ཁྱོད་ནི་བློ་སྟོབས་ཀྱིས་སྐྱོད་བཞིན་པའི་ཁྱོད་ཡིན་ལ། བཤད་བཤད་ལག་ལེན་ལ་སྐྱེལ་མཁན་གྱི་ཁྱོད་ཉིད་ཡིན་པས། ངས་དེ་རིང་ཁྱོད་ཀྱི་སྔ་གཞུགས་ཡོད་ཚད་ལ་བསྐྱར་ཞིབ་ཐེངས་ཤིག་བྱེད་ཀྱིན་ཡོད་ཅིང་། རང་ཉིད་ཀྱི་ཉལ་ས་དྲོན་པོའི་ནང་ནས་ཁྱོད་དང་ཁྱོད་ལྟ་བུའི་དཔའ་བོ་དཔའ་མོ་རྣམས་ཀྱི་བློ་སྟོབས་ལ་ཡི་རང་གི་སྙན་ངག་ཙམ་འབྲི་བཞིན་སྔར་སོར་གནས་ཡོད། འདི་ནི་ང་ལ་མཚོན་ན་སྔར་ལས་ཀྱང་ཁྱོད་ཀྱི་མིག་མདུན་དུ་བཅར་མི་ཕོད་པའི་ངོ་ཚ་ཁ་སྐྱུང་གི་བྱེད་བབ་ཅིག་གནས་དགོས་བྱུང་ཡོད།

    Reply
  6. a yer mel says:
    ལོ་ 14 སྔོན།

    ཅི་ཡང་མ་རེད། མི་དཔའ་བོའི་སྐད་ཆ་རེད། ཁ་དྲོ།།

    Reply
  7. jamyang tenzin says:
    ལོ་ 14 སྔོན།

    ཉིན་ལྟར་ཁྱེད་མ་བུ་གསུམ་གྱི་གནས་ཚུལ་ལ་རྣ་བ་ཅོག་ཅོག་གིས་ཉན་བཞིན་ཡོད་ལ། མིག་རིག་རིག་བྱས་ནས་བལྟ་བཞིན་ཡོད། ཁྱེད་མ་བུ་གསུམ་གྱི་དཔའ་སྤོབས་དེ་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་ལ་བློ་ངོར་འཆར་མ་མྱོང་བའི་མཆོང་སྐྱོད་ཅིག་ཡིན་པས། ང་དང་ང་ལྟ་བུའི་སྡར་མ་དག་གིས་ཁྱེད་ལ་ལེགས་ཉེས་དང་ལམ་སྟོན་བྱེད་པའི་སྤོབས་པ་ཡོད་མི་སྲིད། གང་ལྟར་ཁྱེད་མ་བུ་གསུམ་ལ་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ལན་བརྒྱར་དང་ཐུགས་རྗེས་ཆེ་ལན་སྟོང་དུ་ཞུ། ང་ཚོ་ཐུན་མོང་གི་ལས་དོན་ཆེད་དུ་ཁྱེད་མདུན་དུ་སྐྱོད་བཞིན་ཡོད་མོད། ང་ཉལ་ནས་བསྡད་ཡོད། ཁྱེད་ཀྱི་རླབས་ཆེན་གྱི་ལས་དོན་དེར་གྲུབ་འབྲས་ཤིག་ཡོད་ཚེ། ང་ཚོ་ཐུན་མོང་གི་ཡིན་པ་ལས་ཁྱེད་མ་བུ་གསུམ་ཁོ་ནས་མིན། དེས་ཕྱིར་ཁྱེད་མ་བུ་གསུམ་ལ་བར་ཆད་མེད་པར་བསམ་དོན་འགྲུབ་པའི་སྨོན་ལམ་ཞིག་ཀྱང་འདེབས་བཞིན་ཡོད།

    Reply
  8. tlungtok says:
    ལོ་ 14 སྔོན།

    བསམ་དོན་ཡིད་བཞིན་འགྲུབ་པར་ཤོགས།

    Reply
  9. tenphel says:
    ལོ་ 14 སྔོན།

    ཁྱོད་ཀྱིས་འདི་འདྲའི་བློས་གཏོང་བྱས་ནས་ལམ་དུ་ཆེས་པ་ནི་ཡོད་ཚོད་མི་རིགས་ཀྱི་དོན་དུ་ཡིན་པ་ངས་ནམ་ཡང་མི་རྗེད།

    Reply
  10. ajamyang says:
    ལོ་ 14 སྔོན།

    ཁྱེད་ཀྱི་རུས་རྐང་དུ་ཟུག་པའི་བཙན་པོའི་ཁྲག་རྒྱུན་དེས
    ཁྱེད་ཀྱི་བྲང་གཞུང་ན་འཁྱིལ་བའི་བོེད་པའི་ལར་ཞེན་དེས
    ངེད་བོད་པ་ཚང་གི་བཙན་པོའི་རྡོ་རིང་གི་ཞལ་ངོ་རུ
    ཁྱེད་ཀྱི་སྙིང་སྟོབས་དང་བློ་གཏོང་གི་ཞབས་རྗེས་གསལ་བོར་བཀོད་སོང་

    ཁྱེད་འདི་ལྟར་ལམ་ལ་ཆས་དུས་་་་ང་འདི་ལྟར་བཤུལ་དུ་ལུས་་་་
    བསྡད་ཀྱང་ན་ཟུག་ཅིག་གིས་བདེ་སྐྱིད་ངང་སྡོད་ཐུབ་བྲལ་ཡོད

    གང་ལྟར་ཁྱེད་མ་བུ་གསུམ་ལ་ལམ་དུ་དགྲ་དགག་བར་ཆད་གང་མེད་པར་བསམ་དོན་བཞིན་འགྲུབ་པར་ལྷ་བླ་མ་སྐྱབས་འཇུག་དང་སྨོན་ལམ་རྒྱག་བཞིན་ཡོད། སྤོབས་སེམས་ཆེན་པོའི་ངང་སྐྱོད་དང་ཆོག བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ།

    Reply
  11. lobsangg says:
    ལོ་ 14 སྔོན།

    ཁྱེད་ཀྱིས་དེ་ལྟར་དཀའ་ཚེགས་ཆེ་བའི་འཐབ་རྩོད་བྱེད་པར་བླ་མེད་ཀྱིས་གུས་འདུད་ཞུ། དྲ་གྲོགས་མིག་ནས་ལམ་ལ་བར་ཆད་མེད་པར་སྨོན།

    Reply
  12. drikungpa says:
    ལོ་ 14 སྔོན།

    ཞི་བདེའི་བདེ་སྐྱིད་འཚོལ་བའི་གྲོགས་མཆོག་ཁྱེད།
    གང་ཞིག་དང་གང་ཞིག་དུ་སླེབས་ཀྱང་བག་ཟོན་དང་གཟབ་གཟབ་བྱོས།
    གཅེན་པོ་ངའི་རེ་བ་ཡིན།

    Reply
  13. salygyal says:
    ལོ་ 14 སྔོན།

    ངས་དེ་རིང་ཁྱོད་ལ་ནམ་རྒྱུན་གྱི་སྐད་ཆ་བདག་མེད་དེ་དག་མི་བཤད། ཁྱོད་མ་བུ་ཚོར་ཁ་ཡག་ཀྱང་མི་བཤད། ཁྱོད་ཚོ་ཁ་ཡག་ཅིག་གི་དོན་དུ་ཕེབས་ཀྱིན་མེད་པ་ངས་ཤེས་ཡོད། བོད་དོན་ནི་བོད་མི་ཚང་མའི་ཕྲག་ལ་ཆ་བགོས་ཀྱིས་བབས་པའི་འོས་འགན་ཞིག་རེད། དེ་བས་ཁྱེད་མ་བུ་གསུམ་གྱི་ལས་འགུལ་འདི་ནི་ཁྱོད་ཚོས་རང་གི་འོས་འགན་སྒྲུབ་བཞིན་པའི་ལས་འགུལ་ཞིག་ཡིན་པ་ལས་ངའི་འོས་འགན་སྒྲུབ་བཞིན་པ་མ་རེད། ཁྱོད་ཚོས་ཁྱོད་ཚོའི་འོས་འགན་སྒྲུབ་བཞིན་པ་དེར་ངས་ཡིད་སྨོན་བྱེད་བཞིན་ཡོད་ནའང་ཐུགས་རྗེ་ཆེ་ཟེར་དོན་མེད་པ་འདྲ། དེ་ནི་ཁྱོད་ཚོའི་འོས་འགན་ཡིན་པས་རེད། མི་ཞིག་གིས་རང་གི་འོས་འགན་བསྒྲུབས་པ་ལ་མི་གཞན་པས་ཐུགས་རྗེ་ཆེ་ཟེར་དགོས་དོན་མི་འདུག་བསམ། ཡིན་ནའང་། ཡིན་ནའང་། རང་གི་འོས་འགན་བསྒྲུབ་པའི་ཁ་ཕྱོགས་ཙམ་ཡང་ད་དུང་རྙེད་མེད་པའི་བོད་པ་ཚོ་སྟེ། ང་དང་ཁོ། ད་དུང་ང་འདྲ་བ་དང་ཁོ་འདྲ་བ་ཚོས་ཁྱེད་མ་བུ་ཚོར་ཡིད་སྨོན་ལོས་བྱེད། འོན་ཀྱང་་་་་་

    Reply
  14. ttensher says:
    ལོ་ 14 སྔོན།

    དཔའ་བློ་སྤོབས་དང་མཆོད་སེམས་ལ་སྙིང་ནས་གུས་འདུད་ཞུ། ལམ་བར་ནས་གེགས་བར་ཆད་མེད་པའི་སྨོན་ལམ། མི་རིང་ཁྱེད་ཚོར་ལྟ་བར་ཡོང་ཨེ་ཐུབ་ལ་འབད་ཀྱི་ཡིན།

    Reply
  15. adumikchu says:
    ལོ་ 14 སྔོན།

    མིག་ཆུ་སྙིང་གར་བསྐྱིལ་ཏེ་བྱང་ལམ་འགྲིམས་སོང་།།
    དཔའ་བོའི་རང་གཤིས་བཟུང་སྟེ་ཡུལ་ལ་ལོག་སོང་།།
    བདེན་པ་གཙུག་ཏུ་བཀུར་ཏེ་བདུན་ལ་ཆས་བྱུང་།།
    ནང་གཅིག་མ་བུ་གསུམ་པོ་འདི་ལྟར་བཞུད་སོང་།།

    ཨ་མའི་ལྷག་བསམ་མཉམ་དུ་བོད་ལ་ལོག་སོང་།།
    སྲིང་མོའི་མཛའ་བརྩེ་ལྷན་དུ་མདུན་ལ་བསྐྱོད་སོང་།།
    བརྗེད་མེད་ན་ཟུག་ཁུར་བའི་མ་བུ་འདི་གསུམ།།
    ཟུར་གསུམ་སྙིང་དཀྱིལ་དབུས་ནས་ཡལ་བ་མེད་དོ།།

    ཁྱེད་མ་བུ་གསུམ་གྱི་ཉི་མ་རེ་རེའི་པར་རེ་བདག་གིས་མིག་ལམ་དུ་ཡོང་བར་འབད་པ་བྱེད་བཞིན་ཡོད། ཁྱེད་གསུམ་གྱི་པར་ལ་བལྟས་ནས་ཁྱེད་གསུམ་གྱི་ལུས་ཐོག་ན་མངའ་བའི་བཙན་པོ་ཚང་གི་དཔའ་སྤོབས་ལ་རོལ་མྱོང་བྱེད་བཞིན་ཡོད། བཀའ་དྲིན་ཆེ། ཁྱེད་ཅག་ལ་བར་ཆད་མེད་པར་ཤོག བསམ་དོན་འགྲུབ་པར་ཤོག

    Reply
  16. chrgudo says:
    ལོ་ 14 སྔོན།

    མི་ཡི།་་་་་་་་་་་་ཁྱེད་དང་། བཅོས།

    Reply
  17. chrgudo says:
    ལོ་ 14 སྔོན།

    དངོས་གནས་༼སྟག་གི་རི་མོ་ཕྱི་ན་ཡོད། མི་རི་མོ་ནང་ན་ཡོད།༽༼བལྟས་ན་ཁ་མདོག་མི་ཤེས་པ། བཅག་ན་དམར་པོ་མཚལ།༽ཁྱེད་དངོས་གནས་ཚོར་བས་ཟིན་པའི་སྙན་ངག་པ་ཞིག་ཡིན་པ་ང་ལ་གཞི་ནས་ཡིད་ཆེས་ཐོབ་སོང་། དགོངས་དག ད་དུང་མུ་འཐུད་ནས་ཕེབས་དང་། ཁྱེད་རང་གིས་ཡིད་ཆེས་དང་རེ་བ་ནམ་ཡང་ཁྱེད་ལྷན་དུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese