མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཤི་དུས་སུ་ངའི་ཞི་བའི་འཐབ་རྩོད་ཀྱང་ཚར་བ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་སུ་བོད་རིགས་སྤུན་ཟླ་ཆེས་མི་ཉུང་བ་ཞིང་གིས་ངའི་འགྲོ་འདུག་ལ་སེམས་ཁུར་ཚད་མེད་གནང་བཞིན་པའི་སྐབས་ཤིག་རེད། ཐོག་མར་ངས་དེ་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། རྒྱུ་མཚན་ནི་བོད་མི་རིགས་ཀྱི་བདེ་སྡུག་གི་སེམས་ཁུར་དེ་ད་ལྟ་ཤི་མེད་པས་ང་རང་དགའ་བས་ཡིན།

ད་ལྟ་ནི་ང་རང་གི་བཟའ་བཏུང་གི་ཕྱོགས་སུ་དཀའ་ངལ་གཏན་བྲལ་དུ་སོང་ཡོད། བལ་ཡུལ་གནས་གཞུགས་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་རོགས་སྐྱོར་གྱིས་འཚོས་ཡོད།

ང་རང་གི་གནས་སྟངས་ངོ་མ་དེ་ནི་གང་འདྲ་ཞིག་ལ་འགྱུར་མིན་ནི་ད་ལྟའི་འཆར་སུས་ཀྱང་ཁ་མཚོན་ཆོད་པ་ཞིག་ཆགས་མེད་ཀྱང་། མི་འགྱངས་པར་གང་དུ་བསྐྱལ་ས་དེ་ནས་མུ་མཐུད་དུ་ང་རང་མ་ཤི་བར་དུ་ངའི་ཞི་བའི་འཐབ་རྩོད། བོད་མི་སྤྱིར་བཏང་བ་ཞིག་གི་རང་གི་མི་རིགས་ཀྱི་བདེ་སྡུག་ཆེད་དུ་ཕུལ་བའི་ལུས་ངག་ཡིད་གསུམ་གྱི་དམ་བཅའ་དེ་ལ་འཆི་བ་ལས་གཞན་གང་གིས་ཀྱང་འགྱུར་བ་ཞིག་གཏན་བྲལ་ཡིན། གལ་སྲིད་ཉི་མ་གཞན་ཞིག་ཡོད་པས་དབང་དུ་བཏང་ན་དེ་ནི་བོད་ལ་ཞི་བདེ་དང་རང་དབང་ཐོབ་ནས། ༧གོང་ས་མཆོག་རང་གི་ཕ་ཡུལ་དུ་ཕེབས་ཉིན་ཡིན།

བཀག་བསྐྱེལ་ཁང་ནས་ཨ་རི་བ་ཞིག་གི་གློག་ཀླད་གཡར་ནས་བོད་རིགས་ཕྱི་ནང་གི་སྤུན་ཟླ་ཡོངས་ལ་བྲིས། གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།༢༥།༥།༡༢

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. lobsangl says:
    ལོ་ 14 སྔོན།

    མི་མངོན་པའི་ཚུལ་དུ་རྒྱབ་སྐྱོར་བྱེད་པ་ལས་ཐབས་གཞན་ཅི། ཤེས་ནུས་འཇོན་གསུམ་གང་ཡང་མེད་པའི་ང་ལྟ་བུའི་མི་བུ་ཞིག་གི་བོད་པའི་རྩ་དོན་ལ་ཅི་ཞིག་ཕན། བསྔགས་བསྟོད་དང་ཡི་རངས་ཀྱི་ཅི་ཞིག་ཕན། ངོ་མ་ཡིན། གལ་སྲིད་ཕན་གྱི་ཡོད་ན་དེ་ནི་དཀའ་ངལ་མེད་པའི་བྱ་བཞག་ཅིག་ཡིན་ཙ་ན། སུས་ཀྱང་བྱེད་པར་རིགས། ཚེ་བརྟན་རྡོ་རྗེ་ལགས། ཁྱོད་ནི་སྐྱེས་པ་དོན་དང་ལྡན་ལ་ཤི་བ་གཟི་བརྗིད་ཆེ། དེ་ནི་ཉིད་ཀྱིས་མི་ཡུལ་དུ་འདིར་བཞག་པའི་ཆེས་བླ་ན་མཐོ་བའི་ཞབས་རྗེས་དེ་ཡིན་སྲིད། འཆི་བ་སྲོག་ལ་ཐུག་ཀྱང་ཕྱིར་སྣུར་མི་བྱེད་པ་ཉིད་ཀྱི་སྙིང་སྟོབས་རེད། ད་ནི་ཅི་ཞིག་ལ་འཕྲད་ཀྱང་རང་ཉིད་ཀྱིས་བདམས་པའི་བྱ་བཞག་དགའ་སྤྲོས་འཇུག་རོགས།

    Reply
  2. tkalsang says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གླིང་ཚ་ལགས། སྐུ་ཉིད་ཀྱིས་རང་གི་ལུས་སྲོག་ལ་མ་འཛེམས་པར་བོད་མིའི་བདེན་དོན་གྱི་ཆེད་དུ་འདི་ལྟར་བློས་གཏོང་མཐོན་པོ་གནང་བར་སྙིང་ནས་ཡི་རངས་ཡོད། དེ་བས་ཀྱང་ལྟ་བ་ནི་ཚེ་སྲོག་ལས་ཀྱང་གལ་ཆེ་བའི་གནས་ལུགས་ངོ་མ་དེ། བོད་མིའི་སྤྱི་ཚོགས་ཁྲོད་མིག་དཔེ་གལ་ཆེན་བཞག་སོང་བར་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞུ་བ་ལགས། མཐའ་དོན་བོད་རྒྱལ་ལོ་བཅས།

    Reply
  3. affthin says:
    ལོ་ 14 སྔོན།

    འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། གནས་བྲིས་དེ་མཐོང་བས་དགའ་ཚོར་སྐྱེས། ང་ཚོར་ནམ་ཡང་རང་ཉིད་ཀྱི་ཕྱོགས་ལ་ཞེན་པ་ཆེར་འཛིན་གྱི་ཀུན་སྤྱོད་འཁྱོག་པོ་ཞིག་རང་ཆས་སུ་ཡོད་པས། གུ་ཡངས་དང་རང་དབང་གི་བར་ནས་བདེ་སྐྱིད་དང་ཞི་བདེའི་འཚོ་བ་ཡང་བརླག་པར་བྱེད། དེ་ནི་རྣམ་དཔྱོད་ཡོད་པའི་མི་ཞིག་འཇིག་རྟེན་དུ་འཚོ་བའི་དོན་སྙིང་གང་ཡང་མིན་པ་རེད། ལྷག་པར་དུ་སྟོབས་ཤུགས་སོགས་གང་ཡང་མེད་པའི་མི་རིགས་ཤིག་གི་འཐབ་རྩོད་ལ་མཁོ་བའི་ལག་ཆ་ཞིག་ཀྱང་གཏན་ནས་མིན། དེ་བས་ངས་བསམ་ཚུལ་འདི་འཆང་བའི་རང་མི་རིགས་ཀྱི་ཤེས་ལྡན་པ་དང་ཤེས་རློམ་པ་ཡོངས་ལ་མཐེ་བོང་ཀེར་བཞིན་ཞུ་བ་ཞིག་བྱ་རྒྱུ་ཡིན། འཐབ་རྩོད་པ་ཞིག་གི་འཐབ་རྩོད་ཀྱི་རྣམ་པ། ད་དུང་རང་དབང་དང་སྙིང་སྟོབས་བཅས་ལ་རྒྱུ་མཚན་ཤེས་པའི་ཐོག་གདེང་འཇོག་དང་གུ་ཡངས་ཤིག་གནང་རོགས་ཀྱང་ཟེར་འདོད་བྱུང་།

    དེ་རིང་ཞོགས་པ་ཨེ་ཤེའི་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་སྒྲིག་ལས་ཚན་ཞིག་ལ་ཉན་པས། ལས་ཚན་ཕྱོགས་སྒྲིག་བྱེད་མཁན་ཚུད་པའི་བོད་མི་ཁག་ཅིག་གི་བསམ་ཚུལ་ལ་ཡིད་སྐྱོ་ཐང་ཆད་བཞིན་ཚོར་སྣང་སྟོན་འདོད་པ་ཙམ་ཡིན།

    Reply
  4. mekor says:
    ལོ་ 14 སྔོན།

    རྒྱ་མིའི་རྒྱུགས་ཁྱིའི་བཙོན་འོག་ཏུ་ཚུད་པའི་དྲ་གྲོགས་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གནས་ཚུལ་ཁག་འདི་ལྟར་གོ་དུས་དངོས་དགའ་བོ་བྱུང་་་་་་ཉིད་ཀྱིས་ཟླ་བ་གསུམ་ཟིན་གྲབས་བར་དུ་བོད་མི་རིགས་ཀྱི་ཆེད་དུ་དཀའ་ངལ་འདི་འདྲ་ཞིག་བརྒྱབས་པས་ང་ཚོས་ཁྱོད་ལ་ཡི་རང་དང་བསྔགས་བརྗེད་བྱེད་ལོས་འོས་་་་་ཅི་ལྟར་བཤད་ཀྱང་ལས་འགུལ་འདི་ལ་མཚམས་ཤིག་ཡོད་དགོས་པས་རང་ཉིད་ཀྱིས་རང་ཉིད་ལ་བསམ་བློ་ཞིག་བཏང་ནས་རྒྱ་མིའི་ལག་འོག་ཏུ་མ་ཚུད་པ་ཞིག་བྱ་རྒྱུའི་རེ་བ་ཡོད་པས་རེ་བ་ཆུང་ཆུང་འདི་ཐུགས་ལ་འཇགས་པར་འཚལ།

    Reply
  5. kkunsang@yahoo.com says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། ང་ཚོས་སྐུ་ཉིད་ལ་བར་ཆད་མ་ཡོང་བའི་སྨོན་ལམ་འདེབས་ཀྱིན་ཡོད།

    Reply
  6. ngawa_palden says:
    ལོ་ 14 སྔོན།

    རྡོར་ཚེ་བརྟན་ལགས། ངོ་མ་ཉིད་ཀྱིས་རྩོམ་ཐུང་འདི་མཐོང་ནས་སེམས་པ་ཧ་ཅང་སྐྱོ་བྱུང་། ཡིན་ནའང་། ཉིད་ཀྱི་འགྱུར་མེད་དམ་བཅའ་བརྟན་པོ་འདི་ལ་རྗེས་སུ་ཡི་རངས་བྱེད་ཀྱི་རེད།

    Reply
  7. amdowa58 says:
    ལོ་ 14 སྔོན།

    ཁྱོད་ཀྱི་གནས་ཚུལ་གོ་སོང་། ཨ་རི་བ་དེ་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese