མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་འཐབ་རྩོད། དེ་རིང་བར་ཆད་ལས་ཐར་བ།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་པ་ནམ་རྒྱུན་ལྟར་ཡར་ལ་ལངས་སྟེ་ང་ཚོ་མདུན་ཕྱོགས་ཀྱི་གཞུང་ལམ་སྟེང་དུ་གྲལ་བསྒྲིགས་ནས་མུ་མཐུད་དུ་གོམ་བགྲོད་བྱས། ཞོགས་པ་ཆུ་ཚོད་བདུན་པ་ཡོལ་དུས་ང་ཚོ་ལྡི་ལི་ཡི་ས་གནས་སུ་འབྱོར་མ་ཐག་གཉེན་རྟོག་པ་ཞིག་གིས་ང་ཚོར་སྡོད་དགོས་པའི་ལག་བརྡ་བཏང་། ང་རང་མགོ་བྱས་ནས་ཡོད་དུས་ཚང་མར་སྡོད་དུ་བཅུག དེ་དུས་ངས་གཉེན་རྟོག་པ་དེར་སྐད་ཆ་དྲིས།

ཁོས་བཤད་ན་གཉེན་རྟོག་པའི་མགོ་དཔོན་ཡོད་སར་འགྲོ་དགོས་ཟེར།སྐར་མ་ཁ་ཤས་ཀྱི་རྗེས་སུ་གཉེན་རྟོག་རླང་འཁོར་ཆུང་ཆུང་ཞིག་སླེབས་ནས་ང་ཚོ་དེས་ནང་དུ་འབུད་རྒྱུར་བསྐུལ། གཉེན་རྟོག་ལས་ཁུངས་རུ་འབྱོར་ནས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་གཉེན་རྟོག་པའི་མགོ་དཔོན་འབྱོར་ནས་ང་ཚོ་ཁོ་རང་གི་ལས་ཤག་དུ་སྐད་བཏང་ནས་རྒྱུ་མཚན་སོགས་སྐད་ཆ་མི་ཉུང་བ་ཞིག་དྲིས་སོང་། དེའི་རྗེས་སུ་ང་ཚོ་ལ་ཇ་སྤྲད་པ་དང་ཉིན་གུང་གི་ཟ་མ་ཡང་སྤྲད་། ཉིན་གུང་གི་ཟ་མ་ཟ་བཞིན་པའི་སྐབས་སུ་ལྡི་ལི་མདོ་སྨད་ས་རྒྱུན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་སླར་ཡང་ང་ཚོ་ལ་ཐུགས་འཕྲད་བྱེད་དུ་ཡོང་བ་མ་ཟད་ཉིན་གུང་གི་ཟ་མ་ཡང་འཁུར་འདུག ཁོ་གཉིས་ཀྱི་ང་ཚོ་གློད་གྲོལ་ཡོང་བའི་ཐད་དུ་གང་བྱེད་དགོས་མིན་སྐོར་ལ་སེམས་ཁྲལ་དང་ཐུགས་ཁུར་ཚད་མེད་གནང་སོང་། ངས་ཁོ་གཉིས་ལ་ཕྱི་དྲོ་པར་དུ་ལྟོས་ཆོག་པ་དང་དོན་དག་འདྲ་བྱུང་ན་ཁ་པར་གཏོང་ཆོག་ཞེས་ཁོ་གཉིས་ཕྱིར་འགྲོ་རུ་བཅུག་པ་ཡིན།
ཕྱི་དྲོ་ཆུ་ཚོད་བདུན་པ་ཟིན་གྲབས་ཡོད་དུས་སུ་གཉེན་རྟོགས་པའི་མགོ་དཔོན་གྱིས་ང་ཚོ་ལ་ཁས་ཅག་མི་སྣ་ཞིག་ཡོད་ན་དོ་ནུབ་གང་དུ་འགྲོ་འདོད་ན་དེ་རུ་གཏོང་ཆོག་ཞེས་བཤད་སོང་། དེ་དུས་ངས་ལྡི་ལི་མདོ་སྨད་ས་རྒྱུན་ལ་ཁ་པར་བཏང་པ་ན་ཁོ་གཉིས་ཀྱིས་ཡིན་དང་ཡིན་ཞེས་གསུངས་ཏེ་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་རོགས་པ་གཉིས་ཁྲིད་དེ་ང་ཚོ་ཡོད་སར་འབྱོར།

དེ་དུས་ང་ཚོ་གཉེན་རྟོགས་པའི་མགོ་དཔོན་གྱིས་མངགས་པ་ལྟར་གཉེན་རྟོག་པ་དཀྱིས་མ་གསུམ་བཞི་ཞིག་གིས་འཁྲིད་དེ་ཧིན་རྡའི་ལྷ་ཁང་ཞིག་གི་འགྲམ་དུ་དགོང་མོའི་ཟ་མ་ཟ་བཞིན་ཡོད་།
སང་ཞོགས་ང་ཚོ་མུ་མཐུད་དུ་གོམ་བགྲོད་བྱེད་ཐུབ་པར་རེ་བ་ཡོད།

གླིང་ཚ་ནས༢༨།༣།༡༢དགོང་མོ་བྲིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 15

  1. chosang says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་གྱི་ཐམས་ཅད་བློས་གཏོང་གི་རླབས་ཆེན་གྱི་བྱ་བ་འདི་ལམ་ལྷོང་ཡོང་བར་སྨོན་་ འདིས་བོད་མི་རིགས་འདི་གཉིད་ལས་སད་ཐུབ་པའི་རེ་བ་ཡོད་་་་ཁོང་རྣམ་པར་དཀོན་མཆོག་གི་མགོན་སྐྱབས་གནང་རོགས་

    Reply
  2. chosang says:
    ལོ་ 14 སྔོན།

    ཚ་རླབས་མེ་རུ་འབར་བའི་འཕགས་པའི་ཞིང་ནས།།གྲང་འཁྱག་ཁ་བས་གཡོག་པའི་གངས་ཅན་ཞིང་བར།།ལྟོག་སྐོམ་ཚ་གྲང་དཀའ་ཚེགས་ཅི་ཙམ་མྱང་ཡང་།།ཕ་རོལ་དགྲ་སྡེའི་གདུག་རྩུབ་ཅི་ཙམ་རྒོད་ཀྱང་།།གང་ལ་ཅི་མི་སྙམ་པའི་འཇིགས་མེད་སྙིང་སྟོབས།།སུས་ཀྱང་འགྲན་ནུས་བྲལ་བའི་ཟླ་མེད་དཔའ་བོ།།གླིང་ཚ་ཁྱོད་ནི་གླིང་རྗེ་གེ་སར་རང་རེད།།

    Reply
  3. chosang says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་གྱི་ཐམས་ཅད་བློས་གཏོང་གི་རླབས་ཆེན་གྱི་བྱ་བ་འདི་ལམ་ལྷོང་ཡོང་བར་སྨོན་་ འདིས་བོད་མི་རིགས་འདི་གཉིད་ལས་སད་ཐུབ་པའི་རེ་བ་ཡོད་་་་ཁོང་རྣམ་པར་དཀོན་མཆོག་གི་མགོན་སྐྱབས་གནང་རོགས་

    Reply
  4. chosang says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་གྱི་ཐམས་ཅད་བློས་གཏོང་གི་རླབས་ཆེན་གྱི་བྱ་བ་འདི་ལམ་ལྷོང་ཡོང་བར་སྨོན་་ འདིས་བོད་མི་རིགས་འདི་གཉིད་ལས་སད་ཐུབ་པའི་རེ་བ་ཡོད་་་་ཁོང་རྣམ་པར་དཀོན་མཆོག་གི་མགོན་སྐྱབས་གནང་རོགས་

    Reply
  5. jamgon says:
    ལོ་ 14 སྔོན།

    ནམ་ཡང་ཉན་བཞིན་ཡོད་ལ་རྟག་ཏུ་གླེང་གིན་ཡོད། ད་རུང་གཡས་གཡོན་གང་རུང་ན་སེམས་འདུན་དང་ལྷན་དུ་ཁྱོད་ཀྱི་ཕྱོགས་ན་བསྒྲེངས་ཡོད།

    Reply
  6. meylangdongnag says:
    ལོ་ 14 སྔོན།

    མི་རིགས་འདིའི་ཆེད། ཤ་ཁྲག་རུས་གསུམ་རྡ་སྟེང་ནས་བོད་ལ་ཆས་བའི་ཉིན་མོ་དེ་ནས་བཟུང་། ང་རྟག་པར་ཤ་ཁྲག་རུས་གསུམ་ཚང་གི་མགྲོན་པོ་ཡིན། གྲོགས་པོ་ལམ་ཁ་ནས་གཟབ་གཟབ་བྱོས། སོ་སོས་འབྱུང་གཞི་དང་འཚམ་པའི་གོམས་བགྲོད་ཀྱི་ལས་འགུལ་ལ་འབད་རོགས། ལུས་པོ་ཁྲི་ཁྲག་གི་སྐྱེལ་མ་མེད་ཀྱང་སེམས་པ་ཁྲི་ཁྲག་གི་སྐྱེལ་མ་རྟག་པར་ཡོད་ཁོ་ཐག་ཡིན། འདི་ནི་ངའི་སེམས་གཏིང་ནས་བསྲིངས་བའི་ཁ་ཏ་དང་སློབ་གསོ་ཡིན་པས་རིན་ཐང་ཅུང་ཙམ་འདུག་ན་སེམས་ལ་ཉོལ། དེ་མིན་ན་ཁ་ལུད་དང་མཉམ་དུ་གཡུག་དང་འཁང་ར་མེད། མཐར་ཁྱེད་མ་བུ་གསུམ་གྱི་རྡོག་སྣེ་རྡོ་ལ་མི་བརྡར་བའི་སྨོན་ལམ་ཡོད།

    Reply
  7. dadul1959 says:
    ལོ་ 14 སྔོན།

    ཁྱེད་གསུམ་གྱི་གནས་ཚུལ་ཐོས་འདོད། རྒྱུན་དུ་སེམས་གཏིང་ནས་དྲན་ཡོད།

    Reply
  8. phuntsok says:
    ལོ་ 14 སྔོན།

    ཁྱོད་ཀྱི་གནས་ཚུལ་ལ་ཉན་རྒྱུ་ལས་ཅི་ཡང་བྱེད་ཐུབ་ཀྱི་མི་འདུག ཁྱེད་མ་གསུམ་ལ་འཚམས་འདྲི་དང་ལས་དོན་ལམ་ལྷོང་བའི་སྨོན་འདུན་ཞུ།

    Reply
  9. sangdongkyab says:
    ལོ་ 14 སྔོན།

    མིག་ཟུང་བཙུམ་ནས་བསྡད་ན་རིག་ནས་འདུག་ནོ།།
    རྨི་ལམ་ཞིང་ནས་གཏན་དུ་འཕྲད་ནས་ཡོད་ནོ།།
    བདག་གི་ཨ་མ་གཅེནགཅུང་བདེ་ཡོད་གོ་དུས།།
    བདེ་སྐྱིད་ཚོར་བ་ཞིག་གིས་བརླན་ནས་སླེབས་སོང་།།

    Reply
  10. drikungpa says:
    ལོ་ 14 སྔོན།

    རྒྱུན་ཏུ་གྲིབ་གཟུགས་ལ་བལྟ་བཞིན་ཡོད། མང་པོ་བཤད་ན་ཁ་ཡག་ངོ་བསྟོད་ལྟ་བུ་ལས་ཁྱེད་རང་མཉམ་དུ་གོམ་བགྲོད་ལ་འགྲོ་ཐུབ་མ་སོང་བས་ངོ་ནོངས་ནས་བསྡད་ཡོད།

    Reply
  11. meytsang says:
    ལོ་ 14 སྔོན།

    ཁྱེད་ཚོའི་སྙིང་སྟོབས་དང་ངར་ཤུགས་ཀྱིས་གངས་ཅན་པའི་ལོ་རྒྱུས་གཉིད་ལས་དཀྲོགས་སོང་མགོ་བོ་དགྱེས་སོང་།ཁྱེད་མ་བུ་གསུམ་དང་མིག་དམར་ལགས།དམ་པ་འཇམ་དཔལ་ཡེ་ཤེས་སོགས་ནི་མི་བུ་གདོང་དྲུག་ཚང་གི་བརྟན་ཞིང་བརླིང་བའི་ལོ་རྒྱུས་གསོན་པོ་འདིའི་སྲོག་ཤིང་ངོ་མ་དེ་ཡིན་ལགས།བོད་རྒྱལ་ལོ། དྲ་གྲོགས་རང་རྟོན་ནས་གུས་ཕུལ།

    Reply
  12. tashi says:
    ལོ་ 14 སྔོན།

    གནས་ཚུལ་དུས་ལྟར་གོ་བས་ཧ་ཅང་དགའ་ཡོད། ཨ་མ་དང་ཚ་མོ་ལ་ངས་འཚམས་འདྲི་ཞུ་གི་ལོབས། གོ་སྐབས་བྱུང་ན་ཡང་བསྐྱར་ཁྱེད་ཚོ་ལ་ལྟ་རུ་ཡོང་གི་ཡིན།

    Reply
  13. affthin says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་གྱི་འགྲུལ་བཞུད་ལ་བར་ཆད་མེད་པར་མཛོད། ཕྲན་ལ་འདི་ཡིན་འདི་མིན་གྱི་ཚིག་གཅིག་ཀྱང་ཞུ་སྤོབས་མེད། འོན་ཀྱང་ཉིན་རྒྱུན་སེམས་ཁུར་ཞིག་གིས་ཁྱེད་མ་བུ་གསུམ་ཐེངས་རེར་དྲན་ཀི་འདུག

    Reply
  14. a yer mel says:
    ལོ་ 14 སྔོན།

    སྤུན་ཟླ་དགའ་བོ། ཁྱེད་ཀྱིས་ཁྱེད་ཚོའི་གནས་ཚུལ་འདི་ལྟར་ང་ཚོ་ལ་གསུངས་པ་ནི།སྐྱེས་ཆེན་པོ་ཞིག་བྱིན་པ་ཡིན་པས། ངོ་མ་ཁ་དྲོ།།

    Reply
  15. Sharchok pa says:
    ལོ་ 14 སྔོན།

    དེ་རིང་སང་ཉིན་ཉིན་རེར་གནས་ཚུལ་གཏོང་ཐུབ་པ་དང་ཀློག་ཐུབ་པས་དགའ་བོ་བྱུང་ཡོད། སྐུ་པར་རྣམས་ལ་མཇལ་ཡོང་སྐབས་ཉི་མ་ཚ་བོ་དང་དུག་སྦྲང་གིས་དཀའ་ངལ་ལྷག་ཏུ་སྤྲོད་བཞིན་པ་གསལ་བོ་མཐོང་ཐུབ་ཀྱང་། ཁ་ཡག་ཅིག་བཤད་རྒྱུ་ལས་བསམ་བློ་རེ་གཏོང་རྒྱུ་གཙོ་བོ་བྱེད་ཀི་ཡོད། ཁྱེད་མ་བུ་གསུམ་དང་འཇམ་དཔལ་ཡེ་ཤེས་ལགས། དེ་བཞིན་ཤེས་རབས་རྡོ་རྗེ་སོགས་ཀྱིས་མིག་གིས་མཐོང་ས་ནས་རང་ལ་མེད་པའི་མི་རིགས་ཀྱི་ཞབས་འདེགས་སྒྲུབ་ཡོང་དུས། དེའི་སྒུལ་ཤུགས་ཀྱི་བོད་ཀྱི་གནས་བབ་གང་དུ་སླེབས་ཡོད་མེད་ཐད་བསམ་གཞིག་བྱ་རྒྱུར་ཤེས་རབ་དང་རྣམ་དཔྱོད་སྩོལ་བཞིན་པ་འདྲ་བའི་ཚོར་བ་ཞིག་ངེད་ལ་བྱུང་བས། ཁྱེད་རྣམས་པར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
    གཞན། ཁྱེད་རང་གཙུག་ལག་ཁང་ནས་ལམ་ལ་ཆས་ཁར་ང་ལ་ཚིག་གཅིག་ལས་སྐབས་དེར་སེམས་ནས་ཁ་རུ་མ་ཐོན་པ་བཞིན། དེ་རིང་ཡང་གནད་འགག་གི་སྐབས་སུ་ཨུ་ཚུགས་ཁྱོན་ནས་མ་རྒྱག ཁྱེད་ཀྱི་སྐུ་ཚེའི་གང་བོའི་ཆོད་སེམས་དེ་ངང་སྲིང་རྟག་ཏུ་བརྟན་པ་ཞིག་དགོས་ཞེས་བསྐྱར་ཟློས་ཤིག་བྱས་ན་འདོད།
    དེ་རིང་སང་ཉིན་བོད་མི་ཚོ་དང་འདབ་འབྲེལ་དུ་སོང་ལྟ་མཁན་མང་པོ་འདུག་པས་དགའ་ཡོད། གཞན་དྲན་སྐུལ་ཞིག་ལ་ཚོགས་སྐྱིད་མཉམ་སྦྲེལ་གྱིས་ཡིག་ཐོག་ནས་སྤྲད་པའི་ཆོད་སེམས་ལ་ཁྱེད་ནས་ཀྱང་འབྲེལ་བ་གནང་སྟེ་གཅིག་གིས་བྱེད་དགོས་པ་དང་རུབ་ནས་བྱེད་དགོས་པ་རྣམས་མ་འཆུག་པ་གནང་རོགས།
    དེ་ཙམ་ཡིན། དོ་དགོང་དྲ་ངོར་ཅིག་སླེབས་པར་དོན་འབྲས་བྱུང་། ཤར་ཕྱོགས་པ་ངོ་མས་གུས་བས་ཕུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese